༄༅།།2022ལོར་ཁམས་ར་སྤྱི་གླིང་དངོས་སུ་འཛམ་གླིང་ས་གཤིས་སྤྱི་གླིང་ལ་རེ་ཞུ་བྱ་རྒྱུ་རེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2020-10-29 09:26:20 ཀློག་གྲངས།:
པར་རིས་ཡོང་ཁུངས་ཤིན་ཧྭ་དྲ་བ།
གསར་འགོད་པས་ཟླ10བའི་ཚེས26ཉིན་འཚོགས་པའི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ལ་གསར་སྐྲུན་བྱེད་པའི་རེ་ཞུའི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན།“མཚོ་སྔོན་གཅན་ཚ་ཁམས་ར་ཏན་ཞ་ས་གཤིས་སྤྱི་གླིང”དེ2022ལོར་དོངས་སུ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་ཕུལ་བའི་འཛམ་གླིང་ས་གཤིས་སྤྱི་གླིང་ལ་རེ་ཞུ་བྱེད་པའི་གྲས་སུ་གཏན་འཁེལ་བྱས་ལ། མིག་སྔར་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གསར་སྐྲུན་བྱེད་པའི་རེ་ཞུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
ཁམས་ར་ཏན་ཞ་ས་གཤིས་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཅན་ཚ་རྫོང་ཁོངས་སུ་ཡོད་ལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་གནས་སྟངས་ཀྱི“སྐོར་གཅིག་ལམ་གསུམ”ཁྲོད་ཀྱི་རྨ་ཆུའི་མཛེས་ལྗོངས་ལ་ཡུལ་སྐོར་བྱེད་པའི་ལྟེ་གནས་གལ་ཆེན་ཞིག་ཡིན།
ཁམས་ར་ས་གཤིས་སྤྱི་གླིང་དེ་ཉིད་འཛམ་གླིང་ས་གཤིས་སྤྱི་གླིང་ལ་རེ་ཞུ་བྱེད་པའི་ལས་འགོ་བརྩམས་པ་ནས་བཟུང་། རེ་ཞུའི་འཕེལ་རིམ་ལ་སྤྱི་ཚོགས་ལས་རིགས་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ། 2019ལོའི་ཟླ12པའི་ཚེས20ཉིན། ཁམས་ར་ཏན་ཞ་ས་གཤིས་སྤྱི་གླིང་གིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་སྲུང་སྐྱོང་ཁུལ་དོ་དམ་སི་ལ་ཡིག་ཐོག་རེ་ཞུ་ཕུལ་བ་དང་། 2020ལོའི་ཟླ1བོའི་ཚེས14ཉིན་རྒྱལ་ཡོངས་ལ་ཡོངས་བསྒྲགས་དང་ཞིབ་དཔྱད་བྱས་པའི་མཇུག་འབྲས་ལྟར་ན་ཁམས་ར་ཨང་གསུམ་པར་སླེབས་ཡོད་པ་རེད། 2020ལོའི་ཟླ3པའི་ཚེས9ཉིན་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“མཚོ་སྔོན་གཅན་ཚ་ཁམས་ར་ཏན་ཞ་ས་གཤིས་སྤྱི་གླིང”2022ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་ཕུལ་བའི་འཛམ་གླིང་ས་གཤིས་སྤྱི་གླིང་ལ་རེ་ཞུ་བྱེད་པའི་གྲས་སུ་གཏན་འཁེལ་བྱས།
རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་ནས་འཛམ་གླིང་ས་གཤིས་སྤྱི་གླིང་དུ་རིམ་སྤོར་བྱ་དགོས་ན། ཁམས་ར་ས་གཤིས་སྤྱི་གླིང་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་དཔྱད་བསྡུར་གཏན་འབེབས་སྐོར་གྱི་ཚད་གཞི་དང་མཐུན་དགོས་པར་མ་ཟད། ཆེད་མཁས་པའི་རྟོག་ཞིབ་དང་འཛམ་གླིང་ས་གཤིས་སྤྱི་གླིང་གི་ཚོགས་ཆེན་དཔྱད་ཞིབ་སོགས་ཀྱི་གོ་རིམ་བརྒྱུད་དགོས་པ་རེད།
ཚོགས་འདུའི་ཐོག་རང་བྱུང་ཐོན་ཁུངས་དང་ལོ་རྒྱུས་རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ནས་ཡོང་བའི་ཆེད་མཁས་པས་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་གསར་སྐྲུན་བྱེད་པའི་ལས་དོན་ལ་ཐབས་འདོན་ཇུས་འདོན་བྱས་པ་རེད།
ཁམས་ར་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་བསོད་ནམས་དར་རྒྱས་ཀྱིས་བཤད་པ་ལྟར་ན། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ལ་གསར་སྐྲུན་བྱ་རྒྱུར་རེ་ཞུ་བྱེད་པ་དེ་ནི་རྒྱལ་སྤྱིའི་ལས་སྟེགས་སྤྱད་དེ་ས་གཤིས་ཀྱི་རྗེས་ཤུལ་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་རིག་གནས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། དབུལ་ཐར་འགག་སྒྲོལ་ལ་རམ་འདེགས་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མིག་སྔར། ཡུལ་དངོས་ནས་རྩད་ཞིབ་བྱེད་པའི་མི་སྣས་ཁམས་ར་ས་གཤིས་སྤྱི་གླིང་དུ་ས་གཤིས་ཀྱི་རྗེས་ཤུལ་དང་མ་དཔེ་འཚོལ་བསྡུ་བྱེད་བཞིན་ཡོད་ལ། མཛེས་ལྗོངས་ཁུལ་གྱིས་རེ་ཞུའི་བླང་བྱ་ལྟར་གསར་སྐྲུན་གྱི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏང་རྒྱུ་ཡིན་ཟེར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།