རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བའི་ཚོགས་ཆེན་དངོས་སུ་མགོ་བརྩམས་པ།

རྩོམ་པ་པོ།: ཡོང་ཁུངས།: དུས་ཚོད།:2020-08-03 10:56:38 ཀློག་གྲངས།:
སྤྱི་ཟླ8པའི་ཚེས3ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་ཚགས་པར་ཁང་དང་མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་གནང་བའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བའི་ཚོགས་ཆེན་དངོས་སུ་མགོ་བརྩམས་ཤིང་། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་ཝེ་ཞིན་ཧྭ་དང་། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རིམ་པ་བཞི་བའི་ལས་མི་བུ་ཆུང་ཐར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་གཞོན་པ་ཚེ་མགོན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀི་ཝུན་ཅུན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་དང་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་ཚེ་ལོ།  ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ཧྥུའུ་ཡུའུ་ལེན། དེ་མིན་ཞིང་ལྗོངས་ལྔ་ནས་ཕེབས་པའི་བོད་ཁུལ་གྱི་བོད་ཡིག་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་སྡེ་ཁག་གི་འབྲེལ་ཡོད་མི་སྣ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད།
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བའི་ཚོགས་ཆེན།
ཐོག་མར་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་ཝེ་ཞིན་ཧྭས་ཤིས་ཚིག་ཕུལ་བ་དང་།དེ་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་གཏམ་བཤད་གནང་།
ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་དྲིལ་སྒྲོག་པུའི་པུའུ་ཀྲང་ཝེ་ཞིན་ཧྭ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན།
ཐེངས་འདིའི་མཐུན་སྦྱོར་ཚོགས་འདུའི་བརྗོད་གཞི་ནི“སྨྱན་སྦྱོར་གཅིག་མཐུན་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་དང་། སྨྱན་སྦྱོར་ཡོངས་ཀྱི་དྲིལ་སྒྲོག་རྣམ་པ་འཛུགས་པ”ཞེས་པ་དེ་ཡིན་ལ། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུས་སྔར་ལས་ལྷག་པར་མཉམ་འབྲེལ་དང་འབྲེལ་འདྲིས་ལ་ཤུགས་སྣོན་དང་། བོད་ཀྱི་སྐད་དང་ཡི་གེ་ཚད་ལྡན་བེད་སྤྱོད་དང་ཁྱབ་སྤེལ་བྱེད་པ། བོད་ཡིག་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་གྱིས་དྲིལ་སྒྲོག་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ཤུགས་སྣོན་པ་དེ་ཡིན།
ཐེངས་འདིའི་ཚོགས་འདུར་ཕུལ་བྱུང་གསར་རྩོམ་བརྩམས་ཆོས་དང་སྒྱུར་རྩོམ། དཔྱད་རྩོམ་སོགས་བརྙན་འཕྲིན་དང་རླུང་འཕྲིན། སྨྱན་སྦྱོར་གསར་པ་འདུས་པའི་བརྩམས་ཆོས་གང་མང་འབྱོར་ཡོད་ཅིང་། བོད་ཡིག་སྨྱན་སྦྱོར་ལས་ཁུངས50དང་སྨྱན་སྦྱོར་ལས་གཉེར་པ་མི100ལྷག་ཙམ་ཚོགས་འདུ་ཞུགས་ཡོད་པ་རེད། 
རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བའི་ཚོགས་ཆེན།
ཚོགས་འདུའི་རིང་། ཚོགས་ཞུགས་འཐུས་མི་དག་གིས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ལ་གཟིགས་ཞིབ་གནང་རྒྱུ་དང་། ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་ཁྱབ་སྒྲོག་བྱ་རྒྱུ། བརྡ་ཆད་གསར་བ་ཞུས་བཤེར། ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་གྱི་བརྩམས་ཆོས་ལ་ཞིབ་དཔྱད་བྱེད་པ་དང་། ། སྨྱན་སྦྱོར་གཅིག་མཐུན་སྒོས་གོང་སྤེལ་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུ་རྒྱུ། དེ་མིན་མཚོ་ལྷོ་ཁུལ་དབུལ་སྐྱོར་ཐོན་ལས་གླིང་དང་། མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་། མཚོ་ལྷོ་ཁུལ་ཉི་འོད་ནུས་པའི་གླིང་། ཁྲི་ཀ་རྫོང་ཅོག་རོང་སྡེ་བ་སོགས་སུ་ཡུལ་དངོས་བཅར་འདྲི་གནང་རྒྱུ་རེད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།