ལིས་ཀང་འཁོར་དང་བཅས་པས་མཚོ་ལྷོའི་འགྲེམ་སྟོན་ལ་ཞིབ་གཟིགས་གནང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་ཁུལ་དྲ་ལམ་བརྙན་འཕྲིན་ཁང་། དུས་ཚོད།:2021-07-22 08:32:06 ཀློག་གྲངས།:
 ཟླ་བདུན་པའི་ཚེས21ཉིན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གཉིས་པ་ཐོན་ལ་ཉེ་བའི་སྐབས་འདིར། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཅན་ཕིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁྲིན་ཧྲུའུ་ཧྲན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཅིན་ཕིན་འཁོར་དང་བཅས་པ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་འགྲེམས་སྟོན་ཁངcརུ་ཕེབས་ནས་རང་ཁུལ་གྱི་འགྲེམ་སྟོན་བྱ་བའི་གྲ་སྒྲིག་གི་གནས་ཚུལ་ཞིབ་ཏུ་རྒྱུས་ལོན་དང་རེ་བ་བཏོན།
   ལིས་ཀང་གིས་ནན་གྱིས་བསྟན་དོན། མཚོ་ལྷོ་ཁུལ་གྱིས་ཐེངས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་ས་གནས་རང་གི་ཁྱད་ཐོན་དངོས་རྫས་འགྲེམས་སྟོན་བཟང་བོ་བྱེད་པ་དང་དྲིལ་སྒྲོག་བཟང་བོ་བྱེད་པ། ཐོན་ལས་ཆེན་པོ་བཞི་ལ་བརྟེན་ནས་མཚོ་ལྷོའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་གཏོང་དགོས་པར་བསྟན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།