ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོར་གསོན་ཤུགས་གསར་པ་རྒྱས།

རྩོམ་པ་པོ།:ཀླུ་མོ་མཚོ་ཡིས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2021-08-18 08:43:52 ཀློག་གྲངས།:
ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོར་གསོན་ཤུགས་གསར་པ་རྒྱས།
      ཡུམ་བུ་བརླ་མཁར་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྨོན་གྲོང་སྒང་སྡེ་ཁུལ་དུ་ཆགས་ཤིང་། ད་ལྟའི་བར་ལོ་ངོ2000ལྷག་གི་ལོ་རྒྱུས་ལྡན་པ་དང་དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཕོ་བྲང་ཐོག་མ་ཡིན། དེང་སྐབས་ཡུམ་བུ་བརླ་མཁར་གྱི་འདབས་སུ་གནས་པའི་སྨོན་གྲོང་སྒང་སྡེ་ཁུལ་གྱིས་ཡུལ་སྐོར་ལས་རིགས་ཤུགས་ཆེན་སྒོས་འཕེལ་རྒྱས་སུ་བཏང་བས་གསོན་ཤུགས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
      སྔོན་ཆད་ཀྱི་བོད་རིགས་མེས་པོ་རྣམས་ཀྱིས་ས་གཞི་འདིའི་སྟེང་བོད་ཀྱི་ལོ་རྒྱུས་ཀྱི་ས་ཞིང་ཐོག་མ་ཟ་ར་ཟོ་དང་ཞིང་རྨོས་བ་དང་། ལས་ལ་བརྩོན་པའི་བོད་རིགས་མི་དམངས་ཀྱིས་ལོ་ནས་ལོ་བར་འདི་གར་ནས་བཏབ་པས། སྟོན་ཁའི་དུས་སུ་ལོ་ལེགས་བསྡུ་ལེན་བྱས་པ་རེད།
 པར་འདི་ནི་བོད་ལྗོངས་ལོ་རྒྱུས་སྟེང་གི་ས་ཞིང་ཐོག་མ་ཟ་ར་ཟོ་དང་ཞིང་ནས་བོད་ཀྱི་མཁར་ཐོག་མ་ཡུམ་བུ་བརླ་མཁར་ལ་བལྟས་པའི་རྣམ་པ་རེད།
    གྲོང་མི་ཚོས་རྨོ་འདེབས་དང་བརྔ་བསྡུ་ལ་སྟབས་བདེ་སྐྲུན་ཆེད། ལོ16གི་གོང་དུ་སྨོན་གྲོང་སྒང་གྲོང་ཚོས་རྨོ་འདེབས་འཕྲུལ་འཁོར2དང་ཐོང་གཤོལ2 ། བརྔ་བསྡུའི་འཕྲུལ་འཁོར4བཅས་ཉོས་པ་རེད།
    མཛེས་སྡུག་ལྡན་པའི་འཚོ་བ་བརྩོན་ལེན་བྱ་ཆེད། སྨོན་གྲོང་སྒང་གི་གྲོང་མིས་ཕྱུག་འགྱུར་ཐབས་ལམ་སྔར་བས་མང་བོ་འཚོལ་ཞིབ་བྱས་ཤིང་། ཡུམ་བུ་བརླ་མཁར་གྱིས་དེའི་གཏིང་ཟབ་ཀྱི་རིག་གནས་ནང་དོན་དང་ལོ་རྒྱུས་ཡུན་རིང་ལྡན་པར་བརྟེན་ནས་སྨོན་གྲོང་སྒང་གྲོང་ཚོར་ཡུལ་སྐོར་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་རྙེད་ཡོད།
    2004ལོ་ནས་བཟུང་། སྨོན་གྲོང་སྒང་གྲོང་ཚོས་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་། ཡུན་རིང་མ་འགོར་བར་བཙོག་ཟིང་ཞན་གསུམ་གྱི་གྲོང་ཚོའི་སྲང་ལམ་མཐོང་རྒྱུ་མེད་པ་དང་། ཐལ་རྡུལ་ལམ་ཡང་ལོ་རྒྱུས་སུ་གྱུར་ནས་ཁོད་ཡངས་བའི་རླངས་འཁོར་འཇོག་ས་དང་། དག་གཙང་གི་ཨར་འདམ་ལམ། གནའ་བོའི་བཟོ་བཀོད་ཀྱི་བོད་ལུགས་སྡོད་ཁང་བཅས་ཀྱི་རྣམ་པ་གསར་པར་གྱུར་ཡོད།
   པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྨོན་གྲོང་སྒང་སྡེ་ཁུལ་གྱི་སྡོད་དམངས་ཞིག་གིས་ལག་ཤེས་ཐོན་རྫས་ཉོ་འཚོང་བྱེད་བཞིན་པའི་ཚུལ་རེད།
