ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།མཚོ་སྔོན་ནས་དེ་རིང་སྔ་དྲོ་ཡང་ནད་པ1དྲག་སོང་། ད་ལྟ་ནད་པ2ལས་མེད།
༄༅།།མཚོ་སྔོན་ནས་དེ་རིང་སྔ་དྲོ་ཡང་ནད་པ1དྲག་སོང་། ད་ལྟ་ནད་པ2ལས་མེད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཨ་མདོ་སྨྱན་གསར་འཕྲིན་སྟེགས།
དུས་ཚོད།:2020-02-19 14:43:06
ཀློག་གྲངས།:
ཟླ2པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ40ཡི་ཐོག ཟི་ལིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་ཞིག་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་རུ་ཁག་གིས་སྨན་བཅོས་དང་ནད་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད། སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་དང་མཐུན་པས་སྨན་ཁང་ནས་ཕྱིར་བུད་པ་རེད། ནད་པ་འདི་སྨན་ཁང་ནས་ཕྱིར་བུད་པ་དེས་ཟི་ལིང་གྲོང་ཁྱེར་གྱི་གནས་གཏན་འཁེལ་སྨན་བཅོས་ལས་ཁུངས་ཀྱིས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་པ་མཚོན་ཡོད།
ནད་པ་དེ་ཟླ2པའི་ཚེས2ཉིན་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམས་ནད་ཚོད་འཛིན་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བསྐྱར་ཞིབ་བྱས་པ་དང་། ཞིང་ཆེན་རིམ་པའི་ཆེད་མཁས་པས་དཔྱད་དཔོག་བྱས་རྗེས་ཏོག་གསར་གློ་ཚད་ཕོག་པའི་ནད་པར་གཏན་འཁེལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་རུ་བསྡད་ནས་སྨན་བཅོས་དང་ལེན་བྱས་པ་རེད།
ནད་པ་དེ་སྨན་ཁང་དུ་བསྡད་ཚུན། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པས་ཚད་མཐོའི་མཐོང་ཆེན་བྱས་ཏེ“མི་རེར་ཇུས་གཞི་རེ་དང་། མི་རེར་ཚོགས་པ་རེའི”སྨན་བཅོས་རྩ་དོན་གཞིར་བཟུང་། ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་དང་ནད་གཞིར་དོ་ཁུར་ནན་མོ་བྱས་པར་མ་ཟད། ཞིང་ཆེན་རིམ་པའི་ཆེད་མཁས་པ་གདན་དྲངས་ནས་ནད་དཔྱད་མཛུབ་ཁྲིད་ཐེངས་མང་བྱས་པ་དང་། ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི་གསར་བ་གཞིར་བཟུང་ནད་ཐོག་སྨན་བཅོས་ཚོད་ལྟ་ཁང་དང་བརྙན་གཟུགས་རིག་པ་སོགས་འབྲེལ་ཡོད་ཞིབ་བཤེར་གྱི་འཐུས་སྒོ་ཚང་དུ་བཏང་བ་རེད། ནད་གཞི་དཔྱད་དཔོག་བྱེད་སྐབས་ནད་དུག་འགོག་པ་དང་ཀྲུང་ལུགས་སྨན་སྦྱོར་སྨན་རྫས་ཀྱི་ཚ་བ་དང་དུག་སེལ་བར་བྱེད་པ་སོགས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱིས་སྨན་བཅོས་བྱས་པ་དང་། ཉིན་ལྟར་ཆེད་མཁས་པས་ནད་ཁང་ལ་ཞིབ་བཤེར་བྱེད་པ་དང་ནད་པའི་ནད་གཞི་ཕྱོགས་བསྡུས་དཔྱད་དཔོག་བྱེད་པ་དང་ཆབས་ཅིག