༄༅།།མཚོ་ལྷོ་བརྙན་འཕྲིན་གྱི་ལོ་སར་དགོང་ཚོགས་ཚོད་ལྟའི་བརྙན་ཕབ་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-12-29 10:00:05 ཀློག་གྲངས།:
      མཚོ་ལྷོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ལྕགས་མོ་གླང་ལོའི(༢༠༢༡)ལོ་སར་རིག་རྩལ་དགོང་ཚོགས་ཆེན་མོ༼རྟེན་འབྲེལ་གཡང་གི་དགྱེས་མཆོད༽ཞེས་པ་ཚོད་ལྟའི་བརྙན་ཕབ་ལེགས་འགྲུབ་བྱུང་།
       མཚོ་ལྷོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ལྕགས་མོ་གླང་ལོའི(༢༠༢༡)ལོ་སར་རིག་རྩལ་དགོང་ཚོགས་ཆེན་མོ༼རྟེན་འབྲེལ་གཡང་གི་དགྱེས་མཆོད༽ཞེས་པ་དེ་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་དགོང་མོར་མཚོ་ལྷོ་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་ཚོད་ལྟའི་བརྙན་ཕབ་བྱས།  ཐེངས་འདིའི་ལོ་སར་རིག་རྩལ་དགོང་ཚོགས་སྟེང་དུ། དཔའ་རིས་གླུ་མ་རིག་འཛིན་སྒྲོལ་མ་དང་། སྐབས་བདུན་པའི་རྡུང་ལེན་འགྲར་སྡུར་གྱི་ཨང་དང་པོ་ཐོབ་མཁན་གླུ་བ་སྐལ་བཟང་བཀྲ་ཤིས། ཨང་གཉིས་པ་ཐོབ་མཁན་གླུ་བ་དཀོན་མཆོག་སྐྱབས་དང་བསམ་ཁོ། ན་ཆུང་གླུ་མ་ཕག་མོ་བདེ་སྐྱིད་སོགས་བོད་ཁམས་སུ་སྐད་གྲགས་ཆེ་བའི་གླུ་བ་གླུ་མ30ལྷག་གདན་ཞུ་བྱས་ཡོད། 







      ད་ལོའི་ལོ་སར་དགོང་ཚོགས་དེ་དམངས་གླུ་དང་རྡུང་ལེན། གླུ་གཞས། ཞབས་བྲོ། ཟློས་གར། ཁ་ཤགས་དང་གར་ཆུང་སོགས་འཁྲབ་ཚན་དུ་མས་གྲུབ་ཅིང་། འཁྲབ་ཚན་ཧྲིལ་བོའི་བརྒྱ་ཆའི་བརྒྱད་ཅུ་བརྩམས་ཆོས་གསར་བ་དང་ཡང་ན་ལོ་སར་དགོང་ཚོགས་ལ་ཆེད་དུ་གསར་རྩོམ་བྱས་པ་འབའ་ཞིག་ཡིན་འདུག 
      སྤྱི་ཟླ12པའི་ཚེས29ཉིན་ཆུ་ཚོད7:30སྟེང་མཚོ་ལྷོ་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་དངོས་སུ་ཕབ་ལེན་བྱ་རྒྱུ་ཡིན། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།