   བོད་ཀྱི“མཁར་ལ་སྔ་བ”དང“ཞིང་ལ་སྔ་བའི”མཚན་སྙན་གྲགས་ལ་བརྟེན་ནས་དེང་སྐབས་སྨོན་གྲོང་སྒང་སྡེ་ཁུལ་དུ་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི8ལྷག་ཡུལ་སྐོར་དུ་ཡོང་གིན་ཡོད།
   2016ལོར། ལྷོ་ཁ་འདི་ཉིད་ས་ཁུལ་ནས་གྲོང་ཁྱེར་ལ་བསྒྱུར་བ་དང་སྨོན་གྲོང་སྒང་གྲོང་ཚོའང་སྨོན་གྲོང་སྒང་སྡེ་ཁུལ་དུ་བསྒྱུར་ནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་པ་དང་གྲོང་མིའི་འཚོ་བའང་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད།
    སྨོན་གྲོང་སྒང་སྡེ་ཁུལ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མས“ད་ལྟ་ཡུམ་བུ་བརླ་མཁར་ནི3Aརིམ་པའི་མཛེས་ལྗོངས་ཁུལ་ཡིན་པ་དང་། ད་ལོར་ང་ཚོས4Aརིམ་པའི་མཛེས་ལྗོངས་ཁུལ་ལ་རེ་ཞུ་བྱེད་བཞིན་ཡོད། དེའི་ཆེད་ང་ཚོས་ས་འོག་མདོང་ལམ་བསྐྱར་དུ་བཏིངས་ནས་གྲོང་ཚོ་སྔར་བས་དག་གཙང་དུ་བཏང་ཡོད”ཅེས་བཤད།
   ལོ་ངོ་སྟོང་གི་མཆོང་སྐྱོད་ལས་ཡུམ་བུ་བརླ་མཁར་གྱིས་བོད་ཀྱི་མེས་པོ་ཚོས་ཕྱུགས་རིགས་སྤོ་འཚོའི་འཚོ་བ་སྐྱེལ་བ་ནས་ཞིང་རྨོ་ཐོན་སྐྱེད་བྱེད་པའི་བར་དང་། ད་ཆའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུར་སྐྱོད་པའི་བར་གྱི་འགྱུར་ལྡོག་ལ་བདེན་དཔང་བྱེད་ཐུབ།
   དེང་སྐབས་སྨོན་གྲོང་སྒང་སྡེ་ཁུལ་གྱི་དུད་ཚང་ཚང་མ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ནང་ཞུགས་ཆོག་པ་དང་། གྲོང་མི་ཚོས་ཀྱང་ཡུལ་སྐོར་ལས་རིགས་ཀྱི་དེ་མཚུངས་ཀྱི་ཁེ་སྤོགས་རག་ཡོད། མིག་སྔའི་བར་དུ་སྡེ་ཁུལ་གྱི་མང་ཚོགས་ཚོར་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར18000ལྷག་ཡོད་ཅིང་། སྨོན་གྲོང་སྒང་སྡེ་ཁུལ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་ལྡན་སྡེ་ཁུལ་དུ་གྱུར་ཡོད།
   པར་འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྨོན་གྲོང་སྒང་སྡེ་ཁུལ་དུ་ཨར་སྐྲུན་བྱེད་བཞིན་པའི་ཁྱིམ་ཚང་མགྲོན་ཁང་རེད།
   སྨོན་གྲོང་སྒང་དུ་ད་ལྟ་དུད་ཚང155ཡོད་ཅིང་། ཐུན་མོང་དཔལ་འབྱོར་ལ་ཡུལ་སྐོར་ལས་རིགས་ཕུད། ད་དུང2020ལོའི་ཟླ11པར་བཙུགས་པའི་ཡུམ་བུའི་མགར་ཆུའི་དུད་སྦྲེལ་ཆུ་སྐྱེལ་ཀུང་སིའང་ཡོད། མིག་སྔའི་བར་དུ་ཀུང་སི་དེས་ཆུ་འགྱིག་དམ15000ལྷག་བཙོངས་ནས་ཡོང་འབབ་སྒོར་ཁྲི13ཙམ་མངོན་འགྱུར་བྱུང་ཡོད།
   ལོ་ངོ་སྟོང་གི་གནའ་བོའི་གྲོང་ཚོ་སྨོན་གྲོང་སྒང་ནས་མཛེས་སྡུག་རྣམ་པར་བཀྲ་བའི་གྲོང་གསེབ་ཀྱི་རྣམ་པ་མངོན་པ་དང་། མི་རྣམས་ཀྱིས་ངལ་རྩོལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་ཡོད། 
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།