༄༅།།མཚོ་སྔོན་གྱི་ཧུའུ་པེ་ལ་སོང་བའི་སྨོན་བཅོས་རོགས་སྐྱོར་མི་སྣ་དང་དེའི་བུ་བུ་མོས་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་སྤྱད་ཆོག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-11 10:46:38 ཀློག་གྲངས།:
མཚོ་སྔོན་ཞིང་ཨུ་དང་ཞིང་སྲིད་གཞུང་གིས་མཚོ་སྔོན་གྱི་ཧུའུ་པེ་ལ་སྨོན་བཅོས་རོགས་སྐྱོར་དུ་སོང་བའི་ལས་སྒྲུབ་མི་སྣར་ཐུགས་ཁུར་གནང་བའི་དགོངས་དོན་སྐོར་ལག་བསྟར་དངོས་འབེབ་བྱེད་པ་དང་། གསོ་རིག་སྨན་བཅོས་ལས་སྒྲུབ་པའི་སེམས་བདེ་ལ་བབས་ཏེ། ནུས་ཤུགས་ཡོད་རྒུས་མྱུར་བཅོས་བྱ་བ་སྤེལ་བ་དང་། ཁོ་ཚོ་དང་བུ་བུ་མོའི་སློབ་གསོའི་ཐད་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པར་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་སྤྱི་ཟླ2པའི་ཚེས10ཉིན《མཚོ་སྔོན་གྱི་ཧུའུ་པེ་རིམས་འགོག་མདུན་སར་སྨོན་བཅོས་རོགས་སྐྱོར་ད་སོང་བའི་ལས་སྒྲུབ་མི་སྣ་དང་དེའི་བུ་བུ་མོར་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་སྤེལ་བའི་སྐོར་གྱི་བརྡ་སྦྱོར》བཀྲམ་པ་དང་། བསྡོམས་པས་ཕྱོགས་བདུན་གྱི་གཟིགས་སྐྱོང་སྲིད་ཇུས་འདུས་ཏེ།
གཟིགས་སྐྱོང་སྲིད་ཇུས་དང་པོ། བུ་བུ་མོ་བྱིས་སྐྱོང་ཁང་དུ་སྐྱེལ་ན། ཁྱིམ་བདག་གི་རེ་འདོད་ལྟར། ས་གནས་སློབ་གསོའི་སྡེ་ཁག་གིས་གང་ཉེ་གང་བདེའི་རྩ་དོན་ལྟར་བྱིས་སྐྱོང་ཁང་ངམ་ཀུན་ཕན་རང་བཞིན་གྱི་དམངས་སྒྲུབ་བྱིས་སྐྱོང་ཁང་ཐོག་མར་བཀོད་སྒྲིག་བྱ་དགོས།
གཟིགས་སྐྱོང་སྲིད་ཇུས་གཉིས་