༄༅།།ཇོ་མོ་གླང་མའི་མཐོ་ཚད། སྨི8848.13ནས་སྨི8848.86ལ་འགྱུར་དོན་ཅི།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་རྩལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2020-12-14 08:41:45
ཀློག་གྲངས།:
ཇོ་མོ་གླང་མའི་མཐོ་ཚད1975ལོའི་སྨི8848.13ནས2020ལོའི་སྨི8848.86ལ་འགྱུར་དོན་ཅི་ཡིན་ནམ།
ཇོ་མོ་གླང་མ། 2020ལོའི་ཟླ12པའི་ཚེས8ཉིན། ཇོ་མོ་གླང་མའི་མཐོ་ཚད་ལ་སྨི8848.86ཡོད་པ་ཡོངས་བསྒྲགས་བྱས་པ་རེད། མི་མང་པོ་ཞིག་གིས་ཇོ་མོ་གླང་མ་འདི་ཇེ་མཐོར་སོང་འདུག་ཅེས་བཤད་བཞིན་ཡོད། ཡིན་ནའང་། ད་ཐེངས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་སྐབས་ཀྱི་གནས་ཚུལ་ཞིབ་གསལ་ཤེས་ཡོང་ན། མཐོ་ཚད་གསར་བ་འདི་འཇལ་ཐུབ་པ་ལ་རང་རྒྱལ་གྱི་ཚན་ཞིབ་ཐོན་རྫས་ཀྱིས་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།
ཇོ་མོ་གླང་མའི་མཐོ་ཚད་གསར་བ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས། ཟླ4བའི་ཚེས30ཉིན། རྒྱལ་ཁབ་རང་བྱུང་ཐོན་ཁུངས་པུའུ་ཡིས་རྩ་འཛུགས་བྱས་པའི2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ལ། གནམ་གཤིས་ལ་འགྱུར་ལྡོག་བྱུང་བའི་དབང་གིས། སྔ་གཞུག་ཏུ་ཐེངས་གཉིས་ལ་ཇོ་མོ་གླང་མའི་རྩེར་འཛེགས་ཀྱང་ལེགས་འགྲུབ་མ་བྱུང་། དེ་ནས་ཟླ5བའི་ཚེས27ཉིན་ལ། ཡང་བསྐྱར་ཐེངས་གསུམ་པར་འཛེགས་པ་ལ། ཉིན་དེའི་ཆུ་ཚོད11:00སྐབས། མཐོ་ཚད་འཇལ་བའི་རུ་མི་བརྒྱད་པོ་ཇོ་མོ་གླང་མའི་རྩེ་ལ་འཛེགས་ཐུབ་པ་རེད།
ད་ཐེངས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་ལ། རང་རྒྱལ་གྱི་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་རྒྱུད་ཁོངས་ཐེངས་དང་པོར་སྤྱད་པ་མ་ཟད། ད་དུང་རང་རྒྱལ་གྱིས་གསར་བཟོ་བྱས་པའི་གངས་ཟབ་འཚོལ་ཞིབ་ལའེ་ཏ་དང་ལྗིད་ཤུགས་འཇལ་ཆས། རིམ་འདས་བར་ཐག་ཚད་འཇལ་ཆས་སོགས་ཀྱི་ཚན་ཞིབ་ཐོན་རྫས་མང་པོ་ཞིག་སྤྱད་ཡོད། ལྷག་པར་དུ། ཇོ་མོ་གླང་མའི་རྩེ་ནས་གནས་ཡུལ་གཏན་འཁེལ་ཡང་དག་བྱེད་པའིGNSSབསྡུ་ལེན་འཕྲུལ་ཆས་སྤྱད་པ་ལ། གཞི་གྲངས་ཚད་མ་ཡིན་པ་དང་བརྡ་རྟགས་བསྡུ་ལེན་བཟང་བ་སོགས་ཀྱི་ཁྱད་ཆོས་ཡོད་སྟབས། ཇོ་མོ་གླང་མའི་མཐོ་ཚད་ཡང་དག་པ་དེ་བདེ་བླག་ངང་འཇལ་བ་འགན་སྲུང་ཆེན་པོ་བྱས་ཡོད།
