ཁྱེད་རང་དང་འབྲེལ་བ་དམ་པོ་ཡོད་པའི༢༠༢༢ལོའི་གཏན་ཁེལ་གསར་པ་འགའ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-01-11 15:52:00
ཀློག་གྲངས།:
༢༠༢༢ལོ་སླེབས་པ་དང་བསྟུན་ནས། གཏན་འཁེལ་གསར་པ་འགའ་ཡང་དངོས་སུ་ལག་བསྟར་བྱས་ལ། དེ་དག་ནི་སྨན་བཅོས་འགན་སྲུང་དང་སློབ་གསོ། རྒན་གསོ། ཕྱི་རོལ་དུ་འགྲོ་བ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད་པས། ང་ཚོ་མི་རེ་རེའི་འཚོ་བར་འབྲེལ་བ་དམ་པོ་ཡོད།
༡ རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་གསར་པ་བཀོལ་སྤྱོད་བྱས་པས་སྨན་རྫས་ཁ་ཤས་ཀྱི་རིན་གོང་མར་བབས་པ།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་མིག་སྔར༢༠༢༡ལོའི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཁྲོད་ཀྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱས་པའི་མཇུག་འབྲས་ཁྱབ་སྒྲོག་བྱས་ཤིང་། ལེགས་སྒྲིག་བྱས་རྗེས་བསྡོམས་པས་སྨན་རྫས་གསར་པ༧༤དཀར་ཆག་ནང་ཚུད་ཡོད། དེའི་ཁྲོད་གྲོས་མོལ་བྱས་ནས་ནང་དུ་བཅུག་པའི་སྒེར་དབང་སྨན་རྫས༦༧དང་ཐད་ཀར་ནང་དུ་བཅུག་པའི་སྒེར་དབང་མ་ཡིན་པའི་སྨན་རྫས༧འདུས་ཤིང་། སྨན་རྫས༡༡དཀར་ཆག་ལས་ཕྱིར་འཐེན་བྱས་པ་རེད། རྒྱལ་ཁབ་སྨན་བཅོས་འགན་སྲུང་གི་སྨན་རྫས་དཀར་ཆག་ནང་ཚུད་པའི་སྨན་རྫས༢༨༦༠ཡོད་ལ། ༢༠༢༢ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་བཀོལ་སྤྱོད་བྱས་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན། དཀར་ཆག་ཕུད་པའི་གསར་སྣོན་སྨན་རྫས༧༤ཡོད་པ་དེ་ནད་ཐོག་ཚན་ཆུང༢༡དང་འབྲེལ་ཡོད་པ་དང་། དེའི་ནང་དུ་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུ། ཁྲག་ཚིལ་མཐོ་བ། སྨྱོ་ནད་སོགས་དལ་གཤིས་ནད་རིགས་ཀྱི་སྨན་རྫས༢༠དང་། སྐྲན་ནད་ཀྱི་སྨན་རྫས༡༨། མཆིན་ཚད་ག་པ་དང་ཨེ་ཙི་ནད་སོགས་ཀྱི་རེད་འགོག་སྨན་རྫས༡༥། མཐོང་དཀོན་ནད་རིགས་ཀྱི་སྨན་རྫས༧། པྲོག་གསར་གློ་ཚད་ཀྱི་སྨན་རྫས༢། ཁྱབ་ཁོངས་གཞན་པའི་སྨན་རྫས༡༢བཅས་ཡོད་པས། ནད་པ་ལ་ཁེ་ཕན་ཐོབ་པའི་ཚད་ཧ་ཅང་རྒྱ་ཆེ་བ་རེད།
