༄༅།ཚྭ་འདམ་གཞོང་གི་སྟོན་འབྲས་ལེགས་པོ་སྟེ་འཕང་འབྲས་མེ་ཏོག་སྦྲང་རྩི།

རྩོམ་པ་པོ།: བསོད་རྡོ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-09-10 11:17:53 ཀློག་གྲངས།:
       དག་གཙང་གི་རང་བྱུང་ཁོར་ཡུག་གིས་ཚྭ་འདམ་གཞོང་སར་ཁྱད་འཕགས་ཀྱི་སྐྱེ་དངོས་ཐོན་ཁུལ་ཞིག་གནང་སྦྱིན་བྱས་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཚྭ་འདམ་གཞོང་ས་རུ་ཁྱོནབསྡོམས་སྐྱེ་དངོས་རིགས་ཚན་23དང་ཁོངས་གཏོགས་རྩི་ཤིང་51ལས་སྣ་ཁ་63ཡོད་ལ། དེའི་ནང་ལྗོན་ཤིང་རིགས2དང་སྡོང་ཕྲན་རིགས་22།རྩྭ་རྩི་ཤིང་གི་རིགས39བཅས་ཡོད། ཁོ་ཚོའི་རིགས་སྣ་ཕུན་སུམ་ཚོགས་པོ་མེད་ནའང་། སྐམ་སར་ཐན་འགོག་ནུས་པ་ཆེ་ལ། རླུང་འགོག་ནུས་པ་དང་བ་ཚྭ་འགོག་པའི་ནུས་པ་ཆེ་བ་རེད།  ཐང་ཀོའུ་ཐི་ཚེར་དཀར་དང་སོ་སྡོང་སོགས་ནི་རླུང་འགོག་བྱེ་འཇགས་དང་བ་ཚྭ་ལེགས་སྒྱུར་ལ་ཕན་པའི་སྐྱེ་དངོས་ཐོན་ཁུངས་ཡིན། དེ་དག་གི་ཁྲོད་དེ་བས་གླེང་རིན་ཡོད་པ་ཞིག་ནི་ཚྭ་འདམ་འཕང་འབྲས་ཡིན་ལ། དེ་ནི་ཚྭ་འདམ་གཞོང་གི་ནོར་བུ་དམར་པོ་ཡིན། རང་བྱུང་ཁོར་ཡུག་དང་ཉི་འོད་ཆ་རྐྱེན་འོས་ཤིང་འཚམས་པའི་ཚྭ་འདམ་འཕང་འབྲས་ལ་འབག་བཙོག་དང་གནོད་སྐྱོན་ཉུང་བས། གནས་འདིའི་འཕང་འབྲས་ལ་འཛམ་གླིང་ཡོངས་ནས་དགའ་བསུ་ཐོབ་ཀྱིན་ཡོད་ལ། ཚྭ་འདམ་གཞོང་ནི་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་འཕང་འབྲས་རྟེན་གཞི་རུ་གྱུར་ཡོད་པ་དང་། དེ་ལས་ཐོན་པའི་ཚ་འདམ་འཕང་འབྲས་མེ་ཏོག་སྦྲང་རྩི་ནི་འཛམ་གླིང་གི་མིང་གྲགས་ཁྱད་ལྡན་ཐོན་རྫས་སུ་གོམ་ཁ་སྒྱུར་བཞིན་ཡོད།        འཕང་འབྲས་ནི་ཚང་མར་རྒྱུས་མངའ་ཡོད་པ་ཞིག་ཡིན་པས་དེ་ན་འཕང་འབྲས་སྦྲང་རྩི་ནི་གང་ཡིན་ཟེར་ན། འཕང་འབྲས་སྦྲང་རྩི་ནི་ཧ་ཅང་རྩ་ཆེ་བའི་སྦྲང་རྩི་རིགས་ཤིག་ཡིན་ཞིང་། དེ་ནི་སྦྲང་མས་འཕང་འབྲས་ལས་བཏོན་པའི་སྦྲང་རྩི་ལྟ་བུ་ཞིག་ཡིན། མིན་རྒྱལ་རབས་ཀྱི་རྩོམ་པ་པོ་ལི་ཧྲེ་ཀྲིན་གྱི《སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ་ཞེས་བྱ་བའི 