༄༅།།བོད་མི་རིགས་མཐོ་སྒང་དུ་འཚོ་གནས་ཐུབ་པའི་རྒྱུ་མཚན་ཕལ་ཆེར་རྙེད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2020-12-28 09:36:36 ཀློག་གྲངས།:

      མཁའ་འགྲོའི་ཕོ་བྲང་གནས་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གསར་བ་བྱུང་བ་ལས། ཏན་ཉི་སོ་བ་མིའི་ལོ་རྒྱུས་ཀྱི་སྟོང་ཆ་མང་པོ་ཁ་སྐོང་བྱས་པར་མ་ཟད། ད་དུང་མདོ་དབུས་མཐོ་སྒང་གི་ཡི་གེ་མ་བྱུང་བའི་སྔོན་གྱི་མིའི་རིགས་ཀྱི་འགུལ་སྐྱོད་ཞིབ་འཇུག་གི་འཕེལ་རིམ་ལའང་སྐུལ་འདེད་ཆེན་པོ་བྱུང་བ་རེད།

ཀན་སུའུ་བསང་ཆུ་རྫོང་ཁོངས་ཀྱི་མཁའ་འགྲོའི་ཕོ་བྲང་། པར་རིས་དྲ་ཐོག་ལས་དྲངས།

      མདོ་དབུས་མཐོ་སྒང་གི་འཚོ་གནས་ཆ་རྐྱེན་ཧ་ཅང་ཞན་པ་རེད། དེར་བརྟེན། གནའ་བོའི་མིའི་རིགས་དུས་ནམ་ཞིག་ལ་མདོ་དབུས་མཐོ་སྒང་གི་ལྟེ་བའི་ཁུལ་དུ་བསླེབས་པ་དང་ཁོང་ཚོ་ཇི་ལྟར་མཐོ་སྒང་གི་ཁོར་ཡུག་ལ་འཕྲོད་མཐུན(适应)བྱུང་བ་སོགས་ཀྱི་གནད་དོན་ནི་ཞིབ་འཇུག་སྡེ་ནས་ལོ་མང་རིང་ལ་དོ་སྣང་བྱེད་བཞིན་ཡོད། ཏན་ཉི་སོ་བའི་མི་ལ་ཞིབ་འཇུག་བྱས་ན། ཕལ་ཆེར་གནད་དོན་འདི་དག་གསལ་བར་བྱེད་ཐུབ་པ་རེད།
      ཞིབ་འཇུག་ལས་གསལ་བ་ལྟར་ན། གཞི་རྒྱུEPAS1དངEGLN1 TMEM247སོགས་ཀྱི་འཕྲོད་མཐུན་རང་བཞིན་ལ་རིམ་འགྱུར་བྱུང་བ་ནི་མཐོ་སྒང་གི་ཁོར་ཡུག་ལ་འཕྲོད་མཐུན་བྱུང་བར་བྱས་རྗེས་ཆེན་པོ་ལྡན་པ་རེད། ཀྲང་ཏོན་ཅུས་ཀྱིས་གསར་འགོད་པར་བཤད་ན། སི་པེ་རི་ཡ(Siberia 西伯利亚)ཡི་ཏན་ཉི་སོ་བ་མིའི་གཞི་རྒྱུ་ཚོགས་སུEPAS1དང་TMEM247སོགས་ཀྱི་གཞི་རྒྱུ་འདུག་པ་ལས། ཁོང་ཚོ་ཕལ་ཆེར་ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་མཐུན་བྱུང་ཚུལ་བསྟན་པ་དང་། མཁའ་འགྲོའི་བྲག་ཕུག་གནས་ཤུལ་དུ་གནའ་རྫས་རྟོག་ཞིབ་བྱས་པའི་གྲུབ་འབྲས་ལས། ཁོང་ཚོ་ཕལ་ཆེར་དེ་བས་སྔ་དུས་ཤིག་ལ་མདོ་དབུས་མཐོ་སྒང་དུ་མཆེད་པ་དང་། གོ་རིམ་དེའི་ནང་དུ། ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་མཐུན་བྱུང་བའི་གཞི་རྒྱུ་ཐོབ་པ་རེད།

DNAཡི་ཁྱད་རྟགས་ལ་གཞིགས་ནས་བཟོས་པའི་ཏན་ཉི་སོ་བ་མིའི་བུ་མོ་ཞིག པར་རིསMAAYAN HARELཞེས་པ་ལས་དྲངས།
      ཁྲིན་ཧྥ་ཧུའུ་དང་ཀྲང་ཏོན་ཅུས་སོགས་ཀྱིས་ས་བབ་མཐོ་ཚད་ལ་སྨི700ཙམ་ལས་མེད་ལ་བར་ཐག་ཀྱང་རིང་བའི་སི་པེ་རི་ཡའི་ཏན་ཉི་སོ་བ་མིའི་བྲག་ཕུག་དང་བསྡུར་ན། མཁའ་འགྲོའི་ཕོ་བྲང་ནི་ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་མཐུན་བྱུང་བའི་གཞི་རྒྱུ་ཡི་འབྱུང་ཁུངས་ཡིན་ལས་ཆེ་བར་འདོད་པ་རེད།
      དེ་མ་ཟད། ཞིབ་འཇུག་ལས་གསལ་བ་ལྟར་ན། ཏན་ཉི་སོ་བ་མིའི་གཞི་རྒྱུ་འདི་དེང་རབས་ཀྱི་ཨེ་ཤ་ཡའི་མི་སོགས་ཀྱི་ཁྲོད་དུའང་ཡོད་པ་དང་། ལྷག་པར་དུ་ཏན་ཉི་སོ་བ་མི་ཡིས་དེང་རབས་ཀྱི་བོད་མི་རིགས་དང་རི་བོ་ཧི་མ་ལ་ཡའི་ཉིན་སྲིབ་ཏུ་གནས་པའི་ཤར་པ་མི་སོགས་ལ་ས་བབ་མཐོ་ཁུལ་གྱི་དབྱང་རླུང་དཀོན་པའི་ཁོར་ཡུག་ལ་འཕྲོད་མཐུན་ཐུབ་པའིEPAS1གཞི་རྒྱུ་འདོན་སྤྲོད་བྱས་པ་རེད།

