བོད་ལྗོངས་གནའ་རྫས་དཔྱད་ཞིབ་ལས་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ཡན་གྱི་བཙན་པོའི་བང་སོ་ཧྲིལ་བོ་གནས་སྤར་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2020-12-22 11:45:01 ཀློག་གྲངས།:
      བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ན་ལུང་རི་ངོས་ཀྱི་བཙན་པོའི་དུས་སྐབས་ཀྱི་བང་སོ་ཞིག་ཆ་ཚང་སྒོས་ཉར་ཚགས་དང་རྗེས་ཕྱོགས་ཀྱི་འགྲེམས་སྟོན་འགན་སྲུང་ལ་དམིགས་ཏེ། ད་ལོའི་ཟླ7པ་ནས་འགོ་བརྩམས་ཏེ། བོད་ལྗོངས་གནའ་རྫས་རྟོག་ཞིབ་མི་སྣས་བང་སོ་ཧྲིལ་བོ་གནས་སྤར། འདི་ནི་བོད་ལྗོངས་སུ་ལོ་ངོ་སྟོང་ལྷག་འགོར་བའི་གནའ་བོའི་བང་སོ་ཧྲིལ་བོ་ཐེངས་དང་པོར་གནས་སྤར་པ་རེད།  
འདྲ་པར་ཤིན་ཧྭ་དྲ་བ་ལས་དྲངས།
     ན་ལུང་བང་སོ་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4700ཡོད་པ་དང་བང་སོ་ཕྱིར་མངོན་ཞིང་འགེབས་སྲུང་མེད་པས་ཆར་ཆུའི་བརྡར་ཟད་དུ་འགྲོ་བཞིན་ཡོད། 2019ལོའི་ཟླ12པར། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་དང་ལྷོ་ཁ་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་གི་ཆེད་མཁས་པས་བང་སོ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། 2020ལོའི་ཟླ7པ་ནས་འགོ་བརྩམས་ཏེ་ཡུལ་དངོས་སུ་མྱུར་སྐྱོབ་རང་བཞིན་གྱི་གཙང་སེལ་དང་བང་སོ་ཧྲིལ་བོ་གནས་སྤོ་རྒྱུ་ལག་བསྟར་བྱས། ཟླ11པར་ལྷོ་ཁ་གྲོང་ཁྱེར་རྟེན་རྫས་བཤམས་སྟོན་ཁང་དུ་བང་སོ་གཙང་དག་སོགས་རྗེས་མཐུད་ཀྱི་ལས་དོན་སྤེལ།  
བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཝེ་ཡིས། དུས་ཡུན་རིང་པོར་ཞིང་སར་གཙང་བཤེར་བྱེད་དགོས་པ་དང་། བང་སོ་ལ་ཕྱི་རོལ་གྱི་སྨུག་ཕྱིའི་འོད་ཐིག་དྲག་པོའི་ཐད་འཕྲོའི་ཤུགས་རྐྱེན་ཐེབས་ནས་རྗེས་ཤུལ་དང་ཤུལ་རྫས་སྐམ་ཞིང་གས་སྲུབས་འགྲོ་བ་ཇེ་མགྱོགས་སུ་འགྲོ་སྲིད། དེའི་ཁར་རི་ངོས་ཀྱི་ས་རྒྱུ་སོབ་སོབ་ཡིན་པས་ཡུལ་དངོས་སུ་གཙང་དག་བྱེད་མི་བདེ་བ་སོགས་ལ་གཞིགས་ནས། གནའ་རྫས་རྟོག་ཞིབ་རུ་མིས་མཐར་སྒམ་ཉར་ཐབས་ལ་བརྟེན་ནས་བང་སོ་ཐུམ་སྒྲིལ་བརྒྱབ་སྟེ་གནས་སྤོ་བྱས་པ་ཡིན་ཞེས་བཤད།  
ན་ལུང་བང་སོ་ནས་ཐོན་པའི་ལི་ཆས་དང་ཟངས་མའི་མེ་ཏོག
     ཤེས་རྟོགས་བྱུང་བར་གཞིགས་ན། ན་ལུང་བང་སོ་ནི་གྲུ་བཞི་ནར་དབྱིབས་ཀྱི་ས་དོང་བང་སོ་ཞིག་ཡིན་ཞིང་། པུར་སྒམ་ཤིང་དང་། རྡོ་ལེབ་ཀྱིས་དུར་ཁ་བཀབ་ཡོད། དུར་སྒམ་གྱི་མཐའ་ཤིང་རུལ་སླད་དུ་སོང་བ་ཚབས་ཆེ་བས་རྗེས་ཤུལ་ཙམ་ལས་མི་འདུག ཤིང་སྒམ་ཤར་ངོས་སུ་དུར་བདག་དང་ནུབ་ངོས་སུ་དུར་རྫས་བཞག་ཡོད། ས་འོག་ནས་ཐོན་པའི་དུར་རྫས་ལ་འཁེལ་འཐག་དངོས་པོ་དང་ཟངས་ཆས། ཤིང་ཆས། ལྕགས་ཆས། ཤེལ་ཕྲེང་སོགས་ཡོད། 
      ཐཱན་བཅུ་བཞིས་ལོ་བརྟག་པ་ལས་མངོན་པ་ལྟར་ན། ན་ལུང་བང་སོM1ནི་སྤྱི་ལོ་དུས་རབས6པ་ནས7པའི་བར་གྱི་བང་སོ་ཡིན་པ་དང་། དཔེ་མཚོན་ཅན་གྱི་བཙན་པོའི་དུས་སྐབས་ཀྱི་བང་སོ་ཞིག་རེད། བང་སོ་ནས་ཐོན་པའི་མགོ་རྒྱན་ཆ་ཚང་ཞིག་དང་། དེ་སྔོན་ཐོན་པའི་རྣམ་པ་མི་འདྲ་བའི་གསེར་གྱི་རྒྱན་ཆ་དང་མཛུབ་དཀྲིས་སོགས་ཤུལ་བཞག་དངོས་རྫས་ཀྱིས་བཙན་པོའི་དུས་སྐབས་ཀྱི་རྒྱན་ཆ་ཞིབ་འཇུག་བྱེད་པར་རྩ་ཆེའི་དངོས་པོའི་དཔྱད་གཞི་མཁོ་འདོན་བྱས་ཡོད། 
འདྲ་པར་ཤིན་ཧྭ་དྲ་བ་ལས་དྲངས།
      “མིག་སྔར། བོད་ལྗོངས་ནས་གསར་རྙེད་དང་བསྔོགས་འདོན་བྱུང་བའི་བཙན་པོའི་དུས་སྐབས་ཀྱི་བང་སོའི་ཁ་གྲངས་ལ་ཚད་ཡོད།”ཅེས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ཀྱིས“ན་ལུང་བང་སོ་གསར་རྙེད་དང་ཆ་ཚང་གནས་སྤར་བ་དེས་བཙན་པོའི་དུས་སྐབས་ཀྱི་སྤྱི་ཚོགས་གྲུབ་ཚུལ་དང་འདས་མཆོད་གོམས་སྲོལ། གནའ་རྫས་རིག་པའི་རིག་གནས། དེ་བཞིན་དུ་བོད་ལྗོངས་གནའ་རྫས་རིག་པའི་རིག་གནས་དུས་ཚོད་བར་སྟོང་གི‘སྒྲོམ་གཞི’བསྐྲུན་པ་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན”ཞེས་བཤད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།