》ནང{དཔྱིད་དུས་འཕང་མའི་ལོ་མ་ལ། །ལྷ་ཡི་མྱུ་གུར་འབོད་ཅིང་གཙིགས། །དབྱར་གྱི་མེ་ཏོག་སྔོ་ཚེ་རིང་། །སྟོན་གྱི་འབྲས་བུར་འཕང་འབྲས་སུ། །འབོད་ཅིང་དགུན་གྱི་རྩ་བ་ལ། །འཛིན་མའི་པགས་པའི་མིང་གདགས་ཏེ། །དེ་བཞིན་བཏུ་བས་སྨན་མཐུ་ལྡན། }ཅེས་འཁོད་ཡོད། ཀྲུང་ལུགས་གསོ་རིག་གི་ཐོག་ནས་མཚོན་པ་ལྟར་ན།འཕང་འབྲས་ཀྱི་རོ་མངར་སྙོམས་ཤིང་མཁལ་དྲོད་སྲུང་ལ་གློ་ལུད་འདྲེན་པ་དང་།མཆིན་ནུས་འཕེལ་ཅིང་མིག་དབང་གསལ་བའི་ནུས་པ་ལྡན་ཅེས་འཁོད་ཡོད་ལ།ང་ཚོས་རྒྱུན་དུ་བཤད་པའི་འཕང་འབྲས་སྦྲང་རྩི་ནི་ཁ་ཤས་འཕང་འབྲས་དམར་པོ་ལས་བྱུང་བ་དང་། ཁ་ཤས་ཚྭ་འདམ་གཞོང་སའི་ཁྱད་ལྡན་འཕང་འབྲས་ནག་པོ་ལས་བྱུང་བ་ཞིག་ཡིན་པས་མཛེས་བཟོ་ལས་རིགས་ཀྱི{གསེར་མཉེན་པོ}ཞེས་བརྗོད་ཀྱིན་ཡོད། དེའི་འབྲས་བུའི་ནང་དུ་ཨན་གཞི་སྐྱུར་རིགས་བཅུ་བདུན་དང་།ཚད་ཉུང་མ་རྒྱུ་རིགས་བཅུ་གསུམ་འདུས་ཡོད་ལ།ལྷག་པར་དུ་མེ་ཏོག་སྔོ་རྒྱུའི་འདུས་ཚད་ཧ་ཅང་མཐོ་བས{སྔོ་རྒྱུའི་མཆོག་}གི་མཚན་སྙན་ཐོབ་ཡོད། འཕང་འབྲས་ནག་པོའི་སྦྲང་རྩི་ནི་རང་བྱུང་དུ་སྦགས་བཙོག་མེད་པ་དང་ཐིགས་པ་རེ་རེ་ནི་རང་བྱུང་ཁམས་ཀྱི་སྙིང་བཅུད་ཡིན་ཞིང་། འཕང་འབྲས་སྦྲང་རྩི་ནི་སྦྲང་རྩི་ཡི་སྲོལ་རྒྱུན་གྱི་འཚོ་བཅུད་འཕྲོད་སྦྱོར་རིན་ཐང་ལྡན་ལ་དེ་ནི་འཕང་འབྲས་ཀྱི་ཉིང་བཅུད་ཀྱང་ཡིན། མངར་མོའི་མདོག་ནི་སྤོས་ཤེལ་གྱི་མདོག་དང་མཚུངས་ལ།བྲོ་བ་ཞིམ་ཞིང་འཇམ་པ་དང་གྲངས་ཀ་ཧ་ཅང་ཉུང་བའི་དབང་གིས་ཧ་ཅང་རྩ་ཆེན་ཡིན། 
       ཉེ་བའི་ལོ་འགའི་རིང་ལ།ན་གོར་མོ་གྲོང་ཁྱེར་གྱིས་འཕང་འབྲས་ཐོན་ལས་ལ་བརྟེན་ནས་སའི་བེད་སྤྱོད་བྱེད་ཚད་དང་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ། དུས་བབ་དང་བསྟུན་ནས་སྦྲང་མ་གསོ་སྤེལ་བྱེད་པ་དང་སྤུས་རྟགས་དང་སྤུས་ཚད་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ཏེ། རྒྱ་ཆེའི་ཞིང་པ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ཀྱིན་ཡོད།
