མཚོ་ལྷོའི་བོད་ཀྱི་གསོ་རིག་རིག་གནས་འགྲེམས་སྟོན་ཁང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-01-05 09:44:41
ཀློག་གྲངས།:
ཟླ12པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་འགྲེམས་སྟོན་ཁང་དུ་བཅར་འདྲི་བྱས་ཤིང་། མཚམས་སྦྱོར་བྱས་པར་གཞིགས་ན། འགྲེམས་སྟོན་ཁང་ནང་དུ་བོད་ལུགས་གསོ་རིག་གི་གནའ་བོའི་སྲོལ་རྒྱུན་སྨན་བཅོས་ཡོ་བྱད་སྣ་ཚོགས་དང་། བོད་སྨན་ནང་དུ་ཚུད་པའི་སྲོག་ཆགས། བོད་སྨན་གྱི་ལུམས་སྨན་དངོས་དཔེ། བོད་སྨན་གྱི་ལོ་མའི་དངོས་དཔེ། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྨན་བཟོའི་རྡོ་ཁོག་དང་རྡོ་གཞོང་། དེ་བཞིན་བོད་ལུགས་གསོ་རིག་གི་གནའ་དཔེ་འབོར་ཆེན་དང་བོད་ལུགས་གསོ་རིག་གི་ནད་ཐོག་ལག་བྲིས་སོགས་བཤམས་ཡོད་པ་ལས་མི་རབས་ནས་མི་རབས་བར་གངས་ལྗོངས་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་རིགས་མང་ཚོགས་ཀྱིས་གསོ་རིག་ཡར་ཐོན་འཚོལ་ཞིབ་བྱས་ལུགས་སྐོར་གླེང་ཡོད།

བོད་སྨན་གྱི་ལུམས་སྨན།

བོད་སྨན་གྱི་ལོ་མ།

རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3500ཡན་གྱི་རྩྭ་སྨན་གྱི་ས་བོན།

བོད་ལུགས་གསོ་རིག་གི་གནའ་དཔེ་དང་བོད་ལུགས་གསོ་རིག་གི་ནད་ཐོག་ལག་བྲིས།

བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྨན་བཟོའི་རྡོ་ཁོག་དང་རྡོ་གཞོང་།

བོད་ལུགས་གསོ་རིག་གི་གནའ་བོའི་སྲོལ་རྒྱུན་སྨན་བཅོས་ཡོ་བྱད།

བྲག་དཀར་རྫོང་སྨན་རྩིས་ཁང་གི་ཡོན་ཀྲང་གིས་བོད་ལུགས་གསོ་རིག་གི་རྒྱུད་བཞིའི་དཔེ་རིས་མཚམས་སྦྱོར་བྱེད་བཞིན་པ།

བོད་ལུགས་གསོ་རིག་གི་ཕྱི་བཅོས་རུས་ནད་ཚན་ཁག་གི་སྐྱོར་ཤིང་།

བོད་ལུགས་གསོ་རིག་གི་སྨན་བླའི་དཀྱིལ་འཁོར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།