མཚོ་བོད་མཐོ་སྒང་བརྒྱུད་མྱོང་བའི་གནའ་བོའི་བསེ་ཆེན་ཞིག་རྙེད་པ།

རྩོམ་པ་པོ།:པད་མ་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2021-07-14 09:20:58 ཀློག་གྲངས།:
རིང་ཚད་ལ་སྨི1ལས་བརྒལ་བ་དང་། མ་མགལ་རུས་པ་དང་སྐེ་ཚིགས་ཡོད་པའི་མགོ་རུས་ཆ་ཚང་ཞིག་ལ་གཞིགས་ཏེ། ཀྲུང་མེ་ཚན་རིག་པས་གནའ་བོའི་བསེ་ཆེན་གྱི་རིགས་གསར་པ་སྟེ། ལིན་ཞ་གནའ་བོའི་བསེ་ཆེན་ཞིག་རྙེད་པར་མ་ཟད། བདེན་དཔང་གཞན་དག་དང་ཟུང་འབྲེལ་བྱས་ནས་བསྐལ་པ་ཡ་ཐོག་གི་གཅན་གཟན་ཆེན་པོའི་རིགས་འདི་མཚོ་བོད་མཐོ་སྒང་བརྒྱུད་ནས་གནས་སྤོ་དང་མཆེད་པའི་གོ་རིམ་གྱི་གསང་བ་ཕྱིར་འདོན་བྱས་པ་རེད། འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་རྣམས་ཚེས17ཉིན་རྒྱལ་སྤྱིའི་དུས་དེབ་《བརྡ་འཕྲིན· སྐྱེ་དངོས་རིག་པ》ཞེས་པའི་སྟེང་དུ་བཀོད་ཡོད།
གནའ་བོའི་བསེ་ཆེན་ནི་སའི་གོ་ལའི་ལོ་རྒྱུས་སྟེང་དུ་བྱུང་མ་མྱོང་བའི་སྐམ་སའི་འོ་གསོའི་སྲོག་ཆགས་ཆེ་ཤོས་དེ་ཡིན་ཞིང་། དེ་ཚོར་རྐང་ལག་རིང་པོ་ཡོད་པར་མ་ཟད། ད་རུང་སྐེ་རིང་པོ་ཞིག་ཀྱང་ཡོད་པ་དང་། རྒྱུན་པར་ནགས་ཁྲོད་དུ་འཚོ་བ་རོལ་ནས་ཤྭ་བ་སྐེ་རིང་བཞིན་ཤིང་སྡོང་སྟེང་གི་ལོ་མ་བཙལ་ནས་ཟ་བ་ཡིན། གནའ་བོའི་བསེ་ཆེན་གྱི་ལུས་པོའི་ལྗིད་ཚད་ཆེས་ཆེ་བར་ཏུན24ཡོད་ཅིང་། དེ་ནི་ཧྥེ་གླིང་གི་གླང་ཆེན་བཞིའི་ལུས་པོའི་ལྗིད་ཚད་ཀྱི་བསྡོམས་གྲངས་ཡིན་པ་དང་། དེ་ཡར་ལངས་དུས་མགོ་བོ་སྨི7གྱི་མཐོ་ཚད་དུ་བསྲིངས་ཐུབ།ཞིབ་འཇུག་རྣམ་གྲངས་འདིའི་སྣེ་ཁྲིད་མཁན་ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཏེང་ཐའོ་ཡིས་མཚམས་སྦྱོར་བྱས་དོན། ཐེངས་འདིར་རྙེད་པའི་མགོ་རུས་ནི་མཚོ་བོད་མཐོ་སྒང་གི་བྱང་ཤར་མཐའ་མཚམས་ཀྱི་ཀན་སུའུ་ལིན་ཞ་གཤོངས་སའི་ལོ་ངོ་ཁྲི2650ཡར་སྔོན་གྱི་ས་རིམ་ཁྲོད་ནས་རྙེད་པ་ཡིན། “གནའ་བོའི་བསེ་ཆེན་རིགས་རྒྱུད་ཀྱི་རིགས་གཞན་དག་དང་བསྡུར་ན། ལིན་ཞའི་གནའ་བོའི་བསེ་ཆེན་གྱི་ལུས་བོངས་ཧ་ཅང་ཆེ་ཞིང་། དེས་སྣ་མཉེན་མོས་ཟས་ལེན་པ་དང་། དེ་ནས་སྐྱེན་འགྱུར་ཆེན་པོ་ལྡན་པའི་སྐེ་ཚིགས་རིམ་འགྱུར་བྱུང་བ་རེད། དེ་བས་ཀྱང་ཆེ་ཞིང་མཐོ་བའི་ཀླད་ཚིགས་ཀྱིས་སྐེ་ཚིགས་རིང་པོའི་སྟེང་གི་མགོ་རུས་ཆེན་པོར་འདེགས་ཤུགས་མཁོ་འདོན་བྱས་ཡོད”ཅེས་ཏེང་ཐའོ་ཡིས་བཤད།མཚམས་སྦྱོར་བྱས་པ་ལྟར་ན། གནའ་བོའི་བསེ་ཆེན་ནི་ལོ་ངོ་ཁྲི4200ཡར་སྔོན་ནས་བྱུང་མགོ་ཚུགས་པ་དང་། ལོ་ངོ་ཁྲི2100ཡར་སྔོན་དུ་རིགས་རྒྱུད་ཆད་པ་རེད། གཙོ་བོ་ཡ་གླིང་དུ་འཚོ་བ་དང་མཚོ་བོད་མཐོ་སྒང་གི་ལྷོ་བྱང་ཕྱོགས་སུ་ཁྱབ་ཡོད། དེ་ཚོ་ནི་མཚོ་བོད་མཐོ་སྒང་གི་ལྷོ་བྱང་ཕྱོགས་སུ་ཅི་ལྟར་གནས་སྤོ་བྱས་པ་ཡིན་ནམ།“གནའ་བོའི་བསེ་ཆེན་ནི་དཀར་ཟས་ཟ་མཁན་ཡིན་ཞིང་།  ཡ་གླིང་ལྟེ་བའི་སོག་པོ་མཐོ་སྒང་ནི་ད་ལྟའི་བར་གྱི་ལོ་ངོ་ཁྲི3000ནང་གི་གསར་སྐྱེས་དུས་རིམ་ནས་རིམ་བཞིན་ཐན་པར་འཕེལ་རྒྱུས་བྱུང་སྟེ། གནའ་བོའི་བསེ་ཆེན་གྱིས་ཟས་ཆོག་པའི་ཤིང་སྡོང་ཇེ་ཉུང་དུ་གྱུར་པ་རེད། དེར་བརྟེན། ཁོ་ཚོ་ཡ་གླིང་ལྟེ་བ་ནས་རིམ་བཞིན་དེ་བས་དྲོད་ཁོལ་ལྡན་ཞིང་བརླན་ཆེ་བའི་ཡ་གླིང་ལྷོ་མའི་ཕྱོགས་སུ་གནས་སྤོ་བྱས་པ་རེད”ཅེས་ཏེང་ཐའོ་ཡིས་བཤད་པ་དང་། ཡ་གླིང་ལྷོ་མར་བསྐྱོད་པའི་ཐད་ཀའི་ལམ་ཐིག་ལ་གུའུ་ཐེ་ཐིས་སི་མཚོ་ཡིས་བར་མཚམས་བཅད་དེ། ཁོ་ཚོས་མཇུག་མཐར་མཚོའི་ཤར་ངོགས་བརྒྱུད་དེ་བོད་ལྗོངས་ས་ཆའི་མཚོ་ངོས་དམའ་བའི་གཞོང་ས་བརྒྱུད་ནས་གནས་སྤོ་བྱས་པ་རེད།ཏེང་ཐའོ་ཡིས་བཤད་རྒྱུར། ལམ་ཐིག་འདིར་བདེན་དཔང་གཞན་དག་གིས་རྒྱབ་སྐྱོར་བྱས་ཡོད་དེ། མཚོ་བོད་མཐོ་སྒང་གི་དཀྱིལ་ཕྱོགས་གསར་སྐྱེས་དུས་རིམ་གྱི་ས་ངོས་རིམ་པའི་ཁྲོད་ནས་རྙེད་པའི་ཉ་རིགས་དང་། སྐྱེ་དངོས་འགྱུར་རྡོའི་ཁྲོད་ནས་ཚ་ཁུལ་གྱི་ཁྱད་ཆོས་མངོན་པ་ཡིས་མཚོ་ངོས་ཀྱི་མཐོ་ཚད་སྨི2000ལས་མི་བརྒལ་བ་མཚོན་ཡོད། གནའ་བོའི་བསེ་ཆེན་ནི་སྔ་དུས་ཀྱི་གསར་སྐྱེས་དུས་རིམ་ནས་ཡ་གླིང་ལྷོ་མར་མཆེད་དེ་དེའི་རྗེས་རབས་པ་རྣམས་གསར་སྐྱེས་དུས་རིམ་མཇུག་གི་དུས་སུ་ཀན་སུའུ་དང་། ཤིན་ཅང་དུ་ཕྱིར་ལོག་པ་རེད། འདིས་མཚོ་བོད་ས་ཁུལ་ནི་སྐབས་དེར་དེང་གི་མཐོ་སྒང་དུ་འཕར་མེད་པ་དང་། གནའ་བོའི་བསེ་ཆེན་ལྟ་བུའི་འོ་གསོའི་སྲོག་ཆགས་ཆེན་པོ་འདི་འདྲ་མཆེད་པར་བཀག་འགོག་བྱེད་པའི་མཐོ་ཚད་ལ་སླེབས་མེད་པ་བདེན་དཔང་བྱས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།