       གསར་འགོད་པ་ཀུའོ་ལིག་མུ་ཏེ་གྲོང་རྡལ་སྡེ་བ་བ་རུ་སྐྱོད་སྐབས་སྦྲང་སྒམ་ནི་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོའི་ངང་ཞིང་ནང་གི་མུ་ཁར་བཞག་ཡོད་ལ།བུང་བུའི་ཚོགས་རྣམས་ཡར་འཕུར་མར་འཕུར་བྱེད་བཞིན་ཡོད་པ་དང་། ཞིང་བ་རྣམས་ཀྱིས་སྦྲང་རྩི་ལེན་པར་བྲེལ་བཞིན་མཆིས།
       སྦྲང་རྩི་གསོག་མཁན་མས་ཅན་ཧྥུའུ་ཡིས་བཤད་རྒྱུར། གནམ་གཤིས་བཟང་བས་སྦྲང་རྩི་གསོག་མཁན་ལ་རེ་བ་འཁྱེར་ཡོང་། དྲོད་གྲངས་མཐོ་བས་སྦྲང་མའི་གསོག་པའི་སྦྲང་རྩི་མང་། སྤྱིར་བཏང་དྲོད་ཚད་ཞེ་གཉིས་ཡན་ལ་སླེབས་ན་སྦྲང་རྩི་གསོག་པའི་ཚད་གཞི་མཐོ་བ་ཡིན་ཟེར།
       རྒྱུས་ལོན་པ་ལྟར་ན། ད་ལོའི་ན་གོར་མོ་གྲོང་ཁྱེར་གྱི་འཕང་འབྲས་འདེབས་འཛུགས་བྱེད་སའི་ས་མུའུ་ཁྲི་བཅུ་ལ་སྦྲང་མ་་གསོ་སྤེལ་བྱེད་པའི་ཁོར་ཡུག་དང་སྦྲང་མའི་འབྱུང་ཁུངས་རྒྱ་ཆེན་པོ་འདོན་སྤྲོད་བྱས་ཤིང་། སྦྲང་མ་གསོ་སྤེལ་འཕེལ་རྒྱས་སུ་གཏོང་བར་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ས་ཁམས་ཀྱི་དགེ་མཚན་ལྡན་ལ། ན་གོར་མོ་གྲོང་ཁྱེར་གྱི་གནམ་གཤིས་ལེགས་པས་གྲོང་མིའི་ཐོན་སྐྱེད་བྱེད་ཚད་མཐོ་བ་དང་། སྤུས་ཚད་བཟང་ལ་སྦྲང་སྒམ་གཅིག་ལ་ཆ་སྙོམས་ཀྱི་སྦྲང་རྩི་རྒྱ་མ་བརྒྱ་ཡས་མས་ལོན་ཐུབ།
       ད་ལོར་མའེ་ཅན་ཧྥུའུ་ཚང་ལ་སྦྲང་རྩི་སྒམ་བརྒྱ་ཡོད་ལ། དེ་ཡང་ཟླ་བདུན་པ་ནས་བཟུང་སྦྲང་རྩི་ལེན་འགོ་ཚུགས་ནས་ད་བར་དུ་སྦྲང་རྩི་རྒྱ་མ་སྟོང་བདུན་ལྷག་ཙམ་ཐོན་ཡོད་པ་དང་།གཙོ་བོ་དྲ་ཐོག་བྲིན་འཚོང་བྱེད་བཞིན་ཡོད། སྦྲང་རྩི་བཙོང་བའི་ཚད་རྒྱ་མ་སྟོང་གསུམ་ཡས་མས་སུ་སླེབས་ཡོད་ལ། ཁྱད་ལྡན་ཐོན་ལས་འཕེལ་ཚད་མགྱོགས་ཤིང་ཞིང་བའི་ཡོང་སྒོ་འཕར་སྣོན་བྱུང་།
        ཉེ་བའི་ལོ་འགའི་རིང་ལ། ན་གོར་མོ་གྲོང་ཁྱེར་གྱི་ས་དེ་གའི་མི་རྣམས་ཀྱིས་ཞིམ་མངར་ཐོན་ལས་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་བར་མ་ཟད། དྲ་ལམ་གྱི་གློག་རྡུལ་ཚང་དོན་སྟེགས་བུ་བརྒྱུད་ནས་ཚོང་གཉེར་དྲ་ཚུགས་འཛུགས་སྐྲུན་དང་ཐོན་རྫས་འགྲེམས་འཚོང་བྱེད་པ་སོགས་ཀྱི་ཐབས་ལམ་ལས་རྒྱ་ཆེའི་གསོ་སྤེལ་དུད་ཚང་ལ་སྦྲང་རྩི་གསོག་པའི་ལས་དོན་ལེགས་པོར་གྱུར་ནས་སྦྲང་མ་གསོ་མཁན་གྱི་དུད་ཚང་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་རོགས་འདེགས་བྱས།
