ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།ལོ་ཁྲི19སྔོན་གྱི་མདོ་དབུས་མཐོ་སྒང་གི་བདག་པོ་སྟེ། ཏན་ཉི་སོ་བ་མི།
༄༅།།ལོ་ཁྲི19སྔོན་གྱི་མདོ་དབུས་མཐོ་སྒང་གི་བདག་པོ་སྟེ། ཏན་ཉི་སོ་བ་མི།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་རྩལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2020-11-27 15:20:01
ཀློག་གྲངས།:
མཁའ་འགྲོའི་ཕོ་བྲང་གནས་ཤུལ་གྱི་ཟུར་ཞིག པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།མཁའ་འགྲོའི་ཕོ་བྲང(白石崖溶洞)གནས་ཤུལ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱ་ཞང་གི་ཁོངས་གཏོགས་སུ་ཡོད་ཅིང་། སྔོན་ཆད། གནས་འདི་ནས་གནའ་བོའི་མིའི་རིགས་ཀྱི་མ་མགལ་རུས་པའི་འགྱུར་རྡོ(下颌骨化石)ཞིག་རྙེད་མྱོང་། འགྱུར་རྡོ་ལ་གཟུགས་གཞིའི་མིའི་རིགས་རིག་པ(体质人类学)དང་གནའ་བོའི་སྤྲི་དཀར། (古蛋白)ཡུ་རྒྱུད་ལོ་བརྟག་ལག་རྩལ(铀系测年技术)བཅས་སྤྱད་ནས་དབྱེ་ཞིབ་བྱས་རྗེས། མ་མགལ་རུས་པའི་འགྱུར་རྡོ་དེ་ནི་ད་ལྟའི་བར་དུ་ལོ་ཁྲི16ལྷག་ཡོད་པའི་སྔོན་གྱི་ཏན་ཉི་སོ་བ་མི(丹尼索瓦人)ཡི་འགྱུར་རྡོ་ཡིན་པ་ངོས་འཛིན་བྱས།
ཉི་ཨན་ཏེ་ཐི་མི། པར་རིས་ཀྲུང་གོའི་ཚན་སྤེལ་ལས་དྲངས།ད་ལྟའི་བར་དུ་ལོ་ཁྲི4ཡོད་པ་ནས་ལོ་ཁྲི19ཡོད་པར་གྱུར་པ།
བསང་ཆུ་ཡུལ་གྱི་མིའི་འགྱུར་རྡོ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།དེ་སྔོན། ཀྲུང་གོའི་ཚན་རིག་གླིང་གི་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀའོ་ཞིན་ཞིབ་འཇུག་ཚོགས་པ་སྔ་གཞུག་ཐེངས་བརྒྱད་ལ་མདོ་དབུས་མཐོ་སྒང་དུ་ཕྱིན་ནས་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཐང་མཐོ་སྒང་ནས་རྡོ་ཆས་རྙིང་མའི་དུས་ཀྱི་གནས་ཤུལ་ཉ་དེའུ་ཞེས་པ་རྙེད་པ་རེད།
DNAཡི་ཁྱད་རྟགས་ལ་གཞིགས་ནས་བཟོས་པའི་ཏན་ཉི་སོ་བ་མིའི་བུ་མོ་ཞིག པར་རིསMAAYAN HARELཞེས་པ་ལས་དྲངས།རང་རྒྱལ་དུ་ཐེངས་དང་པོར་ས་འོག་ནས་སྔོན་འདོན་བྱས་ཏེ་ལོན་པའི་གནའ་བོའི་མིའི་རིགས་ཀྱིDNAལ་གཏོགས་པ།
