ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅། །ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་མཛེས་སྡུག་གི་ཁ་དོག་མངོན།
༄༅། །ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་མཛེས་སྡུག་གི་ཁ་དོག་མངོན།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-01-06 08:48:58
ཀློག་གྲངས།:
བརྩེ་བ་དངོས་དང་ལག་ལེན་དངོས་ལས་རོགས་སྐྱོར་དངོས་བྱེད་པ་ནི་ཀྲེ་ཅང་གི་རོགས་སྐྱོར་ལས་བྱེད་པ་མཚོ་སྔོན་མཚོ་ནུབ་ཏུ་ཡོང་ནས་བྱ་བ་ལས་རྗེས་ཀྱི་དངོས་བྲིས་རི་མོ་ཡིན། ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་ངོ་བཅུའི་རིང་ལ། སྔ་གཞུག་ཏུ་རོགས་སྐྱོར་ལས་བྱེད་པ་སྐོར་ཁག་བཞི་ཡིས་མཚོ་ནུབ་ཏུ་སྲིད་ཇུས་དང་དངུལ་རྩ། ཐོན་ལས། རིག་ནུས་སོགས་ཀྱི་ཕྱོགས་ནས་རོགས་སྐྱོར་མཛུབ་སྟོན་བྱས་ལ། ཐེམ་ཆེན་རྫོང་ལ་མཚོན་ན་ཀྲེ་ཅང་རོགས་སྐྱོར་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྒུལ་ཤུགས་བསྣན་ཏེ། མཐོ་སྒང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་མཛེས་སྡུག་གི་ཁ་དོག་བསྣན།

ཐེམ་ཆེན་རྫོང་གི་རིགས་སོ་སོའི་མང་ཚོགས་ལ་མཚོན་ན་ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་གྲུབ་འབྲས་དངོས་ལ་རོལ་མྱོང་བྱེད་ཐུབ་པ་ནི་ལག་པས་རེག་རྒྱུ་ཡོད་ལ་མིག་གིས་མཐོང་རྒྱུ་ཡོད་པར་གྱུར་ཡོད། སྤྱི་ལོ2019ལོའི་ཟླ4པར། མདོ་དབུས་ལྕགས་ལམ་གྱི་བཀའ་འགྱུར་ཕུག་ལམ་གསར་བ་ཤར་གཏོང་བྱས་རྗེས། ཐེམ་ཆེན་རྫོང་གི་དེ་སྔོན་གྱི་མེ་འཁོར་འབབ་ཚུགས་གནས་སྤོར་བྱེད་དགོས་བྱུང་བ་ཟད། རྙིང་ཚབ་གསར་སྐྲུན་བྱེད་དགོས་པར་བརྟེན། ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་སྣེ་ཁྲིད་འོག མ་དངུལ་སྒོར་ས་ཡ་བཞི་བརྩོན་ལེན་བྱས་ཏེ། ཐེམ་ཆེན་རྫོང་གི་མེ་འཁོར་འབབ་ཚུགས་ལེགས་བསྒྱུར་འཛུགས་སྐྲུན་བྱས། ཐེམ་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཀྲེ་ཅང་ཉིན་པའོ་ཡིས་རོགས་སྐྱོར་ལ་བཀའ་དྲིན་ཞུ་ཆེད། ལས་གཞི་དེའི་མིང་ལ་ཡུང་ཆེན་ལྕགས་ལམ་ཐང་ཆེན་བཏགས་ཤིང་། ཡུང་ཆེན་ལྕགས་ལམ་ཐང་ཆེན་འཛུགས་སྐྲུན་བྱས་པ་དེས་ཐེམ་ཆེན་རྫོང་གི་རིགས་སོ་སོའི་མང་ཚོགས་ལ་སྟབས་བདེ་དངོས་བསྐྲུན་ཡོད།

ཐེམ་ཆེན་རྫོང་གི་སྡོད་དམངས་བསོད་ནམས་རྒྱ་མཚོ་ཡིས་བཤད་རྒྱུར། ད་ལྟ་ཐང་ཆེན་འདི་གསར་འཛུགས་བྱས་པས། རླངས་འཁོར་འདུག་ན་སྟབས་བདེ་བ་མ་ཟད། ཉེ་འཁོར་གྱི་ཁོར་ཡུག་ཀྱང་ཇེ་གཙང་དུ་གྱུར་ཡོད་ལ། ང་ཚོ་འགྲོ་འོང་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པས། ཧ་ཅང་ཡག་པོ་འདུག་ཟེར།
མཚོ་སྔོན་རོགས་སྐྱོར་འཛུགས་སྐྲུན་ལས་གཞིའི་ཁྲོད། ཀྲེ་ཅང་ཞིང་ཆེན་གྱིས་སྨན་བཅོས་རོགས་སྐྱོར་ཐད་དོ་སྣང་ཟབ་མོ་བྱས་ནས། ཐེམ་ཆེན་རྫོང་གི་ནད་ཡམས་འགོག་བཅོས་ཐོག་ཁང་འཛུགས་སྐྲུན་ལས་གཞི་ལ་མ་དངུལ་སྒོར་ཡ་ས་ལྔ་འབུམ་དྲུག་བཏང་ཞིང་། འཛུགས་སྐྲུན་རྒྱ་ཁྱོན་རྨི་གྲུ་བཞི་མ་ཆིག་སྟོང་དྲུག་བརྒྱ་བཞི་དང་གྲངས་ཆུང་ལྔ་དགུ་ཡོད་ལ། དེའི་ནང་ལས་སྒོ་ཁང་པ་དང་རོགས་སྐྱོར་སྒྲིག་ཆས་ཀྱི་ལྷུ་ལག་ཆ་ཚང་སྒྲིག་འཇུག་བྱས་ཡོད།

ཐེམ་ཆེན་རྫོང་མི་དམངས་སྨན་ཁང་གི་མགོ་གཙོ་གཞོན་པ་པོད་འབྲུག་རྒྱལ་གྱིས་བཤད་རྒྱུར། ནད་ཡམས་འགོག་བཅོས་ཀྱི་ཐོག་ཁང་འདི་འཛུགས་སྐྲུན་བྱས་རྗེས་ང་ཚོའི་སྨན་ཁང་གི་ནད་ཡོམས་འགོག་བཅོས་མ་ལག་གི་ཆ་རྐྱེན་ཐད་ནས་ལེགས་བཅོས་ཆེན་པོ་བྱུང་ཡོད་པས། ངེད་སྨན་ཁང་གི་ནད་ཡམས་འགོག་བཅོས་ནུས་པ་དང་གློ་བུར་བའི་ནད་རིགས་ལ་མཁོ་བསྟུན་བྱེད་པའི་ནུས་པ་མཐོ་རུ་སོང་ཡོད་ལ། ལྷག་པར་དུ་ད་ལོའི་པྲོག་གསར་གློ་ཚད་རིམས་ནད་ཐད་ལ་ནུས་པ་མི་དམན་པ་བཏོན་ཡོད་ཟེར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།