༄༅།།མཚོ་སྔོན་ཞིང་ཆེན་གྱི་ཁ་ཐུམ་ཐོན་སྐྱེད་སྒྲིག་ཆས་ཚོད་ལྟ་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-20 09:35:29 ཀློག་གྲངས།:
སྤྱི་ཟླ2པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཉོས་པའི་ཁ་ཐུམ་ཐོན་སྐྱེད་སྒྲིག་ཆས་ཟི་ལིང་དུ་འབྱོར་རྗེས་ཡང་བསྐྱར་གཏམ་བཟང་གསར་བ་ཞིག་བསུས་ཡོད།
སྤྱི་ཟླ2པའི་ཚེས17ཉིན། མཚོ་སྔོན་ཤེལ་ཕྲེང་བོད་སྨན་སྡེ་ཚོགས་ཀྱིས་ཉོས་པའི་ཁ་ཐུམ་ཐོན་སྐྱེད་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཐོན་སྐྱེད་བྱེད་འགོ་བརྩམས་པར་མ་ཟད། ཉིན་རེར་གཅིག་སྤྱོད་ཁ་ཐུམ་ཁྲི10ཐོན་སྐྱེད་བྱེད་ཐུབ་པ་འདིས་རང་ཞིང་གི་སྨན་སྤྱོད་ཁ་ཐུམ་གྱིས་མི་འདང་བའི་གནད་དོན་ཇེ་ཡངས་སུ་བཏང་བ་མཚོན་ཡོད།
ལོ་མང་བོའི་རིང་། མཚོ་སྔོན་གྱིས་དམིགས་བསལ་ཐོན་ཁུངས་ལ་བརྟེན་ནས་ཐོན་ཁུངས་དང་མ་བཅོས་རྒྱུ་ཆའི་རིགས་གཙོ་བོར་བྱས་པའི་བཟོ་ལས་མ་ལག་ཅིག་ཆགས་པ་དང་། སྐྱེ་དངོས་དང་སྨན་རྫས་ཐོན་ལས་ཀྱི་གཞི་ཁྱོན་ད་དུང་ཆུང་ལ། ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་མང་པོ་མེད་པ་ཙམ་དུ་མ་ཟད། ཁ་ཐུམ་དང་འགོག་སྲུང་གྱོན་ཆས་སོགས་འགོག་སྲུང་དངོས་རྫས་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཧ་ལམ་མེད་པས། འགོག་སྲུང་དངོས་ཟོག་འགན་ལེན་བྱེད་ཤུགས་ཆེ་རུ་གཏང་ཆེད། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་མིག་སྔའི་དཀོན་པའི་དངོས་ཟོག་ཉོ་སྒྲུབ་དང་མཁོ་སྤྲོད་འགན་ལེན། བཟོ་ལས་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་བཀོད་སྒྲིག་བྱས་ཏེ་ཁ་ཐུམ་དང་འགོག་སྲུང་གྱོན་ཆས་སོགས་ཐོན་སྐྱེད་ཁེ་ལས་སྔ་མོ་ནས་དོན་འཁྱོལ་དང་། སྔ་མོ་ནས་ལས་འགོ་འཛུགས་པ། སྔ་མོ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་མཐུན་སྦྱོར་འོག ཟླ2པའི་ཚེས11ཉིན། མཚོ་སྔོན་ཤེལ་ཕྲེང་བོད་སྨན་སྡེ་ཚོགས་ཀྱིས་ཆེད་མངགས་ཞིང་ཆེན་གཞན་ནས་ཉོས་པའིN95ཁ་ཐུམ་ཐོན་སྐྱེད་དང་འགོག་སྲུང་སྒྲིག་ཆས་བཞི་བདེ་བླག་ངང་ཟི་ལིང་དུ་འབྱོར།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ཉོས་པའི་ཁ་ཐུམ་ཐོན་སྐྱེད་སྒྲིག་ཆས་བཞིའི་ནང་བྱིས་པའི་ཁ་ཐུམ་ཐོན་སྐྱེད་སྒྲུབ་རིམ1དང་། དར་མའི་ཁ་ཐུམ་ཐོན་སྐྱེད་སྒྲུབ་རིམ1 སྨན་སྤྱོད་ཕྱི་བཅོས་ཚན་ཁག་གི་ཁ་ཐུམ་ཐོན་སྐྱེད་སྒྲུབ་རིམ2བཅས་ཡོད། མིག་སྔར་ཁ་ཐུམ་ཐོན་སྐྱེད་སྒྲིག་ཆས་བཞི་སྒྲོག་སྦྱོར་ལེགས་འགྲུབ་བྱུང་ཡོད་ལ། ཟླ2པའི་ཚེས17ཉིན་ནས་བཟུང་སྨྱན་སྤྱོད་ཕྱི་བཅོས་ཁ་ཐུམ་ཐོན་སྐྱེད་སྒྲིབ་རིམ་གཉིས་དངོས་སུ་ཚོད་ལྟའི་ཐོན་སྐྱེད་བྱས་ནས་ཉིན་རེར་ཁ་ཐུམ་ཁྲི10ལྷག་ཐོན་སྐྱེད་བྱེད་ཀྱི་ཡོད། ངོ་སྤྲོད་བྱས་པ་ལྟར་ན་ཁ་ཐུམ་ཐོན་སྐྱེད་སྒྲིག་ཆས་བཞི་བོ་ཚང་མ་སྙོམས་སྒྲིག་ལེགས་འགྲུབ་བྱུང་རྗེས་ཉིན་རེར་ཁ་ཐུམ་ཁྲི25ནས་ཁྲི50བར་ཐོན་སྐྱེད་ཐུབ་པ་དང་རང་ཞིང་གི་ཁ་ཐུམ་གྱིས་མི་འདང་བའི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱ་ཐུབ་པ་རེད།
ཤེལ་ཕྲེང་བོད་སྨན་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པ་ཧྲེན་ཝུན་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་ལེགས་གྲུབ་བྱུང་རྗེས་ཐོན་སྐྱེད་སྒྲུབ་རིམ་གཉིས་པོ་དེ་ལས་བཟོ་བ12ཀྱིས་རེས་སྐོར་བྱས་ནས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། མིག་སྔར་ཐོན་སྐྱེད་བྱས་པའི་ཁ་ཐུམ་ཁག་དང་པོ་མཚོ་སྔོན་ཞིང་ཆེན་གྱི་ཆེད་ལས་ཁ་ཐུམ་གཙང་སེལ་ཁེ་ལས་སུ་དབོར་ནས་དུག་སེལ་དང་ཞིབ་བཤེར་བྱས་རྗེས་ཞིང་ཆེན་གྱི་དངོས་ཟོག་འགན་ལེན་སྡེ་ཁག་གིས་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུ་རེད་ཟེར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།