རྩོམ་བསྡུའི་བརྡ་སྦྱོར།

རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-24 16:46:29 ཀློག་གྲངས།:
རྩོམ་བསྡུའི་བརྡ་སྦྱོར།

        མཚོ་སྔོན་པོ་དྲྭ་བ་ནི་སྤྱི་ལོ༢༠༠༧ལོའི་ཟླ༡༡པའི་ཚེས༢༨ཉིན་དངོས་སུ་ཤར་གཏོང་བྱས་པ་ནས་ད་ལྟའི་བར་མི་ལོ་བཅོ་ལྔ་ལྷག་འགོར་ཟིན་ལ། བོད་ཡིག་དང་རྒྱ་ཡིག་གཉིས་ཀྱི་ལམ་ནས་བསྒྲུབས་པའི་ཕྱོགས་བསྡུར་རང་བཞིན་གྱི་རིག་གནས་དྲུ་ཚིགས་ཤིག་ཡིན། ལོ་ངོ་འདི་དག་གི་རིང་ལ་སྲིད་དོན་ཁྱབ་བསྒྲགས་དང་ཆེད་བསྒྲིགས་ལེ་ཚན་སྒྲིག་བཀོད་སོགས་བོད་ཁུལ་གྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཐད་ནུས་པ་བླ་ལྷག་བཏོན་ཡོད།
        གནམ་ལོ་གསར་པ་ཚེས་ལ་ཉེ་བའི་དུས་འདིར། ངེད་དྲྭ་བས་དུས་དང་རྣམ་པ་ཀུན་ཏུ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ལོ་སར་གྱི་ལེགས་སྐྱེས་དང་སྨོན་འདུན་མཚོན་བྱེད་དུ། ལོ་གསར་བ་དང་འབྲེལ་བའི་རྩོམ་ཡིག་ཆེད་བསྒྲིགས་ཤིག་སྤེལ་རྩིས་ཡོད་པས། ཐུགས་མོས་ཡོད་པའི་རྩོམ་མཁན་ཀུན་གྱིས་རང་གི་སྙུག་རྩེ་ལས་སྨིན་པའི་རྩོམ་ཡིག་གི་འབྲེལ་འཇོག་རེ་གནང་བར་མཁྱེན།
ཐུགས་གནང་བྱེད་དགོས་ས།
    ༡ ཆབ་སྲིད་དང་འགལ་བའི་ནང་དོན་བསྐུར་མི་ཆོག
    ༢ གནམ་ལོ་གསར་བའི་སྨོན་ཚིག་དང་སེམས་འདུན་མཚོན་པ་སོགས།
    ༣ རྩོམ་ལུས་ལ་ཚད་བཀག་མེད།
    ༤ རྩོམ་བསྡུའི་དུས་ཚོད་ནི། དེ་རིང་ནས་ཟླ་འདིའི་ཚེས༢༧བར་ཡིན།
    ༥ རྩོམ་བསྐུར་ཡུལ། amdotibet@163.com
           
འདི་གའི་རྩོམ་སྒྲིག་པས།
༢༠༢༢ལོའི་སྤྱི་ཟླ༡ཚེས༢༤ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།