ཆེས་གསར་གཏོད་འདུ་ཤེས་ལྡན་པའི་བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཁེ་ལས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2021-08-17 17:17:44
ཀློག་གྲངས།:
ཆེས་གསར་གཏོད་འདུ་ཤེས་ལྡན་པའི་བོད་ཀྱི་རིག་གནས་ཐོན་ལས་ཀྱི་ཁེ་ལས།

མཚོ་སྔོན་རྡོ་རྗེ་གསར་བསྐྲུན་རིག་གནས་བཟོ་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་༼སྔོན་གྱི་པེ་ཅིན་རྡོ་རྗེ་རྒྱལ་སྤྱི་ཉོ་ཚོང་ཚད་ཡོད་ཀུང་ཟི༽ནི་༢༠༡༢ལོར་གསར་དུ་བཙུགས་ཤིང་། རྒྱལ་ནང་དུ་བོད་ལུགས་ཁྱིམ་ཆས་ཇུས་འགོད་དང་ཐོན་སྐྱེད། འགྲེམ་ཚོང་བཅས་གཞི་གཅིག་ཏུ་གྲུབ་པའི་ཁྱིམ་ཆས་ཀུང་སི་སྔ་ཤས་ཀྱི་གྲས་རེད། ལོ་ངོ་དུ་མའི་རིང་གི་རྒྱུན་མཐུད་འཕེལ་རྒྱས་བརྒྱུད་ཀྲུང་གོའི་ཆེས་གཞི་རྒྱ་ཆེ་བའི་བོད་ལུགས་ཁྱིམ་ཆས་འདོན་སྤྲོད་བྱེད་མཁན་གྱི་གཙོ་གྲས་སུ་གྱུར།


༼རྡོ་རྗེ༽རྟགས་ཅན་གྱི་ཁྱིམ་ཆས་ཟོང་རྟགས་ནི་མཚོ་སྔོན་གསར་བསྐྲུན་རིག་གནས་བཟོ་ལས་སྒྱུ་རྩལ་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་ཡི་ཁོངས་སུ་གཏོགས་པ་ཡིན་ལ། ཀུང་སི་འོག་གི་ལྟེ་བའི་ཟོང་རྟགས་སུ་གྱུར་ཡོད། ཇུས་འགོད་མཐུན་ཚོགས་རྩེ་གྲ་ཡིས་ལོ་ངོ་༢༠ཡི་དུས་ཡུན་རིང་བོད་ལུགས་ཁྱིམ་ཆས་ཀྱི་ཚོང་རར་དམིགས་གཏད་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། ཞིབ་མོའི་བློ་ཡིས་གསར་བསྐྲུན་བྱས་པའི་བོད་ཀྱི་དེང་རབས་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་ཐོན་རྫས་ཡིན།

༼རྡོ་རྗེ་ཁྱིམ་ཆས༽་ཟོང་རྟགས་ཀྱིས་ཐོན་རྫས་ཕུན་སུམ་ཚོགས་པར་ཆ་སྒྲིག་དང་ཐོན་རྫས་རིགས་མཐུན་སྡེབ་སྒྲིག་ལ་བརྟེན་ཏེ། ཁྱབ་ཆེ་བའི་ངང་ཚོང་རའི་འཛད་སྤྱོད་པ་དང་བདག་གཉེར་བའི་དགོས་མཁོ་བསྐང་བར་མ་ཟད། ཐོན་རྫས་ཚོང་རར་ཁྱབ་གདལ་བྱས་པ་ནས་བཟུང་དེང་རབས་དར་སྲོལ་དང་མཐུན་པའི་བོད་ལུགས་ཁྱིམ་ཆས་ཀྱི་ལམ་ཁྲིད་བྱེད་མཁན་དུ་གྱུར་པ་རེད།


རྒྱལ་སྤྱིའི་ཚོང་རའི་མདུན་གྲལ་ནས་རྐང་བཙུགས་ཏེ་རྒྱལ་སྤྱིའི་ཁྱིམ་ཆས་རིག་གནས་བརྗེ་རེས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་སྤེལ་བྱེད་བཞིན་ཡོད། ད་ལྟ་པེ་ཅིང་དང་ལི་ཅང་། ཁུན་མིང་། ཤམ་བྷ་ལ། ཁྲིན་ཏུའུ། མཚོ་སྔོན། ལྷ་ས་སོགས་ས་ཁུལ་དུ་ཡན་ལག་ཚོང་ཁང་དང་མནའ་ཤོག་ཚོང་ཁང་བཙུགས་ནས་སྡེབ་འཚོང་དང་སིལ་འཚོང་གི་ལས་སྒོ་གཉེར་བཞིན་ཡོད།

ལོ་ངོ་དུ་མའི་རིང་ལ་དར་སྲོལ་གསར་བའི་རྒྱལ་སྤྱིའི་ཁྱིམ་ཆས་རིག་གནས་ལ་རྒྱུས་ལོན་དང་ངོས་འཛིན་བྱས་པ་དང་། མཚོ་བོད་ས་ཁུལ་གྱི་རིག་གནས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། སྔ་གཞུག་ཏུ་བལ་ཡུལ་དང་ཧིན་རྡུ་ཉི་ཞི་ཡ། ཐེ་ལན་བཅས་ཡ་གླིང་ཤར་ལྷོའི་རྒྱལ་ཁབ་མང་པོ་ཞིག་གི་ཁྱིམ་ཆས་ཐོན་སྐྱེད་བཟོ་གྲྭ་དང་ཡུན་རིང་ཞིང་བརྟན་འཇགས་ཡིན་པའི་མཉམ་ལས་འབྲེལ་བ་བཙུགས།
ད་ལྟ་རྒྱལ་ནང་དུ་ཡ་གླིང་ཤར་ལྷོའི་རྒྱན་ཆས་བརྒྱུད་འཚོང་བྱེད་པའི་ཁེ་ལས་ཆེས་ཆེ་བ་རུ་གྱུར་ཡོད་ལ། བྱང་ཆ་ལྡན་པའི་རྒྱལ་སྤྱིའི་བདག་གཉེར་དང་བརྒྱུད་འཚོང་གི་ཉམས་མྱོང་བསགས་ཡོད། གཞན་ཧིན་རྡུ་ཉི་ཞི་ཡ་དང་ཐེ་ལན་དུ་བཟོ་གྲྭ་བཙུགས་ཟིན་པ་དང་། ནང་འདྲེན་ཕྱིར་གཏོང་གི་དབང་ཆ་དང་ཆེད་ལས་ཀྱི་སྐྱེལ་འདྲེན་ཚོགས་པ། སྒོ་ཁྲལ་གནས་ཞུ་བྱེད་མཁན་གྱི་ཆེད་ལས་མི་སྣ་བཅས་ཀྱི་ཆ་རྐྱེན་ཡང་འཛོམས་ཡོད།
ངེད་ཀུང་སི་ནི་ཇུས་འགོད་དང་སྒྲིག་བཟོ། ཕྱིར་འཚོང་བཅས་གཞི་གཅིག་ཏུ་གྲུབ་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་རྒྱལ་སྤྱིའི་ཚོང་དོན་ཀུང་སི་ཞིག་ཡིན་པའི་ངོས་ཐད་ནས། ཀུང་སི་ལ་སྟོབས་དང་ལྡན་པའི་ཇུས་འགོད་ཚོགས་པ་དང་ཞིབ་ཚགས་ཅན་གྱི་དོ་དམ་ཚོགས་པ། གྲིམ་ཞིང་ལེགས་པའི་བཟོ་བསྐུན་རུ་ཁག་སོགས་ཀྱི་ཆ་རྐྱེན་འཛོམས་ཡོད་ལ། སྤུས་ལེགས་དང་སྣ་མང་རང་བཞིན་གྱིས་མཛད་སྤྱོད་པར་མ་བཅོས་རང་བྱུང་དང་། ཁོར་ཡུག་སྲུང་སྐྱོང་། མི་གཤིས་ཅན་གྱི་ཁྱིམ་ཆས་མཛེས་སྤྲས་སྒྱུ་རྩལ་ཐོན་རྫས་གསར་བཟོ་བྱས་ཡོད།། གཞན་གསར་བསྐྲུན་དང་ཆེད་ལས། ཚན་རྩལ་བཅས་འདུ་ཤེས་སུ་བཟུང་སྟེ་རྒྱུ་སྤུས་ལ་ཁག་ཐེག་བྱས་ཡོད་པ་རེད།
དེང་གི་ཁྱིམ་ཆས་རིག་གནས་ཀྱི་དར་སྲོལ་གསར་བའི་འཕེལ་ཕྱོགས་ལ་ཅི་དགར་བལྟ་དུས། སྣ་གཅིག་ཅན་གྱི་བདག་གཉེར་དཔེ་དབྱིབས་དེ་རིམ་གྱིས་ཐོན་རྫས་མཐུན་སྒྲིག་དང་། ཇུས་འགོད། ཞིབ་འཇུག་དང་གསར་སྤེལ། རྒྱལ་སྤྱིའི་བརྗེ་རེས། མང་ཚོགས་ལ་ཞབས་ཞུ་བཅས་གཞི་གཅིག་ཏུ་འདྲེས་པའི་ཆེད་ལས་ཀྱི་ཁེ་ལས་སུ་འགྱུར་བཞིན་ཡོད་པ་ཞིག་རེད།
དེ་བས་ང་ཚོས་དམངས་སྲོལ་རིག་གནས་སྣ་ཚོགས་ལ་རྒྱུས་ལོན་དང་། རིག་གནས་དང་འཚོ་བ་ལ་ངོས་ཟིན་ཟབ་མོ་བླངས་པ་བརྒྱུད་མཛད་སྤྱོད་པའི་དགོས་མཁོ་མི་འདྲ་བར་དམིགས་ཏེ་གསར་བཟོའི་ཁྱིམ་ཆས་ཇུས་འགོད་འདུ་ཤེས་དང་ཞིབ་ཚགས་ཅན་གྱི་བཟོ་བསྐྲུན་ལས་འཛིན་དོ་དམ། ཕུལ་དུ་བྱུང་བའི་བཟོ་བསྐྲུན་སྤུས་ཀ ཉོ་ཚོང་རྗེས་ཀྱི་ཞབས་ཞུ་ལེགས་པོ་བཅས་འདོན་སྤྲོད་བྱེད་བཞིན་ཡོད། དེ་མིན་ད་དུང་ལུགས་དང་མཐུན་པའི་ཁྱིམ་ཆས་སྒྲིག་བཀོད་དང་། ཁྱད་ཆོས་གཅིག་མཐུན་གྱི་མཛེས་སྤྲོས་རྒྱན་རིས་དང་མཉེན་ཆས་ཆ་སྒྲིག་སོགས་ཀྱི་ཞབས་ཞུ་ཡང་བསྒྲུབ་བཞིན་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།