1975ལོར། རང་རྒྱལ་གྱིས་ཚད་འཇལ་ལམ་རྟགས་(测量觇标)ཇོ་མོ་གླང་མའི་རྩེ་ལ་ཐེངས་དང་པོར་བཞག་ནས་མཐོ་ཚད་འཇལ་བ་དང་། དེ་དུས་ཀྱི་མཐོ་ཚད་ནི་སྨི8848.13རེད། 2005ལོར། རང་རྒྱལ་གྱི་ཚད་འཇལ་རུ་ཁག་གིས་སྲོལ་རྒྱུན་གྱི་ས་གཞི་ཚད་འཇལ་དང་སྲུང་སྐར་ཚད་འཇལ་བྱེད་ཐབས་གཉིས་ཟུང་འབྲེལ་བྱས་ཏེ་ཡང་བསྐྱར་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་དང་། སྐབས་འདིའི་མཐོ་ཚད་ནི་སྨི8844.43རེད། ད་ལོ་སྟེ2020ལོར། རང་རྒྱལ་གྱི་ཚད་འཇལ་རུ་ཁག་གིས་འཇལ་བའི་ཇོ་མོ་གླང་མའི་མཐོ་ཚད་ནི་སྨི8848.86རེད།
ཇོ་མ་གླང་མའི་བྲག་ངོས་ཀྱི་བང་རིམ་རྣམ་པ། ཇོ་མོ་གླང་མའི་མཐོ་ཚད་ངོ་མ་འཇལ་བ་ལ། རི་རྩེའི་རྫ་རྡོ་ལ་གཏུག་རྒྱུ་ནི་ཆེས་ཡང་དག་པའི་ཚད་འཇལ་ཐབས་ཡིན། དེའི་རྒྱུ་མཚན་ནི་ལོ་རེ་དང་ཉིན་རེའི་གནམ་གཤིས་འགྱུར་ལྡོག་མི་འདྲ་བའི་དབང་གིས། རི་རྩེའི་གངས་ཀྱི་མཐུག་ཚད་ཀྱང་ལོ་རེ་དང་ཉིན་རེའི་ནང་ལ་མི་འདྲ། དེར་བརྟེན། ཇོ་མོ་གླང་མའི་མཐོ་ཚད་ཡང་དག་པ་འཇལ་བ་ལ། གངས་འོག་གི་རྫ་རྡོ་ལ་བསྟུན་དགོས།
ད་ཐེངས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་གྲུབ་འབྲས་འདི་སའི་གོ་ལའི་སྒུལ་ཤུགས་རིག་པའི་གླིང་དུམ་འགུལ་སྐྱོད་སོགས་ཀྱི་ཞིབ་འཇུག་ལ་སྤྱད་ན་ཆོག་པ་རེད། ཇོ་མོ་གླང་མའི་རྩེ་ཡི་གངས་ཀྱི་མཐུག་ཚད་དང་གནམ་གཤིས། རླུང་ཤུགས་སོགས་ཀྱི་གཞི་གྲངས་ཡང་དག་པ་རྣམས་ཀྱིས་འཁྱག་ཀླུང་ལ་ལྟ་ཞིབ་ཚད་འཇལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་དང་པོ་འདོན་སྤྲོད་བྱས་ཡོད། ད་དུང་། ལྗིད་ཤུགས་ཚད་འཇལ་བྱས་པའི་གྲུབ་འབྲས་སྤྱད་ནས་ཇོ་མོ་གླང་མའི་ས་ཁུལ་གྱི་སའི་གོ་ལའི་ལྗིད་ཤུགས་ཀྱི་དབྱིབས་གཟུགས་སྐྲུན་པ་དང་འཁྱག་ཀླུང་གི་འགྱུར་ལྡོག ས་ཡོམ། ས་ཤུན་འགུལ་སྐྱོད་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ཆོག
2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རུ་ཁག་འདི་སྔ་གཞུག་ཏུ་ཐེངས་གསུམ་ལ་རི་རྩེར་འཛེགས་ཡོད་པ་སྟེ།