དེ་ལས་གཞན་ད་རུང་མཐོང་དཀོན་པའི་ནད་རིགས་ཀྱི་སྨན་རྫས༧སྨན་བཅོས་འགན་སྲུང་སྨན་རྫས་ཀྱི་དཀར་ཆག་ནང་དུ་བཞག་པ་སྟེ། དཔེར་ན་སྨན་ཁབ་གཅིག་ལ་སྒོར་ཁྲི༧༠ཡིན་པའི་རྒྱུངས་པའི་ཤ་གྲིམ་རྙིད་འཁུམ་ནད་གསོ་བཅོས་བྱེད་པའི་རིན་གོང་མཐོ་བའི་སྨན་སྣ་གྲགས་ཅན་ནོ་ཞི་ན་ཧྲིན་ནཱ(诺西那生纳)གྲོས་མོལ་བྱས་པ་བརྒྱུད་དེ། རིན་གོང་ཚད་མཐོན་པོས་ཇེ་དམའ་རུ་བཏང་བས། ནད་པ་མང་པོ་ཞིག་གིས་ཐེག་ཐུབ་པའི་ཁྱབ་ཁོངས་སུ་ཐོན་ཡོད་པ་ལྟ་བུའོ། །
༢ ལོ་མཇུག་བྱ་དགའ་ཡི་ཁྲལ་བསྡུ་སྟངས་ལ་འགྱུར་ལྡོག་གསར་པ་བྱུང་བ།
༢༠༢༢ལོ་ནས་བཟུང་། ལོ་མཇུག་གི་བྱ་དགའི་ཁྲལ་བསྡུ་སྟངས་ལ་འགྱུར་ལྡོག་བྱུང་ཡོད། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་བཏང་བའི་བརྡ་སྦྱོར་ལྟར་ན། གཞིས་དམངས་ལ་སྟེར་ཐེངས་གཅིག་གིས་ལོ་ཧྲིལ་པོའི་བྱ་དགའ་སྟེར་སྐབས། འབྲེལ་ཡོད་གཏན་འཁེལ་དང་མཐུན་ན། ༢༠༢༡ལོའི་ཟླ༡༢པའི་ཚེས༣༡ཉིན་གྱི་སྔོན་ལ། ལོ་དེའི་ཕྱོགས་བསྡུས་ཐོབ་ཆའི་ནང་དུ་མི་འཇོག་པར། ལོ་ཧྲིལ་པོའི་སྟེར་ཐེངས་གཅིག་གི་བྱ་དགའི་ཡོང་སྒོ་ཟླ༡༢ལ་བགོས་པའི་ཐོབ་གྲངས་དེ་ཟླ་རེ་རེར་ཕབ་རྩིས་བྱས་རྗེས་ཀྱི་ཕྱོགས་བསྡུས་ཁྲལ་ཚད་རེའུ་མིག་ལྟར། སྤྱད་འཐུས་ཁྲལ་ཚད་དང་མྱུར་རྩིས་འཐེན་གྲངས་ཐག་གཅོད་བྱས་ཏེ། ཁེར་རྐྱང་གིས་རྩིས་བརྒྱབ་སྟེ་དཔྱ་ཁྲལ་བསྡུ་རྒྱུ་དང་། ༢༠༢༢ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་། གཞིས་དམངས་སྒེར་ལ་ཐོབ་པའི་སྟེར་ཐེངས་གཅིག་གིས་སྟེར་གྱིན་པའི་ལོ་ཧྲིལ་པོའི་བྱ་དགའ་དེ། ལོ་དེའི་ཕྱོགས་བསྡུས་ཐོབ་ཆའི་ནང་དུ་བཞག་ནས་སྒེར་འབབ་དཔྱ་ཁྲལ་བསྡུ་རྒྱུ་རེད།
༣ མཐོ་འབྲིང་དཀྱུས་མར༢༠༢༢ལོའི་སྔོན་ལ་སློབ་ཚན་གསར་པ་ལག་བསྟར་དང་སློབ་དེབ་གསར་པ་བཀོལ་སྤྱོད་བྱས་པ།
སློབ་གསོ་པུའུ་ཡིས་ཉེ་སྔོན་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་མཐོ་འབྲིང་དཀྱུས་མའི་སློབ་ཚན་ཇུས་འགོད་དང་སློབ་ཚན་ཚད་གཞི་ལ་བཟོ་བཅོས་བྱས་པར་མ་ཟད། ༢༠༢༢ལོའི་སྔོན་ལ་བཀོལ་སྤྱོད་བྱས་པ་རེད།
རྒྱུས་ལོན་པ་ལྟར་ན། མཐོ་འབྲིང་སློབ་མའི་སློབ་སྦྱོང་གི་དགོས་མཁོ་སྣ་མང་ཅན་དང་མཐོ་རྒྱུགས་ཀྱི་བླང་བྱར་བསམ་གཞིགས་བཏང་སྟེ། སློབ་ཚན་གསར་པ་དང་སློབ་དེབ་གསར་པའི་ནང་སློབ་ཚན་གྱི་གདམ་གསེས་རང་བཞིན་འོས་འཚམ་གྱིས་ཁ་སྣོན་བྱས་ནས། འཕེལ་རྒྱས་ཀྱི་ཁ་ཕྱོགས་མི་འདྲ་བའི་སློབ་མར་གདམ་གསེས་བྱེད་ཆོག་པའི་སློབ་ཚན་མཁོ་འདོན་བྱས་ཡོད། སློབ་ཚན་གསར་པས་སྐད་ཡིག་སོགས་རིགས་ཚན༡༧གྱི་སློབ་ཚན་ཚད་གཞི་ལ་བྱེ་བྲག་ཏུ་བཟོ་བཅོས་བརྒྱབ་པ་དང་། འཇར་མན་གྱི་ཡི་གེ་དང་ཧྥ་རན་སིའི་ཡི་གེ། སི་ཕེན་གྱི་ཡི་གེ་བཅས་ལ་སློབ་ཚན་གྱི་ཚད་གཞི་བཟོས་པས། བསྡོམས་པས་སློབ་ཚན་གྱི་ཚད་གཞི༢༠རུ་བཏང་བ་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་སློབ་ཚན་ཚད་གཞི་ཡིས་སློབ་སྦྱོང་གི་སྤུས་ཀ་ནི་སློབ་མ་ཕྱོགས་སོ་སོ་ནས་འཕེལ་རྒྱས་གཏོང་བའི་ཕྱོགས་བསྡུས་ཞིབ་བསྡུར་ཡིན་པ་གསལ་པོར་བསྟན་ཡོད་པ་དང་། དུས་མཚུངས་སུ་དགེ་རྒན་གྱིས་སློབ་ཁྲིད་ཀྱི་བླང་བྱ་སྔར་ལས་ཁོང་དུ་ཆུད་པ་བྱས་ཏེ། བབ་བསྟུན་སློབ་ཁྲིད་བྱེད་པར་རོགས་རམ་བྱས་ཡོད།
༤ རང་རྒྱལ་གྱིས་ནང་འདྲེན་ཚོང་རྫས༩༥༤ཡི་སྒོ་ཁྲལ་ཇེ་དམའ་རུ་བཏང་བ།
༢༠༢༢ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་། རང་རྒྱལ་གྱིས་ཚོང་རྫས༩༥༤ལ་གཟིགས་སྐྱོང་ཆེས་ཆེ་བའི་རྒྱལ་ཁབ་ཀྱི་ཁྲལ་ཚད་ལས་དམའ་བའི་ནང་འདྲེན་སྐབས་སྤྱོད་ཁྲལ་ཚད་ལག་བསྟར་བྱས་ཡོད།
གཅིག་ནི་ནད་པའི་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་དུ་བཏང་ནས། མི་དམངས་བདེ་ཐང་ཡོང་ཚད་བསྟུད་མར་ཇེ་མཐོར་གཏོང་ཆེད། འབྲས་ནད་འགོག་པའི་སྨན་རྫས་ལ་སྒོ་ཁྲལ་གཅིག་ཀྱང་མི་བསྡུ་བ་དང་། མགོ་ནང་འདེགས་སྒྲོམ(颅内支架)དང་མིས་བཟོས་རུས་ཚིགས་སོགས་ཀྱི་སྨན་བཅོས་ཐོན་རྫས་ཁ་ཤས་ཀྱི་སྒོ་ཁྲལ་ཇེ་དམའ་རུ་བཏང་ཡོད།
