རླངས་འཁོར་གྱིས་ལམ་འགྲོ་བར་བརྒྱབ་ན་འགན་སུས་འཁུར་དགོས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2021-12-16 11:06:14 ཀློག་གྲངས།:
གཅིག དེ་ནི་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ཏེ་འགྲིམ་འགྲུལ་ཉེན་རྟོག་པས་ངོས་འཛིན་བྱས་ན་ད་གཟོད་ཤེས་ཐུབ། དེར་སྤྱིར་བཏང་དུ་དབྱེ་ན།
           1. རླངས་འཁོར་ཁ་ལོ་བས་འགན་ཡོད་ཚད་འཁུར་བ་དང་ལམ་འགྲོ་བར་འགན་འཁྲི་གཅིག་ཀྱང་མེད་པ།
        དོན་རྐྱེན་བྱུང་ཡུལ་ནི་མི་བགྲོད་འཕྲེད་ལམ་སྟེང་ཡིན་པར་མ་ཟད། ཁ་ལོ་བས་དཔང་རྟགས་བཏོན་ཏེ་ལམ་འགྲོ་བ་གློག་དམར་བརྒལ་བ་བདེན་དཔང་ཡང་བྱེད་མ་ཐུབ་ན། ལམ་འགྲོ་བར་འགན་འཁྲི་གཅིག་ཀྱང་མེད་པ་དང་རླངས་འཁོར་ཁ་ལོ་བས་འགན་ཡོད་ཚད་འཁུར་དགོས།
            2. རླངས་འཁོར་ཁ་ལོ་བས་འགན་གཙོ་བོ་འཁུར་བ་དང་ལམ་འགྲོ་བས་འགན་ཕལ་བ་འཁུར་བ།
        ལམ་འགྲོ་བ་མི་བགྲོད་འཕྲེད་ལམ་ལས་ཁ་བྲལ་མོད། འོན་ཀྱང་ཁ་ལོ་བས་དཔང་རྟགས་བཏོན་ཏེ་གློག་དམར་བརྒལ་བ་བདེན་དཔང་བྱེད་མ་ཐུབ་ན། རླངས་འཁོར་ཁ་ལོ་བས་འགན་གཙོ་བོ་དང་ལམ་འགྲོ་བས་འགན་ཕལ་བ་འཁུར་དགོས།
བྱེ་བྲག་གི་འགན་འཁྲི་ནི་འགྲིམ་འགྲུལ་ཉེན་རྟོག་པས་བཏོན་པའི་འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲིའི་ངོས་འཛིན་ཡི་གེ་གཞི་འཛིན་དགོས།
(1)འགན་འཁྲི་ཡོད་ཚད།
          1. དོ་བདག་པ་ཕྱོགས་གཅིག་ལ་ནོར་འཛོལ་བྱུང་བའི་དབང་གིས་འགྲིམ་འགྲུལ་དོན་རྐྱེན་བྱུང་བ།
          2. དོ་བདག་པ་བྲོས་བྱོལ་བྱས་པས་དོན་རྐྱེན་བྱུང་བའི་ཡུལ་དངོས་ལ་འགྱུར་ལྡོག་བཏང་བ་དང་དཔང་རྟགས་མེད་པར་བཟོས་སྟབས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་བྱུང་བའི་དོན་དངོས་ལ་རྩད་ཞིབ་བྱེད་ཐབས་བྲལ་ཚེ། བྲོས་བྱོལ་བྱས་པའི་དོ་བདག་པས་འགན་ཡོད་ཚད་འཁུར་དགོས།
          3. དོ་བདག་པས་བསམ་བཞིན་དུ་གཏོར་བརླག་དང་ཡུལ་དངོས་རྫུན་བཟོ། དཔང་རྟགས་མེད་པར་བཟོས་པ་ཡིན་ན་འགན་ཡོད་ཚད་འཁུར་དགོས།
(2)ཕྱོགས་གཉིས་སམ་ཡང་ན་ཕྱོགས་གཉིས་ཡན་གྱི་དོ་བདག་པས་ནོར་འཛོལ་རྐྱེན་བྱས་ཏེ་འགྲིམ་འགྲུལ་དོན་རྐྱེན་བཟོས་ཚེ།དེའི་བྱ་སྤྱོད་ཀྱིས་འགྲིམ་འགྲུལ་དོན་རྐྱེན་བསླངས་པའི་ནུས་པ་དང་ནོར་འཛོལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས། སོ་སོས་འགན་གཙོ་བོ་དང་འདྲ་མཉམ་གྱི་འགན་དང་ཕལ་བའི་འགན་བཅས་འཁུར་དགོས།
(3)ཕྱོགས་སོ་སོར་འགྲིམ་འགྲུལ་དོན་རྐྱེན་བྱུང་བར་ནོར་འཛོལ་ཅི་ཡང་མེད་ན། དེ་ནི་འགྲིམ་འགྲུལ་ཐད་ཀྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཁོངས་སུ་གཏོགས་ལ་ཕྱོགས་གང་ལའང་འགན་འཁྲི་གཅིག་ཀྱང་མེད། དོ་བདག་པ་ཕྱོགས་གཅིག་གིས་བསམ་བཞིན་དུ་འགྲིམ་འགྲུལ་དོན་རྐྱེན་བཟོས་པ་ཡིན་ན། ཕྱོགས་གཞན་དེར་འགན་འཁྲི་གཅིག་ཀྱང་མེད།
གཉིས། འགྲིམ་འགྲུལ་དོན་རྐྱེན་འགན་འཁྲི་ཇི་ལྟར་དབྱེ་དགོས་ཤེ་ན།
