༄༅།།གདང་ལ་རི་བོ་གྲོང་རྡལ་ཆུ་དཔོན་ལམ་ལུགས་བརྩམས་ཆོས《བརྩེ་བ་འབྲུ་ཆུའི་འགོ་ཁུངས་ལ་བཅངས》ཞེས་པར་རྒྱལ་ཡོངས་ཀྱི་བརྙན་ཐུང་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-12-10 14:27:41 ཀློག་གྲངས།:
       ཉེ་སྔོན། སྐབས་གཉིས་པའི《མཛེས་པའི་གཙང་པོ་དང་མཚེའུ་ལ་སྲུང་སྐྱོང་བྱས་ཏེ། དཔེ་སྟོན་གཙང་པོ་དང་མཚེའུ་བརྩོན་ལེན་བྱེད》ཅེས་པའི་རྒྱལ་ཡོངས་ཀྱི་སྤྱི་ཕན་བརྙན་ཐུང་འགྲན་བསྡུར་ཆེན་མོའི་དཔྱད་འདེམས་མཇུག་འབྲས་ཐོན་ཞིང་། རང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་གདང་ལ་རི་བོ་གྲོང་རྡལ་གྱིས་གདམ་སྐྱེལ་བྱས་པའི་བརྩམས་ཆོས《བརྩེ་བ་འབྲུ་ཆུའི་འགོ་ཁུངས་ལ་བཅངས》ཞེས་པར་བརྙན་ཐུང་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།
      བརྙན་ཐུང《བརྩེ་བ་འབྲུ་ཆུའི་འགོ་ཁུངས་ལ་བཅངས》ཞེས་པས་གདང་ལ་རི་བོ་གྲོང་རྡལ་གྱི་ཆུ་དཔོན་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། རིམ་པ་སོ་སོའི་ཆུ་དཔོན་དང་སྡེ་ཁག་སོ་སོའི་དཀའ་བ་ཁྱད་བསད་བྱས་ཏེ། ཐུང་ཐེན་གཙང་པོ་དང་ཐོའུ་ཐོའུ་གཙང་པོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཐོབ་པའི་ཕན་འབྲས་གཅིག་སྡུད་ངང་འགྲེམས་སྟོན་བྱས། བརྙན་ཐུང་ནང་གི་མི་སྣ་གཙོ་བོ་མགོན་པོ་བཀྲ་ཤིས་ནི་ས་གནས་ཀྱི་ཆུ་དཔོན་ཞིག་ཡིན། ཏང་ནང་ཞུགས་ནས་ལོ་33འགོར་ཡོད་པའི་ཁོང་གིས་ཉེ་འགྲམ་གྱི་མིའི་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོང་དང་། ཆུ་དང་མཚེའུ་ལ་སྲུང་སྐྱོབ་བྱས་ཏེ།  སྤྱིར་བཏང་གི་མིས་ཆེས་སྤྱིར་བཏང་མིན་པའི་བྱ་བ་སྒྲུབ་བཞིན་ཡོད། ཁོང་ཚོས་མཐོ་སྒང་གི་གྲང་ངར་བཟོད་བསྲན་བྱས་ཏེ། ལས་གནས་བརྟན་སྲུང་བྱ་རྒྱུ་དེ་ཧ་ཅང་རྩ་ཆེན་ཞིག་ཏུ་གྱུར་ཡོད། བརྙན་ཐུང་འདི་བཟོས་པའི་དམིགས་ཡུལ་ནི་མི་དེ་ལས་མང་པོ་ཞིག་ལ་སྐུལ་སློང་བྱས་ཏེ། ཧུར་ཐག་སྒོས་གཙང་པོ་དང་མཚེའུ་སྲུང་སྐྱོང་བྱ་གཞག་ནང་ཞུགས་པ་དང་། ཆུའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རྒྱུན་འཛིན་བྱེད་པ། ཆུ་སྲུང་མཁན་བརྩོན་ལེན་བྱས་ཏེ་ཕ་ཡུལ་གྱི་བདེ་སྐྱིད་ལྡན་པའི་གཙང་པོ་དང་མཚེའུ་འཛུགས་སྐྲུན་བྱེད་དགོས། ཆུ་དཔོན་དང་མཚོ་དཔོན་གྱི་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས། དྭངས་གཙང་གི་ཆུ་བོ་ནམ་ཡང་ཤར་ཕྱོགས་སུ་བཞུར་ཐུབ་པར་ཁག་ཐེག་བྱེད་རྒྱུ་དེ་ཡིན། 
      རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ནི་ཆུ་བེད་པུའུ་ཆུ་དཔོན་གཞུང་སྒྲུབ་ཁང་གིས་མཛུབ་ཁྲིད་བྱས་པ་དང་། དེའི་དམིགས་ཡུལ་ནི་གཏིང་ཟབ་སྒོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ལ་གཙང་པོ་དང་ཆུ་དཔོན་ལམ་ལུགས་ཀྱི་བྱ་བའི་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་དྲིལ་བསྒྲགས་སྔར་ལས་ལེགས་པོ་བྱས་ཏེ། ངེས་པ་དོན་གྱིས་དམངས་ཡོངས་ཀྱིས་གཙང་པོ་དང་མཚེའུ་ལ་གཅེས་སྐྱོང་དང་མཛེས་པའི་གཙང་པོ་དང་མཚེའུ་སྐྲུན་པའི་རང་རྟོགས་ཀྱི་འདུ་ཤེས་དང་ཧུར་བརྩོན་རང་བཞིན་ཤུགས་དྲག་ཏུ་གཏོང་རྒྱུ་དེ་ཡིན། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།