ཐེངས་དང་པོ།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས། ཟླ4བའི་ཚེས30ཉིན། ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ལས་དོན་སྤེལ་འགོ་ཚུགས་དུས། ཟླ5བའི་ཚེས6ཉིན་ལ་རི་རྩེར་འཛེགས་ཐུབ་པའི་འཆར་གཞི་བཟོས་ཀྱང་། ལམ་རྐེད་དུ་གངས་ཉིལ་འབྱུང་ཉེན་ཡོད་སྟབས། རི་རྩེར་འཛེགས་པའི་མཚམས་བཞག་པ་རེད།
ཐེངས་གཉིས་པ།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས། ཟླ5བའི་ཚེས18ཉིན། མཐོ་ཚད་ལ་སྨི6500ཡོད་པའི་སྒར་ས་ནས། རི་རྩེར་འཛེགས་པའི་སྐུལ་སློང་ཚོགས་འདུ་བསྡུས་ཏེ་ཚེས22ཉིན་རི་མགོར་ཐོན་རྒྱུ་བྱས། ཡིན་ནའང་། བྷང་ག་ལ་མཚོ་ཁུག་གྱི་རླུང་འཁྱིལ་དྲག་པོའི་རླུང་འཚུབ་ཇོ་མོ་གླང་མའི་ཕྱོགས་ལ་ཐོན་སྟབས། རི་མགོར་འཛེགས་པའི་མཚམས་བཞག་པ་རེད།
ཐེངས་གསུམ་པ།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས། ཟླ5བའི་ཚེས24ཉིན། ཚད་འཇལ་རུ་ཁག་གི་རུ་མི་བརྒྱད་ཀྱིས་ལྗིད་ཚད་ལ་སྤྱི་རྒྱ20ལྷག་ཡོད་པའི་འབྲེལ་ཡོད་སྒྲིག་ཆས་ཁུར་ནས་ཐེངས་གསུམ་པར་ཇོ་མོ་གླང་མའི་རྩེ་ལ་འཛེགས་མགོ་བརྩམས་ལ། ཚེས27ཉིན་གྱི་ཆུ་ཚོད11:00སྐབས། ཇོ་མོ་གླང་མའི་རྩེ་ལ་ཐོན་པ་དང་། དེ་ནས་ཆུ་ཚོད13:30སྐབས། མཐོ་ཚད་འཇལ་བའི་འབྲེལ་ཡོད་བྱ་བ་ཚང་མ་རྫོགས་པར་བྱས་པ་རེད། རི་རྩེ་ནས་དུས་ཡུན་སྐར་མ150ཡི་རིང་ལ། ཁོང་ཚོས་ཀྲུང་གོའི་མི་ཡི་ཟིན་ཐོ་གསར་བ་བསྐྲུན་པ་རེད།
པར་རིས་ཞིན་ཧྭ་དྲ་བ་ལས་དྲངས། 1975ལོའི་ཟླ5ཚེས27ཉིན་ལ། ཀྲུང་གོའི་རུ་མི9ཇོ་མོ་གླང་མའི་རྩེ་ལ་འཛེགས་ཐུབ་ནས། རང་རྒྱལ་གྱིས་འཛམ་གླིང་ཡོངས་ལ་ཇོ་མོ་གླང་མའི་མཐོ་ཚད་ལ་སྨི8848.13འདུག་ཅེས་བསྒྲགས། ལོ་ངོ45འགོར་བའི་ད་སྐབས། ཀྲུང་གོའི་རུ་མི་ཡང་བསྐྱར་ཇོ་མོ་གླང་མའི་རྩེ་ལ་འཛེགས་ནས་ཟིན་ཐོ་གསར་བ་བསྐྲུན་པ་རེད།


