༄༅།།ཚེས18ཉིན་མཚོ་སྔོན་གྱི་ནད་པ1དྲག་ནས་སྨན་ཁང་ལས་སྒོར་བུད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-02-18 11:44:51
ཀློག་གྲངས།:
སྤྱི་ཟླ2པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད10:00སྟེང། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པ1དྲག་སྟེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ནས་སྒོར་བུད།
སྤྱི་ཟླ2པའི་ཚེས4ཉིན། ནད་པ་དེ་སྨན་ཁང་དུ་བསྡད་ནས་ཉིན13ལ་སྨན་བཅོས་བྱས་པར་བརྒྱུད། རྒྱལ་ཁབ་ཀྱི《ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི(བཟོ་བཅོས་བྱས་པའི་ཚོད་ལྟའི་ལག་བསྟར་པར་གཞི་ལྔ་པ)》སྨན་ཁང་ནས་འབུད་པའི་ཚད་གཞི་དང་མཐུན་པ་དང་། ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་ཆེད་མཁས་ཚན་ཆུང་གིས་ཚོད་དཔྱད་བྱས་པར་བརྒྱུད་སྨན་ཁང་ནས་ཕྱིར་བུད་ཆོག་པ་གཏན་འབེབས་བྱས། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ནད་ངོས་བཅད་པའི་ཁྲོད་སྨན་བཅོས་བྱས་ཏེ་དྲག་པའི་སྨན་ཁང་ནས་ཕྱིར་འབུད་མཁན་གྱི་ནད་པ14བ་དེ་ཡིན་པ་དང་། སྨན་ཁང་ལས་སྒོར་བུད་རྗེས་ཉུང་མཐར་ཡང་ཉིན14ལ་ལོགས་སུ་བཀར་ནས་སྨན་བཅོས་ལྟ་ཞིབ་བྱེད་རྒྱུ།
མིག་སྔར་མཚོ་སྔོན་གྱིས་ཏོག་གསར་གློ་ཚད་ཐག་བཅད་པའི་ནད་པ18སྙན་སེང་ཞུས་པ་དང་། བསྡོམས་རྩིས་བྱས་པ་ལྟར་ན་ནད་པ14སྨན་བཅོས་བྱས་ཏེ་དྲག་པས་སྨན་ཁང་ལས་སྒོར་བུད། ཡིན་ཡང་། ད་དུང་ནད་པ4སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། སྨན་ཁང་དུ་སྡོད་པའི་ནད་པའི་ནད་གཞི་བརྟན་འཇགས་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།