སྨན་བཅོས་ལས་དོན་མི་སྣས་ནད་པའི་སེམས་ཁམས་ལ་ཁྲིད་སྟོན་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། སེམས་ཁུར་དང་གཅེས་སྐྱོང་བྱེད་པ། བཟའ་བཏུང་ལ་ལྟ་རྟོག་ཞིབ་ཚགས་བྱེད་པ། འཚོ་བཅུད་སྡེབ་སྒྲིག་ལ་དོ་སྣང་ཆེན་པོ་བྱེད་པ་བཅས་བྱས། དུས་ཐོག་ཏུ་ནད་གཞིའི་གནས་ཚུལ་དང་ཚན་རིག་ཁྱབ་གདལ་གྱི་བདེ་ཐང་ཤེས་བྱ་སྤེལ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ནད་པའི་དངངས་སྐྲག་གི་སེམས་ཁམས་སླར་གསོ་བྱས་པ་དང་། སྨན་ཁང་དུ་སྡོད་རིང་ནད་པ་ཚང་མས་སྨན་བཅོས་ལས་དོན་མི་སྣས་སྨན་གཡོག་དང་སྨན་བཅོས་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཡོད།
ནད་པར་སྨན་བཅོས་ཞིབ་ཚགས་དང་ཉིན་མཚན་དབྱེར་མེད་དུ་བདག་སྐྱོང་འགན་ལེན་བྱ་ཆེད། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ཚན་ཁག་ཁག་གི་སྨན་བཅོས་ལས་དོན་མི་སྣ30ལྷག་སྨན་བཅོས་རུ་ཁག3དུ་བགོས་ནས་ཆུ་ཚོད24རིང་ལས་རེས་བྱེད་དུ་བཅུག་པ་དང་། ནད་ཁང་ནང་གི་སྨན་བཅོས་ལས་དོན་མི་སྣ་ཡོངས་ཀྱིས་ནད་དུག་ལ་མི་སྐྲག་པ་དང་ལུས་སེམས་ཀྱི་གནོན་ཤུགས་ཁྱད་བསད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ནད་པར་ཞབས་ཞུ་ལེགས་པོ་བསྒྲུབས་ཡོད་པར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་རིམས་ནད་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྨན་བཅོས་བཅོས་ལས་དོན་མི་སྣས་འབད་བརྩོན་ཆེན་པོ་བྱས་ཡོད།
ནད་དུག་འགོག་པ་དང་སྨན་བཅོས་ལ་རྒྱབ་སྐྱོར་བྱེད་པ་སོགས་འབྲེལ་ཡོད་སྨན་བཅོས་བྱས་པ་བརྒྱུད། ཟླ2པའི་ཚེས6ཉིན་ནས་བཟུང་། ནད་པར་ཚ་བ་རྒྱས་པ་སོགས་ནད་ཐོག་སྨན་བཅོས་ཀྱི་ནད་རྟགས་ཧ་ལམ་རྒྱུན་ལྡན་ལྟར་སླར་གསོ་ཐུབ་ཡོད་ཅིང་། ཟླ2པའི་ཚེས17ཉིན་དང་ཚེས18ཉིན་གྱི་ཏོག་གསར་གློ་ཚད་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཚང་མ་སྲིབས་གཤིས་ཡིན་པ་དང་། རྒྱལ་ཁབ་ཀྱི《ཏོག་གསར་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་བ་བཟོ་བཅོས)》སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་དང་མཐུན་ཞིང་། ཞིང་ཆེན་རིམ་པའི་ཆེད་མཁས་པས་དཔྱད་དཔོག་བྱས་རྗེས། དེ་རིང་སྨན་ཁང་ནས་ཕྱིར་བུད་པ་རེད།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི《ཏོག་གསར་གློ་ཚད་དང་འབྲེལ་བ་ཡོད་པའི་ནད་པ་ལོགས་སུ་བཀར་བ་དང་སྨན་ཁང་ནས་ཕྱིར་བུད་རྗེས་དོ་སྣང་བྱེད་དགོས་པའི་དོན་ཚན》གྱི་བླང་བྱ་གཞིར་བཟུང་། ད་ཐེངས་སྨན་ཁང་ནས་ཕྱིར་བུད་པའི་ནད་པས་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ལྟ་སྐུལ་དོ་དམ་འོག ཉིན14ཡི་རིང་ཁྱིམ་དུ་ལོགས་སུ་བཀར་རྒྱུ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།