        སྟོན་ཚུགས་པའི་རྗེས་སུ་གནམ་གཤིས་སྐམ་ཤས་ཅན་དུ་འགྱུར་འགྲོ་ལ།སྤུས་ལེགས་ཅན་གྱི་སྦྲང་རྩི་ཕོར་བ་གང་གིས་སྟོན་དུས་སྐམ་ཤས་ཆེ་བ་ལས་བྱུང་བའི་མི་བདེ་བའི་སྣང་ཚུལ་མེད་པར་གཏོང་ཐུབ།མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས།དངོས་པོ་འདེམ་པའི་རེ་བ་ཡང་ཇེ་མཐོར་འགྲོ་བཞིན་ཡོད།དེ་བས་དགའ་བསུ་ཐོབ་པའི་འཕང་འབྲས་སྦྲང་རྩི་ལ་གཞན་དང་མི་མཐུན་པའི་ཁྱད་པར་ཅི་ཞིག་ཡོད་དམ།
        ཁྱད་པར་གཙོ་བོ་ནི།དང་པོ།ཐོན་ཚད་ཀྱི་ཁྱད་པར་ཡིན་ལ།འཕང་འབྲས་ཀྱི་སྦྲང་རྩིའི་ཐོན་ཁུངས་ཉུང་བ་དང་ཐོན་འབོར་དམའ་བས་རྩ་ཆེན་དུ་གྱུར་ཡོད།མིག་སྔར་རྒྱལ་ནང་དུ་འཕང་འབྲས་སྦྲང་རྩི་ཐོན་སྐྱེད་བྱེད་པར་ཉིང་ཞ་ཀྲུང་ཉིང་དང་མཚོ་སྔོན་ན་གོར་མོ་གཉིས་ལས་མེད་ལ།དེའི་ནང་མཚོ་སྔོན་གྱི་འཕང་འབྲས་སྦྲང་རྩི་ནི་སྤུས་ཚད་ལེགས་ཤོས་ཡིན།དེའི་རྒྱུ་རྐྱེན་ནི་བཟོ་ལས་ཀྱི་འབོག་བཙོག་ལས་བར་ཐག་རིང་བའི་དབང་གིས་སྤུས་ཚད་རྒྱལ་ནང་དུ་ཡག་ཤོས་ཡིན་པ་དེ་རེད། སྤྱིར་བཏང་གི་སྦྲང་རྩི་ནི་རྩི་བརྒྱའི་མེ་ཏོག་ལས་ཐོན་པ་ཡིན་ཞིང་།མེ་ཏོག་གི་རྩི་ཤིང་གི་གྲངས་འབོར་འདང་ཚེ་ཐོན་སྐྱེད་བྱེད་ཐུབ་པར་མ་ཟད།མེ་ཏོག་སྣ་བརྒྱའི་སྦྲང་རྩི་ནི་མེ་ཏོག་བཞད་པའི་དུས་ཡུན་ཉིན་གསུམ་ནང་སྦྲང་རྩི་ཐེངས་གཅིག་ལེན་ཐུབ་པས་ཆུའི་འདུས་ཚད་ཅུང་མཐོ་བ་དང་ཐོན་ཚད་ཀྱང་དེ་བས་ཆེ་བ་རེད།གཉིས་པ།ཕྱི་དབྱིབས་མི་འདྲ་བ།སྦྲང་རྩི་ཡི་ཕྱི་ངོས་ནས་བལྟས་ན།ཆགས་གཟུགས་དང་ཁ་དོག་མི་འདྲ་ཞིང་།འཕང་འབྲས་སྦྲང་རྩི་ནི་སྤོས་ཤེལ་གྱི་མདོག་ལྟར་ཞིམ་ཞིང་ཞིམ་པ་ཞིག་ཡིན།སྤྱིར་བཏང་གི་སྦྲང་རྩིའི་ཆགས་གཟུགས་ནི་སྐབས་འགར་རིལ་བུ་ཅུང་ཆེ་བ་ལྟར་མཐོང་ཐུབ།ཁ་དོག་གི་སྟེང་ནས་བལྟས་ན།སྤྱིར་བཏང་གི་སྦྲང་རྩི་ལ་མདོག་སེར་པོ་དང་དཀར་པོ།དམར་པོ་བཅས་རིགས་གསུམ་ཡོད་ཅིང་།འཕང་འབྲས་ཀྱི་སྦྲང་རྩི་ནི་འབྱར་ཚིལ་ཅན་གྱི་རྣམ་པ་ཞིག་ཡིན་ལ།མཉམ་བསྲེས་སྦྲང་རྩི་ཞིག་ཀྱང་ཡིན།དེའི་ནང་དུ་མེ་ཏོག་རྡུལ་དང་སྦྲང་ཚིལ།སྦྲང་རྩི་སོགས་གྲུབ་ཆ་མང་པོ་འདྲེས་ཡོད་ཀྱང་ཁྲོམ་རའི་ནང་གི་སྤྱིར་བཏང་གི་སྦྲང་རྩི་ནི་དྭངས་ཤིང་ཆུའི་འདུས་ཚད་ཆེ་བ་དང་།གྲུབ་ཆ་གཅིག་རྐྱང་ཡིན་པ་རེད།གསུམ་ནས།ཚོང་རའི་རིན་ཐང་མི་འདྲ་སྟེ། མེ་ཏོག་རིགས་བརྒྱའི་སྦྲང་རྩི་འདིའི་ཁྱད་ཆོས་དེ་འདྲའི་མངོན་གསལ་མིན་ལ།དཔེར་ན་སྦྲང་རྩིའི་བྲོ་བ་དང་ཁ་དོག ཤེལ་གཟུགས་ཁྱད་གཤིས་སོགས་སྦྲང་རྩི་གཞན་དང་བསྡུར་ན་ཁྱད་ཆོས་མི་འདྲ་བ་མ་ཟད།ད་དུང་སྦྲང་རྩིའི་འབྱུང་ཁུངས་ལ་ངེས་གཏན་རང་བཞིན་མེད་པས་ཐོན་ཚད་དང་འཚོ་བཅུད་ཁྱི་རིན་ཐང་གི་གནད་དོན་འབྱུང་བ་རེད། དེར་བརྟེན་མེ་ཏོག་རིགས་བརྒྱའི་སྦྲང་རྩི་འདིའི་རིན་གོང་མེ་ཏོག་རྐྱང་པའི་སྦྲང་རྩིའི་རིན་གོང་དང་བསྡུར་ན་ཅུང་དམའ་བ་ཡིན། མེ་ཏོག་རྐྱང་པའི་འཕང་འབྲས་སྦྲང་རྩི་འདི་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་ལྡན་ལ།དཔེར་ན་སྦྲང་རྩི་འདིའི་ཁ་དོག་དང་དྲི་མ།དེ་མིན་ཤེལ་གཟུགས་ཁྱད་གཤིས་སོགས་ཁྱད་ཆོས་མངོན་གསལ་ཡིན་ལ།མེ་ཏོག་རྐྱང་པའི་འཕང་འབྲས་སྦྲང་རྩི་འདི་ལ་སྲོལ་རྒྱུན་སྦྲང་རྩིའི་ཕན་ནུས་ཡོད་པའི་དུས་མཚུངས་སུ། སྨན་རྩྭའི་ཕན་ནུས་ལྡན་པའི་ཐོག འཕང་འབྲས་སྦྲང་རྩི་འདིའི་མེ་ཏོག་གི་འབྱུང་ཡུལ་དཀོན་ལ་ཐོན་ཚད་ཀྱང་ཅུང་ཉུང་བས་ཚོང་རའི་རིན་གོང་སྦྲང་རྩི་གཞན་དང་བསྡུར་ན་མཐོ་བ་ཡིན།       མེས་རྒྱལ་གྱི་ནོར་གཞོང་སྟེ།ངོ་མཚར་ཆེ་བའི་ཚྭ་འདམ་གྱི་གནས་མཆོག་འདི་ནས་་གཏེར་ཁའི་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས།རི་སྐྱེས་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དུས་མཚུངས་སུ། ས་གཤིས་ཐོན་ཁུངས་དང་ཆུའི་ཐོན་ཁུངས་ཀྱིས་ཚྭ་འདམ་གྱི་ཁྱད་ལྡན་འཕང་འབྲས་འདི་གསོ་སྐྱོང་བྱས་པ་ཡིན་ལ། ས་གནས་འདིའི་མང་ཚོགས་རྣམས་འཕང་འབྲས་ཐོན་ལས་རྒྱབ་རྟེན་དུ་བཅོལ་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།