ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་བྱུང་བའི་ནད་པ2སྨན་ཁང་ལས་སྒོར་བུད།
༄༅།།མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་བྱུང་བའི་ནད་པ2སྨན་ཁང་ལས་སྒོར་བུད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-02-11 17:24:33
ཀློག་གྲངས།:

ཐེངས་འདིའི་སྨན་ཁང་ལས་སྒོར་བུད་པའི་ནད་པ་ནི་དེ་སྔོན་མཚོ་སྔོན་ཞིང་ཆེན་གྱི་ནད་རྟགས་ནད་པ་ཀྲིན་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་ཡིན་ལ། ནད་པ་འདི་གཉིས་སོ་སོ་སྤྱི་ཟླ1པོའི་ཚེས31དང་སྤྱི་ཟླ2པའི་ཚེས2ཉིན་ཞིང་ཆེན་དང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཉིང་སྐྱུར་བཤེར་འཇལ་གྱིས་བསྐྱར་བཤེར་དང་། ཞིང་ཆེན་རིམ་པའི་ཆེད་མཁས་པས་མཐའ་དཔྱོད་བྱས་རྗེས་ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་བྱུང་བའི་ནད་པར་ངོས་འཛིན་བྱས་ལ། གཉི་ག་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་རུ་སྨན་བཅོས་བྱས་པ་ཡིན།
ནད་དུག་འགོག་བཅོས་དང་རྒྱུན་སྐྱོང་སྨན་བཅོས་སོགས་འབྲེལ་ཡོད་སྨན་བཅོས་བརྒྱུད། སྤྱི་ཟླ2པའི་ཚེས5ཉིན་ནས་བཟུང་། ནད་པར་ཚ་རྒྱག་པ་སོགས་ནད་རྟགས་གཞི་རྩའི་སྟེང་སླར་གསོ་བྱུང་ཞིང་། སོ་སོ་སྤྱི་ཟླ2པའི་ཚེས7དང་ཚེས9ཉིན་ཏོག་དབྱིབས་ནད་དུག་གསར་བའི་ཉིང་སྐྱུར་བཤེར་འཇལ་སྲིབ་གཤིས་ཡིན་པ་དང་། 《ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་ནད་རྟགས་སྨན་བཅོས་འཆར་འགོད(པར་ངོས་ཨ་ལྔ་བ་ཚོད་ལྟ་དང་། བཟོ་བཅོས་པར་གཞི)》ཀྱི་སྨན་ཁང་ལས་འབུད་པའི་ཚད་གཞི་ལྟར། ཞིང་ཆེན་རིམ་པའི་ཆེད་མཁས་པས་དཔྱད་འཇོག་གནང་རྗེས། དེ་རིང་སྨན་ཁང་ལས་སྒོར་བུད།
མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི《ཏོག་དབྱིབས་ནད་དུག་གསར་བའི་གློ་ནད་ཀྱི་འབྲེལ་ཡོད་ནད་པ་ཕྲལ་གཅོད་ཕྱིར་འཐེན་དང་། སྨན་ཁང་ལས་བུད་རྗེས་ཀྱི་འབྲེལ་ཡོད་དོ་སྣང་དོན་ཚན》གྱི་དགོངས་ཚུལ་ལྟར། ཐེངས་འདིར་སྨན་ཁང་ལས་བུད་པའི་ནད་པ2ས་གནས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ལྟ་སྐུལ་འོག ད་དུང་ཉིན14ཡི་ཁྱིམ་སྡོད་ཕྲལ་གཅོད་བྱེད་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།