གཉིས་ནི་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་དགོས་མཁོ་སྐོང་བ་དང་། འཛད་སྤྱོད་ཀྱི་རིམ་པ་སྤར་བའི་འཕེལ་ཕྱོགས་དང་བསྟུན་པ། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྣང་ཚུལ་སྟུག་པོ་སྐྲུན་པ་བཅས་ཀྱི་ཆེད་དུ། འཛད་སྤྱོད་དངོས་པོ་ཁ་ཤས་ཀྱི་ནང་འདྲེན་སྒོ་ཁྲལ་ཇེ་དམའ་རུ་བཏང་ཡོད།
གསུམ་ནི་རིག་གནས་འཛད་སྤྱོད་ཀྱི་དགོས་མཁོ་བསྐང་ཆེད། ལོ་ངོ༡༠༠ལས་བརྒལ་བའི་སྣུམ་ཚོན་རི་མོ་སོགས་སྒྱུ་རྩལ་ཐོན་རྫས་ལ་སྒོ་ཁྲལ་མི་བསྡུ་བ་བྱས་ཡོད།
བཞི་ནི་ཁོར་ཡུག་ལེགས་བཅོས་བྱས་ཏེ་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རླངས་འཁོར་གྱི་འབར་སྣུམ་ལས་ཕྱོད་ཇེ་མཐོ་དང་མཇུག་རླངས་ཕུད་ཚད་ཇེ་ཉུང་དུ་གཏོང་བའི་འཕྲུལ་ཆས་དང་། ས་ཞིང་ཉམས་གསོ་བྱེད་པའི་འདམ་སོལ་སོགས་ཀྱི་སྒོ་ཁྲལ་ཇེ་དམའ་རུ་བཏང་ཡོད།
ལྔ་ནི་བཟོ་སྐྲུན་ལས་རིགས་ལེགས་བསྒྱུར་རིམ་སྤར་ཡོང་བར་རམ་འདེགས་བྱེད་ཆེད། ཤུགས་འགྲེམས་མེ་འཁོར་སྟེང་གི་མཐོ་གནོན་གློག་ཐག་དང་འབར་རྫས་གློག་སྨན་གྱི་གློག་སྣེའི་ལྷུ་ལག་སོགས་ལ་ནང་འདྲེན་སྒོ་ཁྲལ་མི་བསྡུ་བ་བྱས་ཡོད།
དྲུག་ནི་རྒྱལ་ནང་དུ་དཀོན་པའི་ལྕགས་གཏེར་སེར་པོ་སོགས་ཐོན་ཁུངས་ཐོན་རྫས་ཀྱི་ནང་འདྲེན་ལ་སྒོ་ཁྲལ་ཇེ་ཉུང་དུ་བཏང་ཡོད།
༥ རླངས་འཁོར་གསར་པར“འགན་སྲུང་གསུམ་གྱི་སྲིད་ཇུས”ལག་བསྟར་བྱས་ཏེ་བཙན་ཤུགས་ཀྱིས“སྒམ་ཆུང་ནག་པོ”སྒྲིག་སྦྱོར་བྱས་པ།
ན་ནིང་གི་ཟླ༧པར། རྒྱལ་ཁབ་ཚོང་ཁྲོམ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བཀའ་རྒྱ་ཨང༤༣པ་ཁྱབ་བསྒྲགས་བྱས་ནས། «ཁྱིམ་སྤྱོད་རླངས་འཁོར་གྱི་ཐོན་རྫས་ཞིག་གསོ་དང་བརྗེ་སྤོར་དང་ཕྱིར་སློག་བཅས་བྱེད་པའི་ཐད་ཀྱི་འགན་འཁྲིའི་གཏན་འཁེལ»བཏོན་པ་དང་། དེའི་མིང་ལ“འགན་སྲུང་གསུམ་གྱི་སྲིད་ཇུས”ཟེར་ཞིང་།སྲིད་ཇུས་གསར་པ་དེ༢༠༢༢ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་ལག་ཏུ་བསྟར་ཡོད།
