༄༅།།ལོ་ལེགས་སྙེ་མའི་དུས་ཚིགས་ལ་ཞིང་བའི་གདོང་ལ་འཛུམ་དཀར་བཞད།
རྩོམ་པ་པོ།:བསོད་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-09-24 13:59:58
ཀློག་གྲངས།:
སྟོན་ཟླ་དགུ་བའི་ལོ་ལེགས་ཀྱི་དུས་ཚིགས་འདིར། ང་ཚོས་སླར་ཡང་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་ཞིག་ལ་བསུ་མ་བྱས། ཚྭ་འདམ་གཞོང་ས་རུ་འོད་དུ་འཚེར་བའི་འབྲུ་ཞིང་དང་། དམར་ལམ་ལམ་དུ་ཡོད་པའི་འཕང་འབྲས་ཞིང་ས་རུ། ཞིང་བ་རྣམས་ཀྱི་དགའ་སྤྲོའི་དགོད་སྒྲ་དང་ཚན་རྩལ་འཕྲུལ་ཆས་ཀྱི་འུར་སྒྲས་ཞིང་ཁའི་ཁོ་ར་ཁོར་ཡུག་ཀུན་ལ་ལོ་ལེགས་ཀྱི་དབྱངས་རྟས་ཁེངས་ནས་ཞིང་བ་མང་ཚོགས་ལོ་ལེགས་ཀྱི་ལས་ལ་བྲེལ་བཞིན་ཡོད།
ཉིན་འདི་འགར་ན་གོར་མོ་གྲོང་ཁྱེར་ཆུ་ནུབ་ཞིང་རའི་པཱ་ལེན་སྡེ་བའི་སྡེ་མི་ཧ་ཧྲིག་ཀྲིན་གྱིས་ད་ལོའི་སྟོན་གྱི་ལོ་ལེགས་བསྡུ་བར་བྲེལ་བཞིན་ཡོད། སྟོན་རླུང་བསིལ་མོ་ཞིག་གི་ཁྲོད་དུ། ལྗིད་ཏིག་ཏིག་གི་གྲོ་སྙེ་རྣམས་ཀྱི་མགོ་བོ་ཐུར་ཏུ་འཕྱང་ཡོད་ལ། གྲོ་འབྲེག་འཕྲུལ་ཆས་ཤིག་གིས་རྣང་ཞིང་གི་བར་ནས་ལྡིར་སྒྲ་དང་བཅས་གྲོ་སྙེ་འབྲེག་པ་དང་འབྲུ་རྡོག་ལེན་པ། རྩྭ་ཤོག་རྒྱག་པ་དང་འབྲུ་རྡོག་བླངས་ནས་འཁོར་སྒྲོམ་དུ་ལྡུག་པ་བཅས་ཕུང་བོ་གཅིག་འདྲིལ་གྱི་ལམ་ནས་སྟོན་གྱི་ལོ་ལེགས་ལེན་པའི་རྣམ་པ་ཞིག་མངོན་འདུག
ན་གོར་མོ་གྲོང་ཁྱེར་ཆུ་ནུབ་ཞིང་རའི་པྰ་ལེན་སྡེ་བའི་སྡེ་མི་ཧ་ཧྲིག་ཀྲིན་གྱིས་བཤད་རྒྱུར། ད་ལོར་ངས་ས་མུའུ་བཅུ་གཅིག་ལ་གྲོ་བཏབ་པ་ཡིན་ལ། གྲོ་ཡི་ཐོན་ཚད་རྒྱ་མ་ཁྲི་གཅིག་ལྷག་ཡོད།ཉིན་འདི་ཚོར་གནམ་གཤིས་ཀྱང་བཟང་བས།ངས་གྲོ་རྡོག་གཙང་མ་ཞིག་སྒྱེ་ཁུག་ནང་དུ་ལྡུག་ཐུབ་རྒྱུ་རེད།དེའི་མི་ཚད་རིན་གོང་བཟང་བོ་ཞིག་ལ་འཚོང་ཐུབ་ངེས་ཡིན་ཟེར།
