༄༅།།ཚེས19ཉིན་གྱི་ལྗོངས་ཞིང་ལྔའི་ནད་ཡམས་གནས་ཚུལ་གསར་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:CNR དུས་ཚོད།:2020-02-20 09:38:01 ཀློག་གྲངས།:
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ2ཚེས19ཉིན་གྱི་ཆུ་ཚོད18:50བར། རྒྱལ་ཡོངས་སུ་ཁྱོན་སྡོམ་ཏོག་གསར་གློ་ཚད་འགོས་པའི་ནད་པ74282དང་། དོགས་ཡོད་ནད་པ5248 ནད་ལས་ཐར་བ14630 ཚེ་ལས་འདས་པ་2009བཅས་བྱུང་ཡོད།
ཟླ2ཚེས19ཉིན་གྱི་ཆུ་ཚོད18:50བར། བོད་ལྗོངས་སུ་ནད་པ་གཅིག་ཀྱང་གསར་དུ་བྱུང་མེད་པས་རྒྱལ་ཡོངས་ལས་ནད་པ་གཅིག་ཀྱང་མེད་པའི་ལྗོངས་ཞིང་དུ་གྱུར་ཡོད།  
སི་ཁྲོན་དུ་ནད་པ514བྱུང་བ་ལས186དྲག་སྐྱེད་བྱུང་ཞིང3ཚེ་ལས་འདས་པ་དང་། ད་ཡོད་ནད་པ325ཡོད།   (དཀར་མཛེས་ཁུལ་དུ་ཁྱོན་ནད་པ65བྱུང་བ་ལས8དྲག་སྐྱེད་བྱུང་བས་ད་ཡོད་ནད་པ57ཡིན་པ་དང་། རྔ་བ་ཁུལ་གྱི་ནད་པ་གཅིག་པུ་དེ་དྲག་སྐྱེད་བྱུང་ནས་ནད་པ་གཅིག་ཀྱང་མེད་པར་གྱུར་ཡོད།)  
མཚོ་སྔོན་དུ་ཁྱོན་སྡོམ་ནད་པ18བྱུང་བ་ལས་ནད་པ16དྲག་སྐྱེད་བྱུང་བས་ད་ཡོད་ནད་པ2ལས་མེད། (མཚོ་བྱང་ཁུལ་དུ་ཁྱོན་སྡོམ་ནད་པ3བྱུང་བ་ལས2དྲག་སྐྱེད་བྱུང་ཞིང་ད་ཡོད་ནད་པ1ལས་མེད།)  
ཀན་སུའུ་རུ་ནད་པ91བྱུང་བ་ལས་ནད་པ62དྲག་སྐྱེད་བྱུང་ཞིང2ཚེ་ལས་འདས་པ་དང་། ད་ཡོད་ནད་པ27ཡོད། (ཀན་ལྷོར་ནད་པ8བྱུང་བ་ལས4དྲག་སྐྱེད་བྱུང་ནས་ད་ཡོད་ནད་པ4བར་ཆག་ཡོད།) 
ཡུན་ནན་དུ་ནད་པ173བྱུང་བ་ལས60དྲག་སྐྱེད་བྱུང་ཞིང་། 1ཚེ་ལས་འདས་པ་དང་ད་ཡོད་ནད་པ112ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།