ད་ཐེངས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་ལ། རང་རྒྱལ་གྱི་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་རྒྱུད་ཁོངས་ཐེངས་དང་པོར་སྤྱད་པ་མ་ཟད། ད་དུང་རང་རྒྱལ་གྱིས་གསར་བཟོ་བྱས་པའི་གངས་ཟབ་འཚོལ་ཞིབ་ལའེ་ཏ་དང་ལྗིད་ཤུགས་འཇལ་ཆས། རིམ་འདས་བར་ཐག་ཚད་འཇལ་ཆས་སོགས་ཀྱི་ཚན་ཞིབ་ཐོན་རྫས་མང་པོ་ཞིག་སྤྱད་ཡོད། ལྷག་པར་དུ། ཇོ་མོ་གླང་མའི་རྩེ་ནས་གནས་ཡུལ་གཏན་འཁེལ་ཡང་དག་བྱེད་པའིGNSSབསྡུ་ལེན་འཕྲུལ་ཆས་སྤྱད་པ་ལ། གཞི་གྲངས་ཚད་མ་ཡིན་པ་དང་བརྡ་རྟགས་བསྡུ་ལེན་བཟང་བ་སོགས་ཀྱི་ཁྱད་ཆོས་ཡོད་སྟབས། ཇོ་མོ་གླང་མའི་མཐོ་ཚད་ཡང་དག་པ་དེ་བདེ་བླག་ངང་འཇལ་བ་འགན་སྲུང་ཆེན་པོ་བྱས་ཡོད།
1975ལོར། རང་རྒྱལ་གྱིས་ཚད་འཇལ་ལམ་རྟགས་(测量觇标)ཇོ་མོ་གླང་མའི་རྩེ་ལ་ཐེངས་དང་པོར་བཞག་ནས་མཐོ་ཚད་འཇལ་བ་དང་། དེ་དུས་ཀྱི་མཐོ་ཚད་ནི་སྨི8848.13རེད། 2005ལོར། རང་རྒྱལ་གྱི་ཚད་འཇལ་རུ་ཁག་གིས་སྲོལ་རྒྱུན་གྱི་ས་གཞི་ཚད་འཇལ་དང་སྲུང་སྐར་ཚད་འཇལ་བྱེད་ཐབས་གཉིས་ཟུང་འབྲེལ་བྱས་ཏེ་ཡང་བསྐྱར་ཇོ་མོ་གླང་མའི་མཐོ་ཚད་འཇལ་བ་དང་། སྐབས་འདིའི་མཐོ་ཚད་ནི་སྨི8844.43རེད། ད་ལོ་སྟེ2020ལོར། རང་རྒྱལ་གྱི་ཚད་འཇལ་རུ་ཁག་གིས་འཇལ་བའི་ཇོ་མོ་གླང་མའི་མཐོ་ཚད་ནི་སྨི8848.86རེད།

ད་ཐེངས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་གྲུབ་འབྲས་འདི་སའི་གོ་ལའི་སྒུལ་ཤུགས་རིག་པའི་གླིང་དུམ་འགུལ་སྐྱོད་སོགས་ཀྱི་ཞིབ་འཇུག་ལ་སྤྱད་ན་ཆོག་པ་རེད། ཇོ་མོ་གླང་མའི་རྩེ་ཡི་གངས་ཀྱི་མཐུག་ཚད་དང་གནམ་གཤིས། རླུང་ཤུགས་སོགས་ཀྱི་གཞི་གྲངས་ཡང་དག་པ་རྣམས་ཀྱིས་འཁྱག་ཀླུང་ལ་ལྟ་ཞིབ་ཚད་འཇལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཕྱོགས་ལ་ཞིབ་འཇུག་བྱེད་པར་རྒྱུ་ཆ་དང་པོ་འདོན་སྤྲོད་བྱས་ཡོད། ད་དུང་། ལྗིད་ཤུགས་ཚད་འཇལ་བྱས་པའི་གྲུབ་འབྲས་སྤྱད་ནས་ཇོ་མོ་གླང་མའི་ས་ཁུལ་གྱི་སའི་གོ་ལའི་ལྗིད་ཤུགས་ཀྱི་དབྱིབས་གཟུགས་སྐྲུན་པ་དང་འཁྱག་ཀླུང་གི་འགྱུར་ལྡོག ས་ཡོམ། ས་ཤུན་འགུལ་སྐྱོད་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ཆོག
2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་རུ་ཁག་འདི་སྔ་གཞུག་ཏུ་ཐེངས་གསུམ་ལ་རི་རྩེར་འཛེགས་ཡོད་པ་སྟེ།
ཐེངས་དང་པོ།

ཐེངས་གཉིས་པ།

ཐེངས་གསུམ་པ།


འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།