ཧ་ཧྲིག་ཀྲིན་ནི་ན་གོར་མོ་གྲོང་ཁྱེར་ཆུ་ནུབ་ཞིང་རའི་སྡེ་བའི་འདེབས་འཛུགས་དུད་ཁྱིམ་ཞིག་ཡིན། ཁོས་གྲོ་ཞིང་ས་མུའུ་བཅུ་གཅིག་འདེབས་བཞིན་ཡོད་པ་ལས་གཞན་ད་དུང་ལིས་གྲོ་ཡི་ཞིང་ས་མུའུ་སུམ་ཅུ་ཡོད་པ་རེད། ཡངས་ཤིང་རྒྱ་ཆེ་བ་ལ་ཚོན་མདངས་སྣ་ལྔ་ལྡན་པའི་ལིས་གྲོ་ཡི་ཞིང་སའི་བར་ན་ཚོན་མདོག་སྣ་ཚོགས་སུ་ཡོད་པའི་ལིས་གྲོ་ནི་ང་ཚོ་འཛད་སྤྱོད་པའི་སྒྲོག་ཙེ་སྟེང་གི་འཚོ་བཅུད་ལེགས་པོ་དེ་ཡིན་ལ། ཞིང་བའི་དུད་ཁྱིམ་གང་དེ་ཕྱུག་འགྱུར་ལམ་གྱི་དུ་ཁྲིད་པའི་འཇའ་ཚོན་སྣ་ལྔའི་མདངས་ལྡན་པའི་ལིས་གྲོ་ཡིན། ཧ་ཧྲིག་ཀྲིན་གྱིས་གསར་འགོད་པར་ད་ལོའི་ལིས་གྲོ་ཡི་སྐྱེ་སྟོབས་ཧ་ཅང་བཟང་ལ། ལིས་གྲོ་ས་མུའུ་གཅིག་གི་ནང་དུ་ཐོན་འབོར་རྒྱ་མ་དྲུག་བརྒྱ་ལྷག་ཡོད། གལ་ཏེ་རྒྱ་མ་གང་ལ་སྒོར་བཞི་ལྟར་རྩིས་བརྒྱབ་ན། ས་མུའུ་གཅིག་གི་ནང་དུ་ཡོང་སྒོ་སྒོར་སུམ་སྟོང་ལྷག་ཡོད་ཀི་ཟེར།
ད་ལོའི་ཚུན་ལ། ན་གོར་མོ་གྲོང་ཁྱེར་གྱིས་ལིས་གྲོ་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཞིང་ལས་ཀྱི་གྲུབ་ཚུལ་སྙོམས་སྒྲིག་དང་ཞིང་ལས་ཕན་འབྲས་མཐོ་རུ་གཏོང་བའི་བྱེད་ཐབས་སུ་སྐུལ་འདེད་བྱས་ཏེ། ཞིང་ལས་དཔལ་འབྱོར་འཕེལ་སྟངས་གསར་བ་ཞིག་བཞེངས་སྐྲུན་ལ་ཧུར་བརྩོན་བྱས་ཤིང་། ལིས་གྲོ་སོགས་ལེགས་ལྡན་ཐོན་ལས་ཐོན་རྫས་ཀྱི་མུ་ཞིག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་ས་མུའུ་ཁྲི་ཐིག་དང་གྲངས་ཆུང་བརྒྱད་གཉིས་ལ་བསླེབས།
དུས་ད་ལྟར་མཚོན་ན།འཕང་འབྲས་བཏོག་པར་བྲེལ་བ་ཆེ་བའི་སྐབས་ཡིན་ལ། འཕང་འབྲས་ར་བ་རུ་དམར་ལམ་ལམ་གྱི་འཕང་འབྲས་འབྲུ་རྡོག་ཡོད་ཚད་ལྗིད་ཏིག་གེར་ཡོད་པ་ལ། ལས་བཟོ་བ་རྣམས་ཀྱིས་དམར་མདངས་ལྡན་པའི་འཕང་འབྲས་འཐོག་པར་བྲེལ་བཞིན་ཡོད། ཟླ་བ་གཅིག་ཙམ་རིང་