གཅིག ལོ་ཡུན་གནད་དོན་གསལ་པོ་བྱས་པ། ༢༠༢༢ལོ་ནས་བཟུང་། “འགན་སྲུང་གསུམ”གྱི་སྲིད་ཇུས་ལོ་ཡུན་ནི་རླངས་འཁོར་སྤྲད་པའི་ཉི་མ་ནས་བཟུང་བརྩི་བ་ལས། སྔོན་ཆད་ཀྱི་འཛིན་ཡིག་བྲིས་པའི་ཉི་མ་དང་ཡང་ན་བྱང་བུ་བཀལ་བའི་ཉི་མ་སོགས་གསལ་པོ་མིན་པའི་ཉི་མ་དེ་དག་ལྟར་མི་བརྩི་བས། རླངས་འཁོར་སྤྲོད་པར་འགོར་འགྱངས་ཐེབས་པའི་དབང་གིས་བྱུང་བའི་རྩོད་གཞི་དེ་དག་ལ་གཡོལ་ཅི་ཐུབ་བྱས་ཡོད།
གཉིས། ཁྱིམ་སྤྱོད་རླངས་འཁོར་གྱི“འགན་སྲུང་གསུམ”གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ། སྒུལ་ཤུགས་གློག་གསོག་དང་སྒུལ་ཤུགས་གློག་འཁོར་སོགས་ལྷུ་ལག་གལ་ཆེན་གྱི་ནང་དུ་བཞག་ཡོད་ལ། དེས་ནུས་ཁུངས་གསར་པའི་རླངས་འཁོར་གྱི་སྤུས་ཀའི་གནད་དོན་ཡང“ཉིན༧ནང་ཕྱིར་སློག”བྱེད་ཆོག་པའི་གཏན་འཁེལ་ནང་འཇོག་འཚམ་པ་མཚོན་ཡོད།
གསུམ། ཚོང་གཉེར་མཁན་ལ་གཟབ་ནན་གྱི་བླང་བྱ་སྔར་ལས་མང་པོ་བཏོན་པ། ཁྱིམ་སྤྱོད་རླངས་འཁོར་ལ“འགན་སྲུང་གསུམ”གྱི་གོ་ཆོད་དུས་ཡུན་ནས་བརྩིས་པའི་ཉིན༧གྱི་ནང་། སྤུས་ཀའི་གནད་དོན་བྱུང་ནས་སྒུལ་བྱེད་འཕྲུལ་འཁོར་དང་མགྱོགས་ཚད་སྒྱུར་ཆས། སྒུལ་ཤུགས་གློག་གསོག སྒུལ་ཤུགས་གློག་འཁོར་སོགས་ལྷུ་ལག་གལ་ཆེན་བརྗེ་སྤོར་བྱེད་དགོས་ན། ཕྱིར་འཚོང་མཁན་གྱིས་འཛད་སྤྱོད་པའི་གདམ་གསེས་ལྟར་རིན་མི་ལེན་པར་རླངས་འཁོར་བརྗེ་བ་དང་ཡང་ན་ཕྱིར་སློག་བྱེད་དགོས།
དེ་དང་མཉམ་དུ། “འགན་སྲུང་གསུམ”གྱི་གོ་ཆོད་དུས་ཡུན་ནང་སྤུས་ཀའི་གནད་དོན་སྣ་གཅིག་གི་དབང་གིས་ཞིག་གསོ་ཐེངས༥ཡན་ལ་བྱས་པ་དང་ཡང་ན་རླངས་འཁོར་ཧྲིལ་པོ་ཞིག་གསོ་བྱེད་པའི་དུས་ཡུན་ཉིན༣༥ལས་བརྒལ་ན་རླངས་འཁོར་བརྗེ་བའི་ཚད་བཅད་ཆ་རྐྱེན་ཐེངས༤དང་ཉི་མ༣༠ལ་ཇེ་ཉུང་དུ་བཏང་ཡོད།
