ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅། །མཚོ་ནུབ་ཁུལ་གྱིས་འཕྲལ་མཁོ་རོགས་སྐྱོར་དངོས་ཟོག་ཟི་ལིང་གྲོང་ཁྱེར་དུ་བསྐྱལ་ནས་རིམས་འགོག་བྱ་བར་རོགས་འདེགས་བྱས།
༄༅། །མཚོ་ནུབ་ཁུལ་གྱིས་འཕྲལ་མཁོ་རོགས་སྐྱོར་དངོས་ཟོག་ཟི་ལིང་གྲོང་ཁྱེར་དུ་བསྐྱལ་ནས་རིམས་འགོག་བྱ་བར་རོགས་འདེགས་བྱས།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-11-05 08:31:19
ཀློག་གྲངས།:
ཟླ་འདིའི་ཚེས་གསུམ་ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་། མཚོ་ནུབ་ཁུལ་གྱིས་འཕྲལ་མཁོ་དངོས་ཟོག་གྲབས་གསོག་བྱས་པའི་ཁྲོད་དུ་སྨན་སྤྱོད་འགོག་སྲུང་ཁ་ཐུམ་ས་ཡ་གཅིག་དང་རིན་གོང་ལ་སྒོར་འབུམ་གསུམ་གྱི་ནོར་ཤ་དང་ལུག་ཤ་བཅས་གཏེར་ལེན་ཁ་གྲོང་ཁྱེར་ནས་མཚན་ལམ་བརྒྱུད་དེ་ཟི་ལིང་དུ་བསྐྱལ་ཞིང་།མཚོ་ནུབ་མི་དམངས་དང་ཟི་ལིང་མི་དམངས་ཀྱིས་མཉམ་དུ་བརྩེ་བའི་ལག་རྡང་སྦྲེལ་ནས་རིམས་ནད་འགོག་སྲུང་པ་དང་པྲོག་གསར་ནད་པ་དང་མཉམ་དུ་དཀའ་སྡུག་མཉམ་སྤྱོད་བྱེད་བཞིན་པའི་སྨན་བཅོས་མི་སྣར་གྲོགས་སྤུན་གྱི་བརྩེ་བ་བསྟན།
ཉེ་ཆར། རྒྱལ་ནང་གི་རིམས་ནད་ཁྱབ་ཚད་ཆེ་བའི་དབང་གིས་རང་ཞིང་གི་ཟི་ལིང་གྲོང་ཁྱེར་དུ་སྔ་གཞུག་ཏུ་པྲོག་གསར་ནད་པ་འགའ་རེ་བྱུང་བར། རིམས་ནད་སྔོན་འགོག་གི་གནས་བབ་རྙོག་འཛིང་ཆེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིམས་ནད་སྔོན་འགོག་བྱ་བའི་བཀོད་སྒྲིག་གི་བླང་བྱ་དངོས་འབེབས་ཡོང་ཆེད། མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རང་འགུལ་སྒོས་འགན་འཁྲི་དང་དུ་བླངས་ཤིང་།འགུལ་སྐྱོད་མྱུར་མོ་སྒོས་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོས་དུས་ཐོག་ཏུ་བྱ་བར་བཀོད་སྒྲིག་བྱས་ཏེ། མཚན་མོ་བརྒྱུད་ནས་འཕྲལ་མཁོ་དངོས་ཟོག་ལས་སྨན་སྤྱོད་འགོག་སྲུང་ཁ་ཐུམ་ས་ཡ་གཅིག་དང་རིན་གོང་ལ་སྒོར་འབུམ་གསུམ་གྱི་ནོར་ཤ་དང་ལུག་ཤ་ཡི་རོགས་སྐྱོར་ཞལ་འདེབས་ཕུལ།
ཉིན་དེའི་དགོང་མོར། མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མངགས་འགན་ལྟར། ཁུལ་དཔོན་གཞོན་པའམ་ཁུལ་རིམས་ནད་སྔོན་འགོག་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་གཞོན་པ་ཧུའུ་ཡུན་ཆིས་ཀྱིས་ཟོག་སྐྱེལ་རླངས་འཁོར་ཟི་ལིང་དུ་གཏོང་བའི་མཛད་སྒོ་བཟུང་། མོས་བསྟན་དོན། མཚོ་ནུབ་ཁུལ་དང་ཟི་ལིང་གྲོང་ཁྱེར་གཉིས་ནི་དཔུང་པ་མཉམ་གཤིབ་ཀྱི་གྲོགས་པོ་ཡིན་པས། རིམས་འགོག་འཐབ་རྩོད་ལ་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