༄༅།།མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནད་པ18ཡོངས་སུ་དྲག་སྟེ་སྨན་ཁང་ལས་སྒོར་བུད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-21 10:33:46 ཀློག་གྲངས།:
སྤྱི་ཟླ2པའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་མཇུག་མཐའི་ཏོག་གསར་གློ་ཚད་ནད་ཐག་བཅད་པའི་ནད་པ2པོའང་ནད་གཞི་དྲག་སྟེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་སྒོར་བུད། ད་སྔའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བར་ཞག་སྡོད་ནད་བཅོས་བྱེད་པའི་ནད་པ15ཡོངས་སུ་དྲག་སྟེ་སྨན་ཁང་ལས་སྒོར་བུད། དེའི་ཐོག་དེ་སྔོན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་ནས་དྲག་སྟེ་སྒོར་བུད་པའི་ཏོག་གསར་གློ་ཚད་ཀྱི་ནད་པ3པོ་བསྣན་ན། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནད་པ18ཡོངས་སུ་དྲག་སྟེ་སྨན་ཁང་ལས་སྒོར་བུད།
ཐེངས་འདིར་སྨན་ཁང་ལས་སྒོར་བུད་པའི་ཏོག་གསར་གློ་ཚད་ཀྱི་ནད་པ2པོ་ནི་སོ་སོ་སྤྱི་ཟླ2པའི་ཚེས2ཉིན་དང་ཚེས4ཉིན་སྨན་ཁང་དུ་བསྡད་ཅིང་། ཉིན་དེར་ནད་ངོས་བཟུང་བ་དང་། སྤྱིར་བཏང་རང་བཞིན་གྱི་ནད་རྟགས་ནས་ནད་རྟགས་ལྕི་མོར་གྱུར། ཞིམ་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་སྨན་བཅོས་ཆེད་མཁས་ཚོགས་ཆུང་གིས་ཐེངས་མང་པོར་ལྷན་དུ་ནད་དཔྱད་བྱས་རྗེས། སྔར་ལས་ལྷག་པར་སྨན་བཅོས་འཆར་འགོད་ལེགས་བཅོས་དང་ཀྲུང་ཕྱི་སྨན་བཅོས་ཟུང་སྦྲེལ་སྒོས་ནུས་ཤུགས་ཡོད་རྒུས་སྲོག་སྐྱོབ་སྨན་བཅོས་གནང་བ་ཡིན། མདུན་སའི་སྨན་པ་རྣམས་ཀྱིས་སྲོག་སྐྱོབ་སྨན་བཅོས་འཆར་འགོད་འདི་ནན་གྱིས་དངོས་འབེབས་དང་། ནད་པར་སེམས་ཁམས་གསོ་བ་དང་ཞིབ་ཚགས་ཀྱིས་བདག་བཅོས་བྱས་ཏེ། ཉིན20རིང་ལྷན་དུ་འབད་བརྩོན་བྱས་རྗེས། དེ་རིང་ཡོངས་སུ་དྲག་སྟེ་སྨན་ཁང་ལས་སྒོར་བུད།
 རྒྱལ་ཁབ་ཀྱི《ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་ནད་རྟགས་སྨན་བཅོས་འཆར་འགོད(པར་གཞི་ཨང་དྲུག་པ་ཚོད་ལྟ)》ཀྱི་སྨན་ཁང་ལས་འབུད་པའི་ཚད་གཞི་ལྟར། ཞིང་ཆེན་རིམ་པའི་སྲོག་སྐྱོབ་སྨན་བཅོས་ཆེད་མཁས་པས་དཔྱད་འཇོག་གནང་རྗེས། སྨན་ཁང་ལས་སྒོར་འབུད་པའི་ཚད་གཞི་དང་མཐུན་པ་ཡིན། སྨན་ཁང་ལས་སྒོར་བུད་རྗེས། ནད་པ་འདི་གཉིས་ལ་ད་དུང་སྡོད་གནས་དེའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་དོ་དམ་འོག མུ་མཐུད་དུ་ཉིན14ལ་ལོགས་བཀར་གཟིགས་ཞིབ་དང་རྗེས་འདེད་རྗེས་བཅར་བྱེད་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།