དེ་ལས་གཞན་ད་རུང་། «འཕྲུལ་སྒུལ་འཁོར་ལོའི་འཁོར་སྐྱོད་བདེ་འཇགས་ལག་རྩལ་ཆ་རྐྱེན»གྱི་རྒྱལ་ཁབ་ཚད་གཞི་ཨང༢པ་བཟོ་བཅོས་བྱས་རྗེས་འགྲེམ་སྤེལ་བྱས་ཏེ། ༢༠༢༢ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་། གསར་དུ་བཟོ་སྐྲུན་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་ལ“རླངས་འཁོར་གྱི་སྒམ་ཆུང་ནག་པོ(汽车黑匣子)”EDRམ་ལག་སྒྲིག་སྦྱོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྒྱུས་ལོན་པ་ལྟར་ན། སྒྲིག་ཆས་དེས་རླངས་འཁོར་འགྲོ་སྐྱོད་བྱེད་པའི་གོ་རིམ་ཁྲོད་ཀྱི་གནས་ཚུལ་ཡོད་ཚད་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ཟིན་ཐོར་འགོད་པས། རླངས་འཁོར་གྱི་བགྲོད་རིམ་ཡོངས་རྫོགས་ཟིན་ཐོར་འགོད་ཐུབ་པར་མ་ཟད་ཆེད་སྤྱོད་མཉེན་ཆས་སྤྱད་དེ་གློག་ཀླད་སྟེང་ཡང་བསྐྱར་འཆར་དུ་འཇུག་ཐུབ་པ་རེད།
༦ རྒྱལ་ཁབ་རྒན་གསོ་ཞབས་ཞུ་ཁྱབ་ཁོངས་ཀྱིས་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་པོ་ལག་བསྟར་བྱས་པ།
«རྒན་གསོ་ལས་ཁུངས་ཀྱི་ཞབས་ཞུ་བདེ་འཇགས་ཐད་ཀྱི་གཞི་རྩའི་ཚད་གཞི» ༢༠༢༢ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་དང་། དེ་ནི་རང་རྒྱལ་གྱི་རྒན་གསོ་ཞབས་ཞུའི་ཁྱབ་ཁོངས་ཀྱི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི་ཨང་དང་པོ་ཡིན་ལ། རྒན་གསོ་ཞབས་ཞུ་སྤུས་ཀའི་ཐད་ཀྱི་ཚད་མཐའི་བླང་བྱའང་ཡིན།
ཚད་གཞི་དེའི་ནང་དུ།རྒན་གསོ་ལས་ཁུངས་རྣམས་མེ་འགོག་དང་འཕྲོད་བསྟེན་བདེ་ཐང་། ཁོར་ཡུག་སྲུང་སྐྱོབ། ཟས་རིགས་དང་སྨན་རྫས། ཨར་ལས། སྒྲིག་བཀོད་སྒྲིག་ཆས་སོགས་ཚད་གཞིའི་ཁྲོད་ཀྱི་བཙན་ཤེད་རང་བཞིན་གྱི་གཏན་འཁེལ་དང་བླང་བྱར་མཐུན་དགོས་པར་མ་ཟད། རྒན་གསོ་ནད་གཡོག་པར་གསོ་སྦྱོང་བྱེད་པ་དང་། ཉིན་མཚན་དབྱེ་སྟེ་སྐོར་ཞིབ་བྱེད་པ། ལས་རེས་བསྐོར་བ་སོགས་ཀྱི་ལམ་ལུགས་འཛུགས་པ་སོགས་ཀྱི་རྨང་གཞིའི་རང་བཞིན་གྱི་བྱ་བར་བླང་བྱ་བཏོན་ཡོད།