ལ་ལས་བཟོ་བ་རྣམས་ཀྱིས་འཕང་འབྲས་འཐོག་པའི་སྐབས་ཀྱི་གཏམ་རྒྱུད་ནི་དགོད་གཏམ་འདྲེས་མ་ཡིན་ལ། ཁོ་ཚོས་འཆར་གཞི་དང་གོ་རིམ་ཡོད་པའི་སྒོ་ནས་ཐོག་མར་འཕང་འབྲས་ཡག་པོ་ཞིག་བཏོག་པ་དང་། དེ་ནས་གླ་ཕོགས་ནོགས་མོ་ཞིག་བླངས་ནས་ཅི་ལྟར་ཚོང་ཟོང་དང་ཁྱིམ་ཆས་གང་དག་ཉོ་དགོས་པའི་སྐོར་ནས་དགའ་སྤྲོའི་དགོད་གཏམ་བརྗོད་བཞིན་ཡོད།
འཕང་འབྲས་འཐོག་མཁན། ཅིན་ཞའོ་ཕིན་གྱིས་བཤད་རྒྱུར། ཉིན་གཅིག་ལ་འཕང་འབྲས་རྒྱ་མ་ཉིས་བརྒྱ་ལྷག་བཏོག་ཐུབ། འདི་ལྟར་བྱས་ན་ཉིན་རེར་སྒོར་ཉིས་བརྒྱ་དང་སུམ་ཅུ་ཡས་མས་བཙལ་ཐུབ། ང་ཚོ་ཟླ་བརྒྱད་པར་ཡོང་ནས་ཟླ་བཅུ་བའི་ནང་ཕྱིར་ཕ་ཡུལ་དུ་ལོག་འགྲོ་ཟེར།
ཕ་ཡུལ་ཟི་ཁྲོན་ཡ་ཨན་ནས་ཡོང་བའི་འཕང་འབྲས་འཐོག་མཁན་ཅིན་ཞའོ་ཕིན་ལ་མཚོན་ན།ཉིན་རེར་འཕང་འབྲས་རྒྱ་མ་ཉིས་བརྒྱ་དང་སུམ་ཅུ་ལྷག་བཏོག་ཐུབ་པས། འཕང་འབྲས་ཞིང་ར་ནང་གི་འཕང་འབྲས་བཏོག་མཁན་གྱི་རྩེ་མོ་ཡིན་ལ། ལས་གྲོགས་ཚོས་ཁོར་འཕང་འབྲས་འཐོག་མཁན་ཁྲོད་ཀྱི་ལག་མགྱོགས་ཞེས་པའི་མིང་བཏགས་ཡོད།
ལོ་ལེགས་ནི་ངལ་རྩོལ་གྱི་རྨོན་འདེབས་ལས་བྱུང་བ་ཡིན་ལ།ལོ་ལེགས་ནི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཡིན། ཡང་གཅིག་བཤད་ན་ལོ་ལེགས་འབྱུང་མིན་ནི་རང་ཉིད་ལ་རག་ལས་ཡོད་པས། ང་ཚོས་ཞིང་སྡེ་དང་གྲོང་གསེབ་དར་སྤེལ་མངོན་འགྱུར་ལ་ཧུར་བརྩོན་དང་དེ་ལས་བསྐྱེད་པའི་ཡིད་ཆེས་བརྟན་པོའི་ཁྲོད། ཞིང་ལས་ནི་འགོ་དང་མཇུག་ཡོད་པའི་ཐོན་ལས་ཤིག་དང་།ཞིང་བ་ནི་འགུགས་ཤུགས་ཡོད་པའི་ལས་རིགས་ཤིག ཞིང་སྡེ་ནི་བདེ་སྡོད་ལས་བརྩོན་བྱེད་སའི་མཛེས་སྡུག་གི་གཞིས་ཁྱིམ་ཞིག་ཡིན་པ་ལས། རྒྱང་རིང་གི་རྨི་ལམ་དེ་མ་ཡིན་པ་ལ་འབོད་སྐུལ་བྱེད་དགོས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།