ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།ཚེས17ནས་བཟུང་རིམས་འགོག་བྱ་བ་མཇུག་བསྡུ་བའི་བར་རྒྱལ་ཡོངས་ཀྱི་ལམ་གླ་བསྡུ་བའི་གཞུང་ལམ་ཐོག་རླངས་འཁོར་རིན་མེད་ངང་བསྐྱོད་ཆོག
༄༅།།ཚེས17ནས་བཟུང་རིམས་འགོག་བྱ་བ་མཇུག་བསྡུ་བའི་བར་རྒྱལ་ཡོངས་ཀྱི་ལམ་གླ་བསྡུ་བའི་གཞུང་ལམ་ཐོག་རླངས་འཁོར་རིན་མེད་ངང་བསྐྱོད་ཆོག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཨ་མདོ་བརྙན་འཕྲིན།
དུས་ཚོད།:2020-02-18 09:58:36
ཀློག་གྲངས།:
ཉེ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད0ནས་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་མཇུག་སྒྲིལ་རེག་བར་དུ། རྒྱལ་ཡོངས་ཀྱི་ལམ་གླ་བསྡུ་བའི་གཞུང་ལམ་ཐོག་རླངས་འཁོར་རིན་མེད་ངང་བསྐྱོད་ཆོག་པ་དང་། རིན་བསྡུ་བའི་དུས་ཚོད་ཟུར་དུ་བརྡ་ཐོ་གཏང་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རིན་མེད་ཁྱབ་ཁོངས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང《གྲོན་བསྡུའི་གཞུང་ལམ་དོ་དམ་སྲོལ་ཡིག》གི་གཏན་འབེབས་དང་མཐུན་ཞིང་། ཁྲིམས་ལྟར་ཆོག་མཆན་ཐོབ་ནས་བཙུགས་པའི་ལམ་གླ་བསྡུ་བའི་གཞུང་ལམ(གྲོན་བསྡུའི་ཟམ་པ་དང་ཕུག་ལམ་ཚུད)ཚང་མའི་སྟེང་། ཁྲིམས་ལྟར་ལམ་གླ་བསྡུ་བའི་གཞུང་ལམ་སྟེང་ཤར་གཏོང་བྱས་ཆོག་པའི་རླངས་འཁོར་ཡོད་ཚད་རིན་མི་ལེན་པའི་ཁོངས་སུ་ཚུད་ཡོད་པ་རེད།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བརྡ་ཐོ་དཔར་འགྲེམས་བྱས་ཏེ། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་ལམ་གླ་མི་བསྡུ་བའི་ཞིབ་ཕྲའི་བྱ་བ། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་སྒོས་བཀོད་སྒྲིག་དང་ལག་བསྟར་བྱེད་དགོས་པ་གསལ་པོར་བཏོན་ཡོད། ཞིང་ཆེན་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་ལས་ཁུངས་ཀྱིས་ས་གནས་དེ་གའི་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཇུས་གཞི་བཟོ་བ་དང་འགན་འཁྲི་དོན་འཁྱོལ། བྱེད་ཐབས་ཞིབ་ཕྲ་རུ་བཟོ་བ། གཞུང་ལམ་ཤར་གཏོང་འགན་ལེན་ལ་ཤུགས་སྣོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐོན་སྐྱེད་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་འགན་ལེན། ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ལ་རྒྱབ་སྐྱོར་བཅས་བྱས་ཏེ། སྤྱི་ཚོགས་དཔལ་འབྱོར་སྤྱི་ཡོངས་ནས་བརྟན་བརླིང་ཡོང་ཆེད་ནུས་ལྡན་གྱི་རྒྱབ་སྐྱོར་བྱ་དགོས་པ་བསྟན་ཡོད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།