མཚོ་ལྷོའི་ཕྱོགས་བསྡུས་རླུང་འཕྲིན་དངོས་སུ་གཏོང་མགོ་བརྩམས།

རྩོམ་པ་པོ།:ཀུན་བཟང་རྡོ་རྗེ། ཡོང་ཁུངས།:ཉིན་རེའི་གངས་ལྗོངས། དུས་ཚོད།:2021-08-04 09:03:26 ཀློག་གྲངས།:
མཚོ་ལྷོའི་ཕྱོགས་བསྡུས་རླུང་འཕྲིན་གཏོང་མགོ་ཚུགས་པའི་མཛད་སྒོ་བསྡུས།        
       ཟླ8པའི་ཚེས3ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིFM90.0གསར་འགྱུར་ཕྱོགས་བསྡུས་རླུང་འཕྲིན་གཏོང་མགོ་ཚུགས་པའི་མཛད་སྒོ་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བསྡུས། 
       མཛད་སྒོའི་སྟེང་ལ་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཅིན་ཕིང་དང་། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཚེ་དབང་རིག་འཛིན། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ།  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀྲང་ཞའོ་ཝེ། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་ལྟ་སྐུལ་བ་གཞོན་པ་དབང་གྲགས་ཚེ་རིང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཡོང་བྷ། མཚོ་ལྷོ་ཁུལ་བོད་སྐད་ཡིག་ཆ་འཕྲིན་ལྟེ་གནས་ཀྱི་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རིན་རྡོ་རྗེ་རབ་བརྟན། མཚོ་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐའེ་ཀྲང་ཚེ་བྱམས་རྒྱལ་སོགས་འབྲེལ་ཡོད་མགོ་ཁྲིད་དང་སྨྱན་སྦྱོར་སྡེ་ཁག་སོ་སོའི་འཐུས་ཚབ་དང་གསར་འགོད་པ་སོགས་མི100ལྷག་ཞུགས་པ་རེད། ཐེངས་འདིའི་མཛད་སྒོ་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ་ཡིས་འགོ་འཛིན་མཛད་པ་དང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཅིན་ཕིང་གིས་ཤིས་ཚིག་ཕུལ། 
མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་རིན་བྷེ་ཡིས་མགོ་འཛིན་མཛད་བཞིན་པ།
མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཅིན་ཕིང་གིས་ཤིས་ཚིག་འབུལ་བཞིན་པ།
       ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་མཚོ་ལྷོ་ཁུལ་ཏང་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག  མཚོ་ལྷོའི་གཏམ་རྒྱུད་སྙན་མོ་བརྗོད་པ་དང་།  མཚོ་ལྷོའི་སྣང་བརྙན་ལེགས་སྐྲུན་བྱས་ཏེ་རླུང་བརྙན་འཕྲིན་གྱི་ལས་དོན་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ། སྔ་རྗེས་སུ་བོད་རྒྱ་སྐད་ཡིག་གཉིས་ཀྱི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་དང་། གཞུང་ཕྱོགས་དྲ་ཚིགས།  ཁ་པར་མགྲོན་སྣེ་“མཚོ་ཡི་ལྷོ་རྒྱུད”སོགས་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་ཕན་ཚུན་སྤེལ་རེས་ཀྱི་རྣམ་པ་གསར་པ་བཏོད་དེ་མཆོང་སྐྱོད་ཀྱི་འཕེལ་རྒྱས་བྱུང་།       གསར་འགྱུར་ཕྱོགས་བསྡུས་རླུང་འཕྲིནFM90.0གཏོང་མགོ་ཚུགས་པ་དེ་བོད་འབྲེལ་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་བྱ་ཐབས་ཤིག་ཡིན་པ་དང་། མཚོ་ལྷོ་ཁུལ་གྱི་སྨྱན་སྦྱོར་གཙོ་བོའི་བརྒྱུད་སྒྲོག་ནུས་པ་དང་། ཤུགས་རྐྱེན་ཐེབས་ཤུགས་སོགས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་ཆེད་ཡིན་ལ།   རླུང་འཕྲིན་གྱི་མགྱོགས་འགྲོས་དང་།ཁྱབ་ཁྱོན་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་གླེང་ཕྱོགས་མཐའ་འཁྱོངས་དང་ཕུན་སུམ་ཚོགས་པའི་ནང་དོན་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཕྱོགས་སྟོན་འདུ་ཤེས་དང་། སྤུས་ཚད་སྔར་བས་ཆེ་རུ་བཏང་སྟེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཟིན་ཐོ་བཀོད་པ་དང་། བརྗོད་བྱ་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་སྤེལ་བྱས་ནས་མཚོ་ལྷོའི་འཕོ་འགྱུར་དང་། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལེ་ཚན་མང་པོ་ཞིག་བསྒྲུབ་པར་དམིགས་པ་རེད།        2020ལོར་རྒྱལ་ཁབ་སྤྱི་ཁྱབ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་ཞེས་པར་བསྒྱུར་བ་དང་། FM90.0གསར་འགྱུར་ཕྱོགས་བསྡུས་རླུང་འཕྲིན་ཤར་གཏོང་བྱས་པ་འབྲེལ་རླུང་འཕྲིན་ལས་སྒོ་མང་དུ་བཏང་ནས་གསར་འགྱུར་ཕྱོགས་བསྡུས་རླུང་འཕྲིན་ལེ་ཚན་ཆ་ཚང་ཞིག་གཉེར་རྒྱུར་མོས་མཐུན་བྱུང་། རྒྱལ་ཡོངས་སུ་རླུང་འཕྲིན་གཏོང་ཚད་དང་། བརྙན་འཕྲིན་འཕྲིན་ལམ་ཉུང་དུ་གཏོང་བའི་ཁོར་ཡུག་ཆེན་པོའི་འོག   རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་རང་རྒྱལ་གྱི་ཁུལ་རིམ་པའི་རླུང་འཕྲིན་སྤྱོད་ཚད་སླར་གསོ་བྱ་རྒྱུའི་ཆོག་མཆན་གནང་བ་དེ་ནི་ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཡིན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཏང་གི་བོད་སྐྱོང་སྲིད་ཇུས་དང་བོད་འབྲེལ་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཡིན་པ་དང་། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྔར་ཡོད་ཀྱི་བརྙན་འཕྲིན་ལེ་ཚན་ལེགས་པར་གཉེར་བའི་རྨང་གཞིའི་སྟེང་རླུང་འཕྲིན་ལེ་ཚན་ཧུར་བརྩོན་གྱིས་བསྒྲུབས་པ་དང་། སྨྱན་སྦྱོར་གྱི་ཤུགས་རྐྱེན་ནུས་པ་དང་། ཁྲིད་སྟོན་ནུས་པ། ཚོང་རྟགས་གྲགས་ཅན་གྱི་ནུས་པ་བཅས་མཐོར་འདེགས་ཆེས་ཆེར་བཏང་ནས་། གཙོ་རྒྱུགས་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ཏེ།  ཆབ་སྲིད་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ངེས།
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།