ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།ད་ལོར་མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་ཁག་གཅིག་ལ5Gཁྱབ་གདལ་བྱ་རྒྱུ།
༄༅།།ད་ལོར་མཚོ་སྔོན་གྱི་གྲོང་ཁྱེར་དང་ཁུལ་ཁག་གཅིག་ལ5Gཁྱབ་གདལ་བྱ་རྒྱུ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་འཕྲིན་སྟེགས།
དུས་ཚོད།:2020-05-19 11:28:11
ཀློག་གྲངས།:
ད་ལོ་ནས་བཟུང་། 5Gམཉམ་འདྲེས་བཀོལ་སྤྱོད་ཀྱིས་ཏོག་ནད་འགོག་ཟོན་ལས་སྒོ་བསྐྱར་འབྱེད་ཁྲོད་ནུས་པ་ཆེན་པོ་བཏོན་ཡོད་དེ། དཔེར་ན5Gརྒྱང་བསྟེན་ནད་བརྟག་སྨན་བཅོས་དང5Gརིག་ནུས་སྨན་བཅོས་འཕྲུལ་མི་སོགས་ཚོད་ལྟའི་ལས་རིམ་ནས་ལག་ལེན་གྱི་ཕྱོགས་སུ་བསྐྱོད་ཅིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། 5G+4Kཐད་གཏོང་དང་། རྒྱང་རིང་གཞུང་ལས། རྒྱང་རིང་སློབ་ཁྲིད་སོགས་ཀྱིས་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་དང་བཀར་འཇུག་རིང་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
2019ལོའི་ལོ་འགོར། གློག་འཕྲིན་དང་། སྤོ་འགུལ། སྤྲེལ་འཕྲིན་བཅས་སྔ་རྗེས་སུ་ཟི་ལིང་དུ5Gསྦྲེལ་ཚུགས་བསྐྲུན་པ་དང་། ཟི་ལིང་གི་ལྟེ་བའི་ས་ཁོངས་ཁག་ཅིག་ཏུ5Gདྲ་རྒྱ་ཁྱབ་ཡོད་པ་རེད། ཀྲུང་གོ་ལྕགས་སྒྲོམ་མཚོ་སྔོན་ཀུང་སིས“རྨང་གཞིའི་འཛུགས་སྐྲུན་གསར་པ”ཡི་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། དམ་པ་དོན་གཉེར་གྱིས5Gབར་སྟོང་བཀོད་པའི་འཆར་འགོད་དོན་ཐོག་ཏུ་འཁྱོལ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ཐོན་ཁུངས་འགན་ལེན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཤུགས་བསྣན་ཏེ“གཞི་གྲངས་མཚོ་སྔོན”དང“དྲ་རྒྱའི་མཚོ་སྔོན”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
ད་ལྟའི་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་གཞི་གྲངས་ལྟེ་གནས9སྤྱད་དེ་འཁོར་སྒྲོམ3239བེད་སྤྱོད་བཏང་ཡོད་པ་རེད། ཐེན་ཞོན་དང་། ཨ་ལས། གློག་རྡུལ་སྲིད་དོན་སོགས་ཁེ་ལས་དང་ལས་ཁུངས100ལྷག་གི་ལས་སྒོ་ཚུད་ཡོད། གཞི་གྲངས་ཆེ་མོའི་ལྟེ་གནས་འཕེལ་རྒྱས་ལ་རྣམ་པ་བཟང་པོ་ཐོན་པ་དང་ཁེ་ལས་ཆུང་འབྲིང་གི་སྤྲིན་ཚོང་ཤག་བརྒྱ་ལྷག་ཙམ་གྱི་གན་རྒྱ་བཞག་པ་རེད། 5Gསྦྲེལ་ཚུགས1273བསྐྲུན་པ་དང5Gའཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར5.2བཏང་ཡོད། 5Gསྤྱོད་མཁན་ཁྲི15.31ཟིན་པ་དང་། ལོ་གོང་མའི་ལོ་མཇུག་དང་བསྡུར་ན་སྤྱོད་མཁན་ཁྲི13.78གཙང་འཕར་བྱུང་བ་དང་། 5Gའཕྲིན་གཏོང་དྲ་རྒྱ་དེ་དྭངས་གསལ་བརྙན་ལམ་ཐད་གཏོང་དང་། 5Gསྐད་གདངས་དང་བརྙན་ལམ་ཁ་པར། རྒྱང་ཁྲིད་སྨན་བཅོས་སོགས་ཐད་སྤྱོད་ཐུབ་པ་བྱུང་ཡོད་པ་རེད།
ད་ལོའི་ཟླ4པའི་ཟླ་སྟོད་ནས་ད་བར་དུ། 2020ལོར་ཁག་དང་པོའི5Gསྦྲེལ་ཚུགས2459འཛུགས་སྐྲུན་གྱི་དགོས་མཁོ་མིག་སྔར1798བསྐྲུན་ཟིན་ལ། སྤྱི་ཡོངས་ནས་ལས་མཇུག་འགྲིལ་ཚད71%ཟིན་ཡོད་པ་རེད། ལས་རིམ་རྗེས་མར་རང་ཞིང་གིས5Gའཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། 5Gཚོང་སྤྱོད་དང་དྲ་རྒྱ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། 5Gཐོན་ལས་ཀྱི་ལས་རྣམ་གསར་པ་ཤུགས་ཆེན་པོས་བསྐྲུན་དགོས། ད་ལོར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར5Gདྲ་རྒྱ་ཁྱབ་པར་བྱ་རྩིས་ཡོད་པ་རེད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་མཇུག་ཏུ་མ་དངུལ་སྒོར་དུང་ཕྱུར61གཏོང་རྒྱུའི་འཆར་གཞི་ཡོད། 5Gསྦྲེལ་ཚུགས15000བསྐྲུན་ནས་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་རྡལ་དུ5Gདྲ་རྒྱ་ཁྱབ་པར་བྱ་རྒྱུ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་ལས་དང་། ཁྱད་ལྡན་ཡུལ་སྐོར། སྐྱེ་ཁམས་སྲུང་སྐྱོང་། གྲངས་འཛིན་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྔར་བས་སྐུལ་འདེད་གཏོང་དགོས་པ་རེད།

འབྲེལ་ཡོད་འོས་སྦྱོར།
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།