མཁའ་འགྲོའི་ཕོ་བྲང་གནས་ཤུལ་ནས་རྙེད་པའི་མ་མགལ་རུས་པའི་འགྱུར་རྡོ། པར་རིས་དྲ་ཐོག་ལས་དྲངས།

      ཞིབ་འཇུག་ཚོགས་པ་ཡིས་ཏན་ཉི་སོ་བའི་མི་ལ་ཞིབ་འཇུག་བྱས་པ་ལས་མཐོ་སྒང་གི་མིའི་རིགས་ཀྱི་འཕོ་འགྱུར་ལོ་རྒྱུས་དང་མི་ཚོགས་དེ་ས་བབ་མཐོ་བའི་ཁོར་ཡུག་ལ་འཕྲོད་མཐུན་བྱུང་བའི་ལོ་རྒྱུས་གསལ་བར་བྱས་པ་དང་། སྔ་དུས་ཀྱི་མིའི་རིགས་ཀྱིས་ས་བབ་མཐོ་བའི་ཁོར་ཡུག་ལ་འགྲན་སློང་དང་འཕྲོད་མཐུན་བྱུང་བའི་གོ་རིམ་འདི་ཤེས་པ་ཡིན་ན། ཕལ་ཆེར་མིའི་རིགས་ཀྱིས་ཁོར་ཡུག་འགྱུར་ལྡོག་ལ་གདོང་གཏོད་པར་ཟུར་ལྟ་བྱེད་ཆོག་ཚུལ་བསྟན་པ་རེད།
      “ནང་དོན་འདི་དག་ནི་མདོ་དབུས་མཐོ་སྒང་ལ་ཕྱོགས་བསྡུས་ཚན་ཞིབ་ཐེངས་གཉིས་པ་བྱེད་པའི་ལས་གཞི་ཡི་གཙོ་བོའང་ཡིན།” ཀྲང་ཏོན་ཅུས་ཀྱིས་ཞིབ་འཇུག་ཚོགས་པ་ཡིས་མུ་མཐུད་དུ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན། ཞིབ་འཇུག་གི་ལས་ཀ་བྱས་ཏེ་རིག་ཚན་མང་པོ་དང་ཁྱབ་ཁོངས་མང་བའི་མཉམ་ལས་བྱ་བ་སྤེལ་ནས་མདོ་དབུས་མཐོ་སྒང་གི་ཡི་གེ་མ་བྱུང་བའི་སྔོན་གྱི་མིའི་རིགས་ཀྱི་འགུལ་སྐྱོད་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

མདོ་དབུས་མཐོ་སྒང་། པར་རིས་དྲ་ཐོག་ལས་དྲངས།

      འབྲེལ་ཡོད་ནང་དོན་གྱི་ཁ་གསབ།

      ཏན་ཉི་སོ་བའི་མི་ནི2010ལོར་གཏན་འཁེལ་བྱས་པའི་གནའ་བོའི་མིའི་རིགས་ཀྱི་མི་ཚོགས་གསར་བ་ཞིག་ཡིན།
      ཏན་ཉི་སོ་བའི་མི་དང་ཕལ་ཆེར་ལོ་ངོ་ཁྲི30ནས་ཁྲི3སྔོན་ལ་ཡོ་རོབ་གླིང་དུ་ཡོད་པའི་ཉི་ཨན་ཏེ་ཐིའི་མི(尼安德特人)གཉིས་ནི་མིང་སྲིང་གི་འབྲེལ་བ་ཡིན་ཞིང་། དེང་རབས་ཀྱི་ཞི་བདེ་རྒྱ་མཚོའི་གླིང་དང་ཨེ་ཤ་ཡ་ཤར། ཨེ་ཤ་ཡ་ལྷོ། མེ་གླིང་གི་གདོད་མའི་མི་ཚོགས་བཅས་ཀྱིས་རྒྱུད་པ་འཛིན་པ་ལ་བྱས་རྗེས་བཞག་ཡོད།
      ཏན་ཉི་སོ་བའི་མི་དང་སྔ་དུས་ཀྱི་དེང་རབས་མི་ཡི་གཞི་རྒྱུ་སྤེལ་རེས་དང་ཁྱབ་སྤེལ་གནས་སྤོ་ལམ་ཐིག་ནི་དོ་ཁུར་བྱ་ཡུལ་ཚ་ཤོས་ཤིག་ཏུ་གྱུར་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།