༄༅།།བོད་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་ནད་པ་གཅིག་པུ་དྲག་སྟེ་སྨན་ཁང་ལས་སྒོར་བུད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-12 15:38:33 ཀློག་གྲངས།:
སྤྱི་ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོར། བོད་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་ནད་པ་གཅིག་པུ་དྲག་སྟེ་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ལས་སྒོར་བུད།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་གློ་ནད་ཚན་ཁག་གཉིས་པའི་ཀྲུའུ་རེན་དང་མྱུར་བཅོས་ཚན་ཆུང་གི་ཚོགས་གཙོས་མཚམས་སྦྱོར་གནང་བ་ལྟར་ན། ནད་པ་འདི་སྤྱི་ཟླ2པའི་ཚེས9ཉིན་ཐོག་དང་པོའི་ལྟ་ཞིབ་མཇུག་འབྲས་ནི་སྲིབ་གཤིས་ཡིན་པ་དང་། སྤྱི་ཟླ2པའི་ཚེས11ཉིན་ཡང་བསྐྱར་ལྟ་ཞིབ་བྱས་པའི་མཇུག་འབྲས་ནི་སྔར་བཞིན་སྲིབ་གཤིས་ཡིན་ལ། མིག་སྔརCTའདུས་པ་སོགས་ནད་ཐོག་དཔང་རྟགས་ཡོངས་ཀྱིས་ཀྱང་ནད་གཞི་དྲག་པར་བསྟན། ནད་ཐོག་ཚོ་ཆུང་གིས་གྲོས་བསྡུར་བྱས་པ་མ་ཟད་སྨན་ཁང་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་པ་དང་། རང་སྐྱོང་ལྗོངས་དང་ཧྲང་ཧེ་པེ་ཅིང་གི་ཆེད་མཁས་པས་དཔྱད་འཇོག་གནང་བར་བརྒྱུད། ནད་པ་འདི་ནད་གཞི་ལས་དྲག་ཅིང་སྨན་ཁང་ལས་འབུད་པའི་ཚད་གཞི་ལ་སླེབས།
ཀྲང་ཆེ་གེ་མོ་ནི་སྤྱི་ཟླ1པོའི་ཚེས22ཉིན་ནས་ཚེས24ཉིན་བར། ཝུའུ་ཁྲང་ནས་མེ་འཁོར་ལ་བསྡད་དེ་ལྷ་ས་གྲོང་ཁྱེར་ལ་འབྱོར་བ་དང་། ཚེས25ཉིན་གྱི་དགོང་མོར། ཀྲང་ཆེ་གེ་མོ་རང་རྟོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་ངེས་གཏན་སྨན་བཅོས་ལས་ཁུངས་ལ་སྨན་བཅོས་བྱེད་པར་སླེབས་པ་མ་ཟད་སྨན་ཁང་དུ་བསྡད་དེ་ཕྲལ་གཅོད་གཟིགས་ཞིབ་སྨན་བཅོས་བྱས། སྤྱི་ཟླ1པོའི་ཚེས29ཉིན། ཀྲང་ཆེ་གེ་མོ་ནི་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་ནད་པར་ངོས་བཟུང་ལ། བོད་ལྗོངས་ཀྱི་ནད་རིམས་འདིའི་རིགས་ཀྱི་ཐོག་མར་གྱུར། 
མཚམས་སྦྱོར་གནང་བ་ལྟར་ན། ཀྲང་ཆེ་གེ་མོ་དེ་རིང་ཕྱི་དྲོའི་མེ་འཁོར་ལ་བསྡད་དེ་བོད་ལྗངས་ལས་ཁ་བྲལ།
མི་དམངས་ཉིན་རེའི་ཚགས་པར་ལས་བདམས་ཏེ་བསྒྱུར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།