        རང་རྒྱལ་གྱིབགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསཀྱི་དོན་ཚན73པའི་གཏན་འཁེལ་ལྟར་ན། “སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་དོན་རྐྱེན་བྱུང་སའི་ཡུལ་དངོས་ལ་རྩད་ཞིབ་དང་ཞིབ་བཤེར། བརྟག་དཔྱད་བྱས་པའི་གནས་ཚུལ་དང་འབྲེལ་ཡོད་ཀྱི་ཞིབ་བཤེར། གསལ་འབྱེད་བྱས་པའི་བསྡོམས་ཚིག་བཅས་གཞིར་བཟུང་སྟེ། དུས་ལྟར་འགྲིམ་འགྲུལ་དོན་རྐྱེན་ངོས་འཛིན་ཡི་གེ་བཏོན་པ་དེ་འགྲིམ་འགྲུལ་དོན་རྐྱེན་ཐག་གཅོད་བྱེད་པའི་དཔང་རྟགས་སུ་བྱ་དགོས། འགྲིམ་འགྲུལ་དོན་རྐྱེན་ངོས་འཛིན་ཡི་གེ་སྟེང་དོན་རྐྱེན་བྱུང་བའི་གཞི་རྩའི་དོན་དངོས་དང་འབྱུང་རྐྱེན། དོ་བདག་པའི་འགན་འཁྲི་བཅས་གསལ་པོར་དགོད་དགོས་པར་མ་ཟད།དེ་དོ་བདག་པར་སྐྱེལ་སྤྲོད་ཀྱང་བྱ་དགོས”ཞེས་བཀོད་ཡོད།
        སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བརྟག་དཔྱད་བྱས་རྗེས། དོ་བདག་པའི་བྱ་སྤྱོད་ཀྱིས་འགྲིམ་འགྲུལ་དོན་རྐྱེན་དེར་ཐོན་པའི་ནུས་པ་དང་ནོར་འཛོལ་གྱི་ཚབས་ཆེ་ཆུང་གཞིར་བཟུང་སྟེ། འགྲིམ་འགྲུལ་དོན་རྐྱེན་གྱི་འགན་འཁྲི་དབྱེ་དགོས་ཏེ། འགན་ཡོད་ཚད་དང་འགན་གཙོ་བོ། འདྲ་མཉམ་འགན་འཁྲི། འགན་ཕལ་བ་བཅས་རིམ་བཞིན་གསལ་པོར་དབྱེ་དགོས།
            1. དོ་བདག་པ་ཕྱོགས་གཅིག་ལ་ནོར་འཛོལ་བྱུང་བའི་དབང་གིས་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། དེའི་འགན་ཡོད་ཚད་འཁུར་དགོས། དོ་བདག་པ་བྲོས་བྱོལ་བྱས་པས་དོན་རྐྱེན་བྱུང་བའི་ཡུལ་དངོས་ལ་འགྱུར་ལྡོག་བཏང་བ་དང་དཔང་རྟགས་མེད་པར་བཟོས་སྟབས། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་བྱུང་བའི་དོན་དངོས་ལ་རྩད་ཞིབ་བྱེད་ཐབས་བྲལ་ཚེ། བྲོས་བྱོལ་བྱས་པའི་དོ་བདག་པས་འགན་ཡོད་ཚད་འཁུར་དགོས། དོ་བདག་པས་བསམ་བཞིན་དུ་གཏོར་བརླག་དང་ཡུལ་དངོས་རྫུན་བཟོ། དཔང་རྟགས་མེད་པར་བཟོས་པ་ཡིན་ན་འགན་ཡོད་ཚད་འཁུར་དགོས།
            2. ཕྱོགས་གཉིས་སམ་ཡང་ན་ཕྱོགས་གཉིས་ཡན་གྱི་དོ་བདག་པས་ནོར་འཛོལ་རྐྱེན་བྱས་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། དེའི་བྱ་སྤྱོད་ཀྱིས་འགྲིམ་འགྲུལ་དོན་རྐྱེན་བསླངས་པའི་ནུས་པ་དང་ནོར་འཛོལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས། སོ་སོས་འགན་གཙོ་བོ་དང་འདྲ་མཉམ་གྱི་འགན་དང་ཕལ་བའི་འགན་བཅས་འཁུར་དགོས།
            3. ཕྱོགས་སོ་སོར་འགྲིམ་འགྲུལ་དོན་རྐྱེན་བྱུང་བར་ནོར་འཛོལ་ཅི་ཡང་མེད་ན། དེ་ནི་འགྲིམ་འགྲུལ་ཐད་ཀྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཁོངས་སུ་གཏོགས་ལ་ཕྱོགས་གང་ལའང་འགན་འཁྲི་གཅིག་ཀྱང་མེད།
            4. དོ་བདག་པ་ཕྱོགས་གཅིག་གིས་བསམ་བཞིན་དུ་འགྲིམ་འགྲུལ་དོན་རྐྱེན་བཟོས་པ་ཡིན་ན། ཕྱོགས་གཞན་དེར་འགན་འཁྲི་གཅིག་ཀྱང་མེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།