༄༅། །སྐབས་དགུ་པའི་བོད་ལྗོངས“དུས་རབས་གསར་པའི་རྩོམ་རིག་བྱ་དགའ”སྤྲོད་པའི་མཛད་སྒོ་ལྷོ་ཁར་འཚོགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2021-11-10 09:15:34 ཀློག་གྲངས།:
        བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་2021ལོའི་ལྷོ་ཁའི་སྨྱུག་ཚོགས་དང་སྐབས་དགུ་པའི་བོད་ལྗོངས“དུས་རབས་གསར་པའི་རྩོམ་རིག་བྱ་དགའ”སྤྲོད་པའི་མཛད་སྒོ་ལྷོ་ཁར་གཉེར་བ། 
        ཚེས་9ཉིན་གྱི་སྔ་དྲོ་བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་2021ལོའི་ལྷོ་ཁའི་སྨྱུག་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་སྐབས་དགུ་པའི་བོད་ལྗོངས“དུས་རབས་གསར་པའི་རྩོམ་རིག་བྱ་དགའ”སྤྲོད་པའི་མཛད་སྒོ་ལྷོ་ཁར་གཉེར་བ་རེད། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་ཚོགས་འདུར་ཞུགས་པ་དང་ཤིས་ཚིག་གསུང་བཤད་ཀྱང་གནང་བ་རེད།
འགོ་ཚུགས་མཛད་སྒོའི་ཚོགས་ར།
        ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་འཇིག་མེད་ཕུན་རྒྱལ་གྱིས“དུས་རབས་གསར་པའི་རྩོམ་རིག་བྱ་དགའི”གཞི་རྩའི་གནས་ཚུལ་དང་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་གནང་བ་རེད། བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གཙོ་སྒྲིག་པ་བསྟན་པ་ཡར་རྒྱས་ཀྱིས་བྱ་དགའ་ཐོབ་པའི་བོད་ཡིག་གི་བརྩམས་ཆོས་དང་བོད་ལྗོངས་རྩོམ་རིག་གི་གཙོ་སྒྲིག་པ་ཚེ་རིང་ནོར་བུས་བྱ་དགའ་ཐོབ་པའི་རྒྱ་ཡིག་གི་བརྩམས་ཆོས་ལ་དཔྱད་འཇོག་གནང་བ་དང་བྱ་དགའ་ཐོབ་པའི་རྩོམ་པ་པོས་བྱ་དགའ་ཐོབ་པའི་མྱོང་ཚོར་གཏམ་བཤད་གནང་བ་རེད། 
ཚོགས་འདུར་ཞུགས་མཁན་རྩོམ་པ་པོ།
        གཏམ་བཤད་ཚར་རྗེས་ཚོགས་ཞུགས་དབུ་ཁྲིད་ཀྱིས་བྱ་དགའ་འཐོབ་མཁན་གྱི་རྩོམ་པ་པོར་བཀྲིས་རྟེན་འབྲེལ་ཞུས་པ་དང་འབྲེལ་མ་འོངས་བོད་ཀྱི་རྩོམ་རིག་བྱ་གཞག་གོང་འཕེལ་སླད་དུ་རང་ནུས་ཡོད་རྒུས་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་བ་རེད། 
        ད་ཐེངས་རྩོམ་པ་པོ་ཨེ་ཕུར་བཀྲའི་བརྩམས་སྒྲུང«སྐྲ་གཞུག་དམར་པོ»(བོད་ཡིག)དང་། ནམ་མཁའ་བཀྲ་ཤིས་ཀྱི«གཡུ་ཆུང་དྲུག་དཀར»(བོད་ཡིག) ས་དམར་གྲགས་པའི«ས་དམར་སྙན་ཚོམ»(རྒྱ་ཡིག) ཕུན་ཚོགས་རྣམ་རྒྱལ་གྱི«རང་མདངས་ཉམས་པའི་བརྩེ་དུང»(རྒྱ་ཡིག)བཅས་ལ་བྱ་དགའ་ཐོབ་པ་རེད།
བྱ་དགའ་ཐོབ་མཁན་རྩོམ་པ་པོ།
        གཞན་ཡང་ད་རེས་ཀྱི་ལྷོ་ཁའི་སྨྱུག་ཚོགས་ཀྱི་དུས་ཡུན་ཉིན་ལྔའི་རིང་། རྩོམ་རིག་བགྲོ་གླེང་གི་བྱ་འགུལ་ཕུད། རྩོམ་པ་པོ་རྣམས་སྣེ་གདོང་ཆུས་ཁེ་གསུམ་གྲོང་ཚོ་དང་། གོང་དཀར་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་རྣམ་རྒྱལ་ཞོལ་དགའ་ཚལ་ཟངས་ཆས་ལས་སྣོན་ཁུལ། གྲ་ནང་རྫོང་གི་མི་རིགས་མཐུན་སྒྲིལ་གྲོང་། ཧུང་ནུང་བོད་བྱ་གསོ་ཚགས་རྟེན་གཞི། ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་། རྩེད་ཐང་གྲོང་རྡལ་རྩེ་ཐེར་འཁེལ་འཐག་མཉམ་ལས་ཁང་སོགས་སུ་རྟོག་ཞིབ་དང་གསར་རྩོམ་གྱི་རྒྱུ་ཆ་འཚོལ་བསྡུར་སྐྱོད་མཁན་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།