་ཤིང་།འདིའི་མཐར་ཐུག་གི་དམིགས་ཡུལ་ནི་རིམས་ནད་འགོས་ཁྱབ་ཀྱི་ལམ་ཁ་དུམ་བུར་གཅོད་རྒྱུ་དེ་ཡིན། རིམས་ནད་འགོག་སྲུང་གི་གཡུལ་ལེགས་པོ་བཤམས་ནས། ཕྱོགས་ཡོངས་ནས་རིམས་ནད་རྩ་མེད་དུ་གཏོང་རྒྱུ་ནི་འགོག་སྲུང་གི་གྲུབ་འབྲས་ལ་རག་ལས་ཡོད། དེར་བརྟེན། མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་ད་དུང་ཞིང་ཆེན་རིམས་ནད་འགོག་སྲུང་བཀོད་འདོམས་པུའུ་ཡི་བྱ་བ་སོ་སོའི་བླང་བྱ་དངོས་འབེབས་དོན་འཁྱོལ་ཡོང་བར་རྒྱུན་འཁྱོངས་བྱས་ནས། རིམས་ནད་འགོག་སྲུང་གི་ཕྱོགས་བཞིའི་འགན་འཁྲི་ནན་གྱིས་འཁུར་བ་དང་། གཟབ་ནན་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་རིམས་ནད་ཕྱི་ནས་ནང་ལ་མི་མཆེད་པའི་འགོག་སྲུང་གི་བྱ་བ་སོ་སོའི་བྱེད་ཐབས་དམ་འཛིན་བྱས་ནས། ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་སྲུང་གི་འཐབ་ར་བརྟན་བསྲུང་བྱེད་དགོས་པ་བསྟན།
ཕྱི་ཉིན་ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྟེང་རིམས་འགོག་རོགས་སྐྱོར་དངོས་ཟོག་ཟི་ལིང་དུ་འབྱོར་ཞིང་། མཚོ་ནུབ་ཁུལ་གྱི་ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་བདེ་ཅུའུ་ཡི་མགོ་གཙོ་ཏུང་ཅིན་ལིན་གྱིས་མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཟི་ལིང་གྲོང་ཁྱེར་ལ་རོགས་སྐྱོར་དངོས་ཟོག་ཞལ་འདེབས་སུ་ཕུལ། ཁོས་ཐེངས་འདིའི་ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་ཐོན་ཡོད་པར་མཚོ་ནུབ་རིགས་སོ་སོའི་མི་དམངས་ཀྱིས་སེམས་སུ་བཟུང་ཡོད། དེ་བས་མཚོ་ནུབ་ཀྱིས་སྤྱི་ཚོགས་ལ་བརྩེ་སེམས་འབུལ་བ་ནི་འགན་འཁྲི་དང་ལས་འགན་ཡིན་པས།ཟི་ལིང་གི་རིམས་ནད་འགོག་རྒོལ་ལ་རོགས་འདེགས་ཅིས་ཀྱང་བྱེད་དགོས་པ་བསྟན། ཟི་ལིང་གྲོང་ཁྱེར་གྱི་མགོ་གཙོ་གཞོན་པ་བུའུ་ཀྲི་ཁྲུན་གྱིས་མཚོ་ནུབ་ཁུལ་གྱི་བླ་ན་མེད་པའི་བརྩེ་སེམས་རོགས་སྐྱོར་ལ་བཀའ་དྲིན་ཆེ་ཞུ། མཚོ་ནུབ་ཀྱིས་དུས་ཐོག་ཏུ་ཟི་ལིང་གྲོང་ཁྱེར་ལ་འཕྲལ་མཁོ་དངོས་ཟོག་གི་ཞལ་འདེབས་རོགས་སྐྱོར་བྱས་པ་ནི་བརྩེ་སེམས་ཆེན་མོའི་དགོངས་པ་མཚོན་ཡོད་ལ། འགན་འཁྲི་མངོན་ཡོད་པ་མཚོན། ཟི་ལིང་གྲོང་ཁྱེར་གྱིས་མྱུར་དུ་ཞལ་འདེབས་རོགས་སྐྱོར་གྱི་དངོས་ཟོག་ཡོད་ཚད་རིམས་འགོག་གི་འཐབ་ས་དང་པོ་རུ་ཡོད་པའི་ལས་བྱེད་མི་སྣ་དག་གི་གམ་དུ་བསྐྱལ་ཏེ། ཞལ་འདེབས་དངོས་ཟོག་ཡོད་ཚད་རིམས་འགོག་དང་ནད་བཅོས་ཐད་བཀོལ་བར་ཁག་ཐེག་བྱེད་རྒྱུ་ཡིན་པ་བསྟན།



གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།