༄༅།། ཟླ5ཚེས26ཉིན་ལ་མཐོང་དཀོན་པའི་ཟླ་བ་ཆེན་པོ་ཞིག་ཤར་རྒྱུ་རེད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས།
དུས་ཚོད།:2021-05-25 09:56:28
ཀློག་གྲངས།:
གནམ་རིག་ཚན་རིག་ཁྱབ་སྤེལ་རིགས་གཅིག་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། ཟླ5ཚེས26ཉིན། ཟླ་བ་ཧྲིལ་འཛིན་དང་ཟླ་བའི་དཀྱིལ་འཁོར་ཆེན་པོ་མཁའ་དབྱིངས་སུ་འཆར་རྒྱུ་རེད། སྐབས་དེར་གནམ་གཤིས་ཡག་པོ་ཡོད་ཚེ་རང་རྒྱལ་གྱི་ས་ཆ་མང་པོ་ནས་ཟླ་བའི་དཀྱིལ་འཁོར་དམར་ལ་ཆེ་བ་ཞིག་མཐོང་ཐུབ་རྒྱུ་རེད།
ཐན་ཅིན་གྲོང་ཁྱེར་གནམ་རིག་རིག་གཞུང་ལྷན་ཚོགས་ཀྱི་ལས་འཛིན། ཐན་ཅིན་ཚན་རྩལ་ཁང་གནམ་རིག་ཚན་རྩལ་ཁྱབ་སྤེལ་གྱི་རིགས་གཅིག་མཁས་ཅན་སུང་ཡོན་ཡོན་གྱིས་ཟླ་འཛིན་ལ་ཟླ་བ་ཕྱེད་འཛིན་དང་ཟླ་བ་ཆ་འཛིན། ཟླ་བ་ཧྲིལ་འཛིན་བཅས་ཡོད་ཅིང་། དེའི་ནང་ཟླ་བ་ཧྲིལ་འཛིན་གསལ་ཤོས་དང་སྙིང་རྗེ་ཤོས་རེད་ཅེས་བརྗོད་པ་རེད།
ཟླ་བ་ཧྲིལ་འཛིན་ཆགས་པའི་བརྒྱུད་རིམ་ཁྲོད། ཟླ་འཛིན་བྱུང་བའི་ཐོག་མའི་སྐད་ཅིག་མ་དང་ཟླ་འཛིན་མཇུག་བསྒྲིལ་མ་ཐག་གི་བར་མཚམས་དེར། ཟླ་བའི་གོ་ལ་མི་རྣམས་ཀྱི་མཐོང་སྣང་ནས་ཡལ་མི་སྲིད་ལ། དུས་དེར་ཟླ་བ་ཟངས་མདོག་ལ་གྱུར་བ་དེར་མི་རྣམས་ཀྱིས་ཟླ་བའི་དཀྱིལ་འཁོར་དམར་པོ་ཟེར་གྱི་ཡོད།
གནམ་རིག་སྔོན་བརྡ་ལྟར་ན། ཟླ5ཚེས26ཉིན་གྱི་ཕྱི་དྲོའི་ཆུ་ཚོད4དང་སྐར་མ46ཐོག་ཟླ་བ་ཧྲིལ་འཛིན་ཆགས་འགོ་ཚུགས་རྒྱུ་ཡིན་ཞིང་། སྐབས་དེར་ཟླ་བ་རབ་རིབ་ཏུ་གྱུར་གྱི་ཡོད།
ཕྱི་དྲོའི་ཆུ་ཚོད5དང་སྐར་མ45སྟེང་ཟླ་བའི་ཆ་ཙམ་བཟུང་སྟེ་ཐོག་མའི་ཟླ་འཛིན་བྱུང་རྒྱུ་རེད།
ཕྱི་དྲོའི་ཆུ་ཚོད7དང་སྐར་མ9སྟེང་ཟླ་བའི་གོ་ལ་དང་སའི་གོ་ལ་གཉིས་ཐིག་གཅིག་ཐོག་གནས་ནས་ཟླ་བ་ཧྲིལ་འཛིན་བྱུང་རྒྱུ་རེད།
ཆུ་ཚོད7དང་སྐར་མ19སྟེང་ཟླ་བའི་གོ་ལའི་ལྟེ་བ་སའི་གོ་ལའི་ལྟེ་གནས་དང་ཐག་ཉེ་ཤོས་སུ་སླེབས་རྒྱུ་རེད།
ཆུ་ཚོད7དང་སྐར་མ28སྟེང་ཟླ་བ་ཡང་བསྐྱར་གསལ་པོར་མངོན་འགོ་ཚུགས་རྒྱུ་རེད།
ཆུ་ཚོད8དང་སྐར་མ53སྟེང་ཟླ་བའི་རང་གཟུགས་ཕྱིར་མངོན་རྒྱུ་རེད།
