འཛམ་གླིང་གི་ཆེས་རིང་བའི་ཚོན་ཁྲའི་ཁ་བཏགས་རིང་མོ་མཚོ་སྔོན་དུ་ཡོད།
རྩོམ་པ་པོ།:མི་གས
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲྭ་བ།
དུས་ཚོད།:2022-01-10 08:55:27
ཀློག་གྲངས།:
འཛམ་གླིང་སྟེང་གི་ཚོན་མདོག་རྣམ་པར་བཀྲ་བའི་ཁ་བཏགས་རིང་མོ་ང་ཚོ་མཚོ་སྔོན་དུ་ཡོད།

བོད་རིགས་བུད་མེད155ཡིས་རིང་ཚད་ལ་སྨི100དང་ཞེང་ཚད་ལ་སྨི0.99ཡོད་པའི་ཚོན་མདོག་རྣམ་པར་བཀྲ་བའི་ཁ་བཏགས་རིང་མོ་ཞིག་འཚེམ་དྲུབ་བྱས། ཉེ་ཆར། མཚོ་ཤར་གྲོང་ཁྱེར་བ་ཡན་ཧའེ་རིགས་རང་སྐྱོང་རྫོང་གསེར་གཞོང་བོད་རིགས་ཡུལ་ཚོ་བྲག་དཀར་རྒྱལ་སྡེ་བའི་སྡེ་མིས་འཚེམ་དྲུབ་བྱས་པའི“སྨི་བརྒྱའི་ཚོན་མདོག་རྣམ་པར་བཀྲ་བའི་ཁ་བཏགས”ཞེས་པ་དེWRCAའཛམ་གླིང་ཟིན་འགོད་ལས་སྟེགས“ཀྱིས་འཛམ་གླིང་སྟེང་གི་ཚོན་མདོག་རྣམ་པར་བཀྲ་བའི་ཁ་བཏགས་རིང་ཤོས་སུ་བདམས།

ཚོན་མདོག་སྣ་ལྔའི་ཁ་བཏགས་སྟེང་གི་འཚེམ་དྲུབ་ལ་སྐལ་བཟང་མེ་ཏོག་དམར་པོ100དང་སྔོན་པོ56ཡོད་པའི་ཁར་ནོར་བུ་རྩ་ཆེན་སྣ་ཚོགས་ཀྱིས་ཕྲ་བཏབ་ཡོད། ངོ་སྤྲོད་བྱས་པ་ལྟར་ན། སྨི་བརྒྱའི་ཚོན་མདོག་རྣམ་པར་བཀྲ་བའི་ཁ་བཏགས་དེ་ནི་བུད་མེད155ཡིས་ཟླ་གཉིས་ལྷག་ཙམ་རིང་ལ་འཚེམ་དྲུབ་བྱས་པ་ཞིག་ཡིན་ཞིང་། མེ་ཏོག་དམར་པོ100ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་མཚོན་པ་དང་། མེ་ཏོག་སྔོན་པོ56གིས་ཁྱིམ་ཚང་གཅིག་ལྟར་མཐུན་པའི་མི་རིགས56གི་བརྩེ་བ་ཟབ་མོ་དང་། མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་ཚོས་དཔུང་བ་མཉམ་གཤིབ་ངང་དཀའ་ངལ་ཁྱད་བསད་ཀྱིས་མདུན་དུ་བསྐྱོད་དེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་མཚོན་ཡོད།

བྲག་དཀར་རྒྱལ་སྡེ་བའི་ཧྲུའུ་ཅི་སྐལ་བཟང་གིས་བཤད་རྒྱུར། “དེ་ནི་ང་ཚོའི་སྡེ་བར་ཐོབ་པའི་བྱ་དགའ་ཆེན་པོ་དེ་ཡིན་ལ། འཛམ་གླིང་གི་ཟིན་ཐོ་བདེན་དཔང་ར་སྤྲོད་འཛིན་ཡིག་དེ་ཐོབ་པས། ཡུལ་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོར་བསྔགས་བརྗོད་ཆེན་པོ་ཐོབ་ནས། དགའ་བ་ཚད་མེད་སྐྱེས་ཡོད་ཟེར།

གསེར་གཞོང་བོད་རིགས་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཧྲི་ཅིན་གྱིས་བཤད་རྒྱུར། སླད་ཕྱིན། དེ་གོ་སྐབས་སུ་བྱས་ནས་གནའ་ཤུལ་གནས་མཆོག་དང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་སོགས་ཁྱད་ལྡན་རིག་གནས་ལས་གཞི་འདེགས་སྐྱོར་དུ་བྱས་ཏེ། རང་ངོས་ཀྱི་ལོ་རྒྱུས་རིག་གནས་ལེགས་ཆ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསེར་གཞོང་ཡུལ་གྱི་ཐུན་མིན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། རིག་གནས་དབུལ་སྐྱོར་གྱི་ཐབས་ལམ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྲུབ་འབྲས་སྲ་བརྟན་དུ་གཏང་རྒྱུ་ཡིན་ཟེར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།