༄༅།༼གཏེར་ལམ་སྐོར་བྲོ༽གསར་རྩོམ་ཕབ་སྐྲུན་མཛད་སྒོ་གཏེར་ལམ་རྫོང་དུ་བསྡུས། 

རྩོམ་པ་པོ།: བསོད་རྡོ།  ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-08-03 09:08:24 ཀློག་གྲངས།:
       ཉེ་ཆར།     ས་གནས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་།གཏེར་ལམ་རྫོང་གི་རིགས་སོ་སོའི་མང་ཚོགས་ཀྱི་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ།ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་ལེགས་སྐྱེས་འབུལ་བ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་རིག་རྩལ་དར་ཆ་མཐོན་པོར་བསྒྲེང་ཏེ་དམངས་སེམས་གཅིག་སྒྲིལ་དང་རིག་རྩལ་དར་སྤེལ།སྣང་བརྙན་བཞེངས་སྐྲུན་གྱི་དགོངས་དོན་དངོས་འབེབས་བྱེད་ཆེད།གཏེར་ལམ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐུགས་ཁུར་དང་མཛུབ་སྟོན་འོག གཏེར་ལམ་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་།གཏེར་ལམ་རྫོང་གསེར་ཁྱུང་སྐོར་བྲོ་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་ལ། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་རི་དཀར་པོ་གློག་བརྙན་འཕྲིན་རིག་གནས་སྨྱན་བྱེད་ཚད་ཡོད་ཀུང་ཟིས་མཉམ་འབྲེལ་ངང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་མཚར་སྡུག་གཏེར་ལམ་མཉམ་དུ་བསྐྲུན་ཞེས་པ་བརྗོད་དོན་དུ་བཟུང་བའི༼གཏེར་ལམ་སྐོར་བྲོ༽གསར་རྩོམ་ཕབ་སྐྲུན་མཛད་སྒོ་གཏེར་ལམ་རྫོང་དུ་བསྡུས།       གཏེར་ལམ་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་མགོ་གཙོ་རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར། ཐེངས་འདིའི༼གཏེར་ལམ་སྐོར་བྲོ ༽ལ་མཚོན་ནས་བཤད་ན། ལོ་ངོ་ལྔ་ལྷག་གི་རིང་ལ་ཐོག་མའི་འཆར་འགོད་དང་བར་གྱི་གསར་རྩོམ་སོགས་ཀྱི་བྱ་བ་མགོ་བཟུང་ནས་ད་ལྟ་ཡིན་ན་ཆེས་མཐའ་མཇུག་གི་ཕབ་སྐྲུན་དང་དར་སྤེལ་གྱི་ལས་མཚམས་སུ་ཐོན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་རྩལ་བྱ་བར་བཏོན་པའི་དགོངས་དོན་ལྟར། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་དང་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ།བདེ་ཐང་གི་ལུས་ཕུང་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་སོགས་ལ་དམིགས་ནས་དགེ་ཕན་ལས་ཀ་འདི་བསྒྲུབས་པ་ཡིན། ང་ཚོའི་སྐོར་བྲོ་ལ་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། ད་དུང་མིང་གྲགས་ཆེད་མཁས་དག་གདན་འདྲེན་ཞུས་ནས་བརྩམས་ཆོས་ཀྱི་སྤུས་ཀར་ཁག་ཐེག་བྱས་ཡོད་ཟེར།       