ཚད་གཞི་དེའི་ནང་དུ་ད་རུང་རྒན་པ་རྣམས་རྒན་གསོ་ཁང་དུ་མ་བསྡད་པའི་སྔོན་ལ་ཞབས་ཞུའི་བདེ་འཇགས་ཐད་ཀྱི་ཉེན་ཁར་དཔྱད་དཔོག་བྱས་ཏེ། ཞབས་ཞུའི་བདེ་འཇགས་ཉེན་ཁའི་དཔྱད་དཔོག་གི་ཁྱབ་ཁོངས་ནང་ཟས་རིགས་དང་སྨན་རྫས་འཐུང་ནོར་ཤོར་བ་དང་རྨ་གནོན་ཐེབས་པ། འཚིག་རྨས་བྱུང་བ། མལ་ཁྲི་ལས་ལྷུང་བ། ཐང་ལ་འགྱེལ་བ། མི་གཞན་དང་ཡང་ན་རང་ཉིད་ཀྱིས་རང་ཉིད་ལ་རྨས་སྐྱོན་བཟོས་པ། བོར་བ། རོལ་རྩེད་བྱ་འགུལ་ལ་ཞུགས་སྐབས་རྨས་སྐྱོན་ཕོག་པ་སོགས་ཀྱི་ནང་དོན༩གསལ་པོར་བཏོན་ཡོད།
༧ ཚོང་རྟགས་ལ་དོ་དམ་ནན་མོ་བྱེད་པའི་ཤེས་བྱའི་བདག་དབང་ཐད་གཏན་འཁེལ་གསར་པ་བཏོན་པ།
རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཟླ༡༢པའི་ཚེས༡༣ཉིན«ཚོང་རྟགས་ཐད་ཀྱི་སྤྱིར་བཏང་ཁྲིམས་འགལ་བརྡར་ཤ་གཅོད་པའི་ཚད་གཞི»བཏོན་པ་དང་། ཚད་གཞི་དེ༢༠༢༢ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་ལག་བསྟར་བྱས་པ་རེད།
«ཚོང་རྟགས་ཐད་ཀྱི་སྤྱིར་བཏང་ཁྲིམས་འགལ་བརྡར་ཤ་གཅོད་པའི་ཚད་གཞི»ནང་ཚོང་རྟགས་ལ་དོ་དམ་བྱེད་པའི་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད་གཅིག་གྱུར་བརྡར་གཅོད་བྱེད་པའི་ཚད་གཞི་འདོན་སྤྲོད་བྱས་པ་དང་། ཚོང་རྟགས་ཁྲིམས་སྐྱོང་སྡེ་ཁག་ལ་ཁ་གཏད་རང་བཞིན་དྲག་པོ་ལྡན་པའི་ཁྲིད་སྟོན་འདོན་སྤྲོད་བྱས་ཤིང་། ཚོང་རའི་གཙོ་གཞིའི་བདག་གཉེར་ལ་གསལ་ཆ་ཆེ་ཞིང་སྔོན་མཐོང་རང་བཞིན་དྲག་པོ་ལྡན་པའི་ཚོང་རྟགས་དོ་དམ་ཚད་གཞི་འདོན་སྤྲོད་བྱས་ཡོད།
«ཚད་གཞི»ལ་བསྡོམས་པས་དོན་ཚན་སུམ་ཅུ་སོ་ལྔ་ཡོད་པ་དང་། ཚོང་རྟགས་ཐད་ཀྱི་ད་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྡེ་ཁག་གི་སྒྲིག་སྲོལ་དང་གཏན་འཁེལ་ནང་ངེས་པར་དུ་ཐོ་འགོད་བྱས་པའི་ཚོང་རྟགས་བཀོལ་དགོས་པ་བསྟན་ཡོད་བཞིན་དུ་མི་བཀོལ་བ་དང་། ཚོང་རྟགས་སུ་བཀོལ་མི་ཆོག་པའི་མཚོན་རྟགས་དེ་ཚོང་རྟགས་སུ་བཀོལ་བ། ཚོང་ལས་བྱ་འགུལ་ཁྲོད“ཚོང་རྟགས་གྲགས་ཅན”ཞེས་པའི་ཡི་གེ་འབྲི་བ། ཚོང་རྟགས་ཆོག་འགོད་མཁན་གྱིས་ཁྲིམས་ལྟར་རང་ཉིད་ཀྱི་མིང་དང་ཚོང་རྫས་ཀྱི་ཐོན་ཡུལ་སོགས་གསལ་པོར་བྲིས་མེད