༄༅།།མཚོ་ལྷོ་ཁུལ་གྱི་མི་སྒེར7དང་ཐུན་མོང2ལ་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་གཟེངས་བསྟོད་ཐོབ་པ།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-02-26 10:50:37 ཀློག་གྲངས།:
       ཚེས25ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད་ནས། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་འདིར་རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི9899ཚང་མ་དབུལ་ཐར་ཐུབ་པ་དང་། དབུལ་ཕོངས་རྫོང832ཚང་མའི་ཞྭ་མོ་ཕུད་པ། དབུལ་ཕོངས་སྡེ་བཁྲི12.8དབུལ་གྲལ་ལས་བུད། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ལ་སྤྱི་ཡོངས་ནས་ཐག་གཅོད་ཐོབ་སྟེ། བལྟོས་མེད་ཀྱི་དབུལ་ཕོངས་སེལ་བའི་ལས་འགན་ལྕི་མོ་དེ་རྩ་བ་ནས་ལེགས་འགྲུབ་བྱུང་བ་འདི་ནི་ཀྲུང་གོའི་མི་དམངས་ཀྱི་གཟི་བརྗིད་རླབས་ཆེན་དང་། ཀྲུང་གོའི་གུང་ཁྲན་ཏང་གི་གཟི་བརྗིད་རླབས་ཆེན། ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་ཆེན་བཅས་ཡིན།
      ཐེངས་འདིའི་གཟེངས་བསྟོད་ཁྲོད་རང་ཁུལ་གྱི་འཇིགས་བྱམས་ཐར་སོགས་བློ་མཐུན7ལ་སྔོན་ཐོན་མི་སྒེར་ཐོབ་པ་དང་། ཀྲུང་གུང་ཁྲི་ཀ་རྫོང་ཨུ་ཡོན་ལྷན་ཁང་དང་ཀྲུང་གུང་གུང་ཧོ་ཨིར་སྟི་ཤང་ཨུ་ཡོན་ལྷན་ཁང་ལ་སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད་མཚན་སྙན་ཐོབ།
      རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར།
འཇིགས་བྱམས་ཐར།(བོད་རིགས)ཞིན་ཧེ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་།
ཚེ་ཁོ་སྐྱིད།(མོ། བོད་རིགས།)ཀོས་ནན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན།
བཀྲ་ལོ།(བོད་རིགས།)ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི།
དཔལ་མཁར་རྒྱལ། གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི།
དབང་ཕྱུག(བོད་རིགས།)ཀོས་ནན་རྫོང་མང་ཆུ་གྲོང་རྡལ་ན་རན་སྡེ་བའི་ཧྲུའུ་ཅི་དང་པོའམ་ཀོས་ནན་རྫོང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ།
ཀུའོ་ཡན་ཀྲའོ། ཞིན་ཧེ་རྫོང་ཆུ་སྔོན་གྲོང་རྡལ་འབྲས་ཐང་སྡེ་བའི་ཧྲུའུ་ཅི་དང་པོའམ་ཞིན་ཧེ་རྫོང་གྲོང་གསེབ་གསར་བ་འཛུགས་སྐྲུན་ཞབས་ཕྱི་ལྟེ་གནས་ཀྱི་ཀྲུའུ་རེན།
ཁྲེང་ཝུའེ། ཁྲི་ཀ་རྫོང་ཀ་རིང་ཤང་གཡམ་སྡེ་བའི་སྡེ་སྡོད་ལས་དོན་རུ་ཁག་གི་རུ་མིའམ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ལས་དང་རྩྭ་ཐང་ཅུའི་ནགས་ལས་ས་ཚིགས་ཀྱི་མཐོ་རིམ་བཟོ་བཀོད་པ།
དྲན་རྟེན་མཉམ་པར། (པར་འདི་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་སྤྱི་རྟགས་ལས་དྲངས། )
དྲན་རྟེན་མཉམ་པར། (པར་འདི་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གི་སྤྱི་རྟགས་ལས་དྲངས། )
       རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང་།  
ཀྲུང་གུང་ཁྲི་ཀ་རྫོང་ཨུ་ཡོན་ལྷན་ཁང་།  
ཀྲུང་གུང་གུང་ཧོ་རྫོང་ཨིར་སྟི་ཤང་ཨུ་ཡོན་ལྷན་ཁང་།  
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།