༄༅།།མཚོ་སྔོན་དུ་ནད་གཞི་ལྕི་མོ་ཅན2བྱུང་། གསར་བྱུང་ནད་པ་མེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཨ་མདོ་སྨྱན་གསར་འཕྲིན་སྟེགས། དུས་ཚོད།:2020-02-11 10:55:10 ཀློག་གྲངས།:
2020ལོའི་ཟླ2པའི་ཚེས10ཉིན་གྱི་ཆུ་ཚོད0-24བར། མཚོ་སྔོན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་འགོས་པའི་ནད་རྟགས་གཏན་འཁེལ་བྱས་པའི་ནད་དཔེ0ཡིན་ཞིང་ནད་གཞི་ཚབས་ཆེན་ཕོག་པའི་ནད་པ2ཡིན་ལ། ཤི་བའི་ནད་དཔེ0དང་སྨན་ཁང་ནས་བུད་པའི་ནད་པ0ཡིན། 
ཟླ2པའི་ཚེས10ཉིན་གྱི་ཆུ་ཚོད24བར། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་པ་ལྟར་ན་ཏོག་གསར་གློ་ཚད་འགོས་པའི་ནད་པ18ཡོད་ལ། དེའི་ནང་ནད་གཞི་ལྕི་མོ་ཕོག་པའི་ནད་པ2དང་ཤི་བའི་ནད་དཔེ0ཡིན་ཞིང་།  སྨན་ཁང་ནས་བུད་པའི་ནད་པ3ཡོད་པ་རེད།   རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱུང་བའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ15དང་མཚོ་བྱང་ཁུལ་དུ་ནད་པ3ཡོད་ལ། ནད་པ15སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་བཞིན་མཆིས།
མིག་སྔར། དེ་དག་དང་འབྲེལ་བ་དམ་ཟབ་ཡོད་པའི་མི435ལ་རྗེས་སྙེག་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཉིན་དེར་གསོ་རིག་གི་ལྟ་ཞིབ་མེད་པར་བཟོས་པའི་མི51དང་མི384ལ་ད་དུང་སྨན་བཅོས་བརྟག་དཔྱད་དང་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།