ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།དེ་རིང་ཡང་མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་བྱུང་བའི་ནད་པ4དྲག་སྟེ་སྨན་ཁང་ལས་སྒོར་བུད།
༄༅།།དེ་རིང་ཡང་མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་བྱུང་བའི་ནད་པ4དྲག་སྟེ་སྨན་ཁང་ལས་སྒོར་བུད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-02-12 15:19:01
ཀློག་གྲངས།:
སྤྱི་ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད14:30སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་བྱུང་བའི་ནད་པ4ནད་གཞི་དྲག་སྟེ་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་སྒོར་བུད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་སྐོར་གསུམ་པའི་ནད་གཞི་དྲག་ནས་སྨན་ཁང་ལས་བུད་པའི་ནད་པ་ཡིན། རྒྱུས་ལོན་པ་ལྟར་ན། ཞིང་ཆེན་མི་དམངས་སྨན་ཁང་བཞི་བས་བསྡོམས་པས་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་ནད་པ15བླངས་ཏེ་སྨན་བཅོས་བྱས་ཤིང་། སྨན་ཁང་ལས་བུད་པའི་ནད་པ7ལ་སླེབས། ད་སྔའི་བར། མཚོ་སྔོན་ཞིང་ཆེན་གྱིས་ནད་ངོས་བཟུང་བའི་ནད་པ18ལས་ནད་པ9དྲག་ནས་སྨན་ཁང་ལས་སྒོར་བུད་ལ། སྨན་ཁང་ལས་སྒོར་འབུད་ཚད་རྒྱལ་ཡོངས་ཀྱི་དང་པོར་ཟིན། སྨན་བཅོས་མྱུར་སྐྱོབ་བྱ་བར་དུས་སྐབས་རང་བཞིན་གྱི་ཕན་འབྲས་བླངས།
ཐེངས་འདིར་སྨན་ཁང་ལས་སྒོར་བུད་པའི་ནད་པ4ནི་ཁྲེང་ཆེ་གེ་མོ་སྟེ་མཚོ་སྔོན་ཞིང་ཆེན་གྱི་ངོས་བཟུང་ཏོག་གསར་ནད་པ་དང་པོ་ཡིན་ལ། སྤྱི་ཟླ1པོའི་ཚེས23ཉིན་སྨན་ཁང་དུ་བསྡད་དེ་ཚེས25ཉིན་ནད་ངོས་བཟུང་། ཆི་ཆེ་གེ་མོ་ནི་སྤྱི་ཟླ1པོའི་ཚེས27ཉིན་སྨན་ཁང་དུ་བསྡད་པ་མ་ཟད་ཉིན་དེར་ནད་ངོས་བཟུང་། མཱ་ཆེ་གེ་མོ་ནི་སྤྱི་ཟླ1པོའི་ཚེས26ཉིན་ཟི་ལིང་གྲོང་ཁྱེར་ཧོས་རིགས་སྨན་ཁང་དུ་ལྟ་གཟིགས་བྱས་རྗེས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་རུ་སྤོ་སྡོད་བྱས་པ་མ་ཟད་ཉིན་དེར་ནད་ངོས་བཟུང་། ཧན་ཆེ་གེ་མོ་ནི་སྤྱི་ཟླ2པའི་ཚེས3ཉིན་ནད་ངོས་བཟུང་རྗེས་མུན་ཡོན་རྫོང་མི་དམངས་སྨན་ཁང་ནས་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་རུ་སྤོ་སྐྱེལ་བྱས་ཏེ་སྨན་བཅོས་བྱས་པ་ཡིན།
སྤྱི་ཟླ2པའི་ཚེས11ཉིན། རྒྱལ་ཁབ་ཀྱི《ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་ནད་རྟགས་སྨན་བཅོས་འཆར་འགོད(པར་གཞི་ཨང་ལྔ་བ་ཚོད་ལྟ་དང་། བཟོ་བཅོས་པར་གཞི)》ཀྱི་སྨན་ཁང་ལས་འབུད་པའི་ཚད་གཞི་ལྟར། ཞིང་ཆེན་རིམ་པའི་རིག་ཚན་མང་པོའི་ཆེད་མཁས་པས་དཔྱད་འཇོག་གནང་རྗེས། སྨན་ཁང་ལས་སྒོར་འབུད་པའི་ཚད་གཞི་དང་མཐུན་པ་ཡིན། སྨན་ཁང་ལས་སྒོར་བུད་རྗེས། སྡོད་གནས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀོད་སྒྲིག་བྱས་ཏེ། ད་དུང་ཉིན14ལ་མི་གཅིག་ཁང་གཅིག་སྒོས་ཕྲལ་གཅོད་བྱེད་དགོས།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།