ཕབ་སྐྲུན་མཛད་སྒོའི་སྟེང་། གཏེར་ལམ་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་རྫོང་འཕྲལ་བསྟུན་དོ་དམ་ཅུའུ།གཏེར་ལམ་རྫོང་གསེར་ཁྱུང་སྐོར་བྲོ་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་གསར་རྩོམ་མི་སྣ།འགན་ཁུར་བ་གཙོ་བོ། དེ་མིན་ད་དུང་ཕབ་སྐྲུན་ལས་ཁུངས་ཀྱི་གསར་རྩོམ་མི་སྣ་དང་རིག་རྩལ་ཞབས་བྲོ་འཁྲབ་སྟོན་པ་སོགས་མི་ལྔ་བཅུ་ལྷག་ཞུགས་ཤིང་། གཙོ་སྒྲུབ་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་འགན་ཁུར་བས་ཕབ་སྐྲུན་མཛད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། གཙོ་སྒྲུབ་ལས་ཁུངས་ཀྱི་འགོ་ཁྲིད་པས་བླང་བྱ་བཏོན་དོན། རེ་བ་ལ་འགན་སྒྲུབ་ལས་ཁུངས་དང་ཕབ་སྐྲུན་ལས་ཁུངས་ཀྱིས་ཐེངས་འདིའི་གཏེར་ལམ་སྐོར་བྲོ་གསར་རྩོམ་དང་ཕབ་སྐྲུན་གོ་རིམ་ཁྲོད་དུས་རབས་གསར་བའི་རིག་རྩལ་གསར་རྩོམ་གྱི་དགོངས་གཞི་ལྟར།དུས་རབས་གསར་བར་བསམ་བློ་གསར་བ་གླེང་ཏེ།སྤུས་ལེགས་བརྩམས་ཆོས་གསར་རྩོམ་བྱ་བ་ལག་བསྟར་བྱེད་པ་དང་།མཛའ་མཐུན་དང་མཐུན་སྒྲིལ་གྱི་ཀྲུང་ཧྭའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་སྟེ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་སྙིང་སྟོབས་ཡིད་ལ་དམ་པོར་བཅངས་ནས། སྤུས་ཚད་མཐོ་བའི་སྒོ་ནས་༼གཏེར་ལམ་སྐོར་བྲོ༽ཡི་གསར་རྩོམ་བྱ་བ་ལེགས་པོར་བསྒྲུབ་དགོས་པ་བསྟན།        ཕབ་སྐྲུན་ཚན་ཆུང་གིས་གཟའ་འཁོར་གཅིག་རིང་གི་དུས་ཚོད་བེད་སྤྱད་དེ།གཏེར་ལམ་རྫོང་གི་གནས་སྐོར་ལྗོངས་ཁུལ་གྲངས་ཅན་ཏེ་གཏེར་ལམ་གནའ་བོའི་བང་སོའི་ཁྱུ་ཚོགས་དང་མེ་ཏོག་ལུང་པ། མགྲོན་ལམ། བཀྲ་ཤིས་ཆུ་སྒང་། དཔོན་ས་རི་རྒྱུད་དང་རྒུ་རུ་ལུང་པ་སོགས་སུ་ཡུལ་དངོས་བརྙན་ཕབ་བྱས་ཤིང་།གཏེར་ལམ་རྫོང་གི་རིག་རྩལ་ལས་གཉེར་བ་དང་ལས་རིགས་སོ་སོའི་མང་ཚོགས་རྣམས་གཏེར་ལམ་སྐོར་བྲོ་འཁྲབ་སྦྱོང་དང་འཁྲབ་སྟོན་ཕབ་སྐྲུན་ལ་ཞུགས་ཡོད་ལ། དེའི་ནང་བོད་རྒྱ་སོག་གསུམ་གྱི་མི་རིགས་འཁྲབ་སྟོན་ནང་ཞུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྐས་རིམ་གསར་བར་སྐུལ་ཁྲིད་བྱས་ཤིང་།མཐུན་སྒྲིལ་མཉམ་གཤིབ་ཀྱི་རིག་རྩལ་གསར་རྩོམ་གྱིས་མཉམ་དུ་འབད་བརྩོན་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་བྱེད་ཕྱོགས་ལ་ལེའུ་གསར་བ་བྲིས། 
       རྒྱུས་ལོན་པ་ལྟར་ན། ཐེངས་འདིར་གསར་རྩོམ་གནང་བའི་༼གཏེར་ལམ་སྐོར་བྲོ༽ནི་ཞིང་ཆེན་ཕྱི་ནང་གི་མིང་དུ་གྲགས་པའི་རྩོམ་རིག་དང་སྒྱུ་རྩལ་ཐད་ཀྱི་ཆེད་མཁས་པ་དག་གདན་འདྲེན་ཞུས་ནས་སྐོར་བྲོའི་ཚིག་དང་དབྱངས་བརྩམས་ཤིང་། རོལ་མོ་སྒྲིག་བཟོ་དང་འཁྲབ་ལེན་སོགས་ཀྱི་ལས་རིམ་ཡོད་ཚད་ཆེད་ལས་མི་སྣས་ཚད་ལྡན་དུ་གསར་རྩོམ་བྱས་ཡོད་པས།ནང་དོན་ཐད་ནས་ལོ་རྒྱུས་དང་དུས་རབས་རང་བཞིན་གྱི་དོན་སྙིང་ལྡན་ལ། གཏེར་ལམ་གྱི་ཁྱད་དུ་འཕགས་པའི་མི་ཆོས་ཡུལ་ལྗོངས་དང་དམངས་སྲོལ་རིག་གནས་ངོམ་པར་བྱས་ཏེ་གཏེར་ལམ་ཕྱི་ལ་དྲིལ་སྒྲོག་བྱེད་པར་དེ་བས་དོན་སྙིང་ལྡན།བརྩམས་ཆོས་རྒྱལ་སྟོན་དུས་ཆེན་སྐབས་སུ་རྒྱ་ཆེ་བའི་མང་ཚོགས་ཁྲོད་དགྲམ་སྟེ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཁྱབ་གདལ་གཏང་རྒྱུ་རེད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།