་པ། གང་འདོད་དུ་ཚོང་རྟགས་ཐོ་འགོད་དང་ཐོ་འགོད་མཁན་གྱི་མིང་དང་ས་གནས། ཡང་ན་ཐོ་འགོད་དོན་ཚན་གཞན་པ་སོགས་བསྒྱུར་བཅོས་བྱེད་པ། ཐོ་འགོད་མ་བྱས་པའི་ཚོང་རྟགས་དེ་ཐོ་འགོད་བྱས་ཟིན་པའི་ཚོང་རྟགས་སུ་བརྫུས་ནས་བཀོལ་སྤྱོད་བྱེད་པ། ཐུན་མོང་ཚོང་རྟགས་དང་ར་སྤྲོད་ཚོང་རྟགས་ཀྱི་དོ་དམ་འོས་འགན་མ་འཁུར་བ། ཚོང་རྟགས་དཔར་འགྲེམ་གྱི་དོ་དམ་འོས་འགན་མ་འཁུར་བ། བསམ་ངན་བཅངས་ནས་ཚོང་རྟགས་ཐོ་འགོད་བྱེད་པ་སོགས་ཚོང་རྟགས་དོ་དམ་གྱི་སྒྲིག་ལམ་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད༩གཏན་འཁེལ་གསལ་པོ་བྱས་ཡོད།
༨ མཛེས་འཆོས་བྱུག་རྫས་ཀྱི་ཐོན་སྐྱེད་བདག་གཉེར་དོ་དམ་ལ་ཁ་གཏད་པའི་སྡེ་ཁག་གི་སྒྲིག་སྲོལ་ཐོག་མ་ལག་ཏུ་བསྟར་བ།
རང་རྒྱལ་གྱི་མཛེས་འཆོས་བྱུག་རྫས་ཀྱི་ཐོན་སྐྱེད་བདག་གཉེར་དོ་དམ་ལ་ཆེད་དུ་ཁ་གཏད་པའི་སྡེ་ཁག་གི་སྒྲིག་སྲོལ་ཐོག་མ་སྟེ། «མཛེས་འཆོས་བྱུག་རྫས་ཀྱི་ཐོན་སྐྱེད་བདག་གཉེར་ལ་ལྟ་སྐུལ་དོ་དམ་བྱེད་ཐབས»༢༠༢༢ལོའི་ཟླ༡པའི་ཚེས༡ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས། «བྱེད་ཐབས»ནང་མཛེས་འཆོས་བྱུག་རྫས་ཀྱི་ཐོན་སྐྱེད་ཆོག་དབང་དང་ཐོན་སྐྱེད་དོ་དམ། བདག་གཉེར་དོ་དམ། ལྟ་སྐུལ་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཀྱི་ཕྱོགས་ནས་གཏན་འཁེལ་གསལ་པོ་བྱས་ཡོད། «བྱེད་ཐབས»ནང་ད་རུང་ལྟ་སྐུལ་དོ་དམ་ལམ་ལུགས་ཇེ་ཞིབ་དང་ལྟ་སྐུལ་དོ་དམ་བྱེད་སྟངས་གསར་སྐྲུན་བྱས་ཤིང་། ལྷུ་ཚིགས་གཙོ་བོ་དང་ཐོན་རྫས་གཙོ་བོ། ཁེ་ལས་གཙོ་བོ་སོགས་ཀྱི་ལྟ་སྐུལ་དོ་དམ་འབུར་དུ་ཐོན་པར་བྱས་ཏེ། «མཛེས་འཆོས་བྱུག་རྫས་ཀྱི་ལྟ་སྐུལ་དོ་དམ་སྲོལ་ཡིག»ནང་གི་མཛེས་འཆོས་བྱུག་རྫས་ཀྱི་ཐོན་སྐྱེད་བདག་གཉེར་ལྟ་སྐུལ་དོ་དམ་སྐོར་གྱི་གཏན་འཁེལ་སྣ་ཚོགས་དངོས་འབེབས་བྱེད་པ་དེ། «སྲོལ་ཡིག»གི་ཆ་སྡེབ་ཡིག་ཆ་གལ་ཆེན་ནང་གི་གཅིག་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།