ཆུ་ཚོད9དང་སྐར་མ51སྟེང་། ཟླ་འཛིན་ཡོངས་སུ་མཇུག་བསྒྲིལ་རྒྱུ་རེད།
ཟླ་འཛིན་གྱི་གོ་རིམ་ཆ་ཚང་ལ་དུས་ཡུན་ཆུ་ཚོད5དང་སྐར་མ5འགོར་རྒྱུ་ཡིན་ལ། དེ་ལས་ཟླ་བའི་གཟུགས་བརྙན་འགྲིབ་པའི་དུས་ཡུན་ཆུ་ཚོད3དང་སྐར་མ8ཡིན།
རང་རྒྱལ་གྱི་བོད་ལྗོངས་ཀྱི་ནུབ་ཕྱོགས་དང་ཤིན་ཅང་གི་ནུབ་ཕྱོགས་ཕུད། ས་ཁུལ་གཞན་ནས་ཟླ་འཛིན་མཐོང་ཐུབ་ལ། ཤར་ཕྱོགས་སུ་ཐག་ཉེ་བའི་ས་ཁུལ་རྣམས་ནས་ཟླ་བ་ཧྲིལ་འཛིན་གྱི་བརྒྱུད་རིམ་ཆ་ཚང་བ་མཐོང་ཐུབ་པར་མ་ཟད། ཟླ་བ་ཧྲིལ་འཛིན་གྱི་དུས་ཡུན་ཡང་གཞན་ལས་རིང་བ་ཡོད།
སྟབས་འགྲིག་པ་ཞིག་ལ་ཐེངས་འདིའི་ཟླ་བ་ཧྲིལ་འཛིན་བྱེད་དུས་ཀྱི་ཟླ་བ་དེ་ལོ་འདིའི་ཉ་གང་ཟླ་བའི་ཁྲོད་ཀྱི་ཟླ་བའི་དཀྱིལ་འཁོར་ཆེས་ཆེ་ཤོས་དེ་ཡིན་ལ། དེ་ནི་ཀུན་ལ་གསལ་ཆ་ཡོད་པའི་གཞན་དང་མི་མཚུངས་པའི་ཟླ་བའི་དཀྱིལ་འཁོར་ཆེན་པོ་དེ་ཡིན།
གནམ་རིག་གི་ཡང་དག་པའི་བརྩི་སྟངས་ལྟར་ན། ཚེས26ཉིན་གྱི་ཆུ་ཚོད10སྟེང་ཟླ་བའི་གོ་ལ་དེ་སའི་གོ་ལ་དང་བར་ཐག་ཉེ་ཤོས་སུ་བསླེབ་ཀྱི་ཡོད་དེ། སྐབས་དེའི་ཟླ་བ་དང་སའི་གོ་ལའི་བར་ཐག་སྟོང་སྨི་ཁྲི་35.7ཡོད་ཅིང་། ཟླ་བ་དང་སའི་གོ་ལའི་ཆ་སྙོམས་བར་ཐག་སྟོང་སྨི་ཁྲི38.4དང་བསྡུར་ན་སྟོང་སྨི་ཁྲི2.7ཡི་ཉེ་རུ་ཕྱིན་ཡོད་པ་དང་། ཟླ་བའི་གོ་ལ་དེ་ལོ་ཧྲིལ་པོའི་ནང་སའི་གོ་ལ་དང་བར་ཐག་ཉེ་ཤོས་དུས་ཀྱི་དུས་ཚོད་དེ་ཡིན་ཞིང་། སྐབས་དེའི་ཟླ་བའི་ཚངས་ཐིག་ཆེས་རིང་བ་སྟེ་ཕལ་ཆེར་ཟུར་སྐར33.46ཡོད་ལ། ཚེས26ཉིན་གྱི་ཆུ་ཚོད7དང་སྐར་མ14སྟེང་ཟླ་བ་ཉ་གང་བར་གྱུར་རྒྱུ་རེད།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། གལ་ཏེ་ཐེངས་འདིའི་ཟླ་བ་ཧྲིལ་འཛིན་ལ་བལྟ་མ་ཐུབ་ཚེ། ཐེངས་རྗེས་མའི་རང་རྒྱལ་གྱི་ས་ཁོངས་ནས་ཟླ་བ་ཧྲིལ་འཛིན་མཐོང་བའི་དུས་ཚོད་ནི2022ལོའི་ཟླ11པའི་ཚེས8ཉིན་ཡིན་པ་དང་། དེའི་ཐེངས་རྗེས་མའི་ཟླ་བ་ཧྲིལ་འཛིན་མཐོང་བའི་དུས་ཚོད་ནི2025ལོའི་ཟླ9ཚེས8ཉིན་ཡིན་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།