བསགས་དངོས་ཀྱིDNAའཚོལ་བསྡུ་བྱེད་པ། པར་རིས་ལན་ཀྲའོ་སློབ་ཆེན་གྱི་དྲ་བ་ལས་དྲངས།
གནའ་བོའི་ཁོར་ཡུག་བསྐྱར་བཟོའི་ས་རྒྱུ་འཚོལ་བསྡུ་བྱེད་པ། པར་རིས་ལན་ཀྲའོ་སློབ་ཆེན་གྱི་དྲ་བ་ལས་དྲངས།དེང་རབས་མིའི་རིགས་ཀྱི་འབྱུང་ཁུངས་གནད་དོན་གསལ་བར་བྱེད་པ་ལ་དོན་སྙིང་ཆེན་པོ་ཡོད་པ།
AMS14Cལོ་བརྟག་ལ་སྤྱོད་པའི་རུས་པའི་རྒྱུ་ཆ་ལེན་པ། པར་རིས་ལན་ཀྲའོ་སློབ་ཆེན་གྱི་དྲ་བ་ལས་དྲངས།
སྔོག་འདོན་བྱས་ནས་རྙེད་པའི་རྡོ་ཆས་དང་སྲོག་ཆགས་ཀྱི་རུས་པ། ཧན་ཡོན་ཡོན་གྱིས་པར་བླངས། “ཨ་ཧྥེ་རི་ཁའི་གླིང་ནས་བྱུང་བ”ཞེས་བཤད་མཁན་ཚོས་དེང་རབས་མི(现代人)ནི་ལོ་ཁྲི20ནས10ཙམ་གྱི་སྔོན་ལ། ཨ་ཧྥེ་རི་ཁ་གླིང་ནས་བྱུང་བ་བརྗོད་པ་དང་། “ས་ཁུལ་མང་པོ་ཞིག་ནས་བྱུང་བ”ཞེས་བཤད་མཁན་ཚོས་སྔ་དུས་ཀྱི་ཤེས་མི(智人)དང་ཐ་ན་མཇུག་དུས་ཀྱི་ལངས་མི(直立人)ནས་བཟུང་། མིའི་རིགས་ནི་སྐྱེ་དངོས་རིགས་ཚོགས་ཤིག་ཡིན་པ་དང་། དབྱེ་འབྱེད་གསར་བ་བྱུང་མེད་པར་བརྗོད་པ་རེད།
འོད་འགྲེལ་རྒྱུ་ཆ་ལེན་པ། ཧན་ཡོན་ཡོན་གྱིས་པར་བླངས།མཁའ་འགྲོའི་ཕོ་བྲང་ནས་ཏན་ཉི་སོ་བ་མི་རྙེད་པ་ལས། ཨེ་ཤེ་ཡ་ཤར་མའི་ས་ཁུལ་གྱི་ལངས་མི་དང་དེང་རབས་མི་གཉིས་བར་གྱི་གནའ་བོའི་མི་ཚོགས་ཀྱི་རྒྱུད་ཁོངས་བྱེ་བྲག་པ་གང་ཡིན་མི་ཤེས་པ་དེ་ཁ་གསབ་བྱས་ཏེ་དུས་སྐབས་གཅིག་པའི་གནའ་བོའི་རྣམ་པའི་མིའི་རིགས་ཀྱི་འགྱུར་རྡོ་ཡི་རིགས་གཏོགས་བརྟག་དཔྱད་ལ་རྒྱུ་ཆ་གལ་ཆེན་ཞིག་འདོན་སྤྲོད་བྱས་ནས་ཨེ་ཤེ་ཡ་ཤར་མའི་གནའ་བོའི་མིའི་རིགས་ཀྱི་འཕོ་འགྱུར་ལོ་རྒྱུས་དང་དེང་རབས་མིའི་རིགས་ཀྱི་འབྱུང་ཁུངས་གནད་དོན་གསལ་བར་བྱེད་པ་ལ་དོན་སྙིང་གལ་ཆེན་ཡོད་པས། འདི་ནི་ཉེ་བའི་ལོ་ཤས་རིང་གི་རྡོ་ཆས་རྙིང་མའི་དུས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་ཐོད་རྒལ་ཆེན་པོ་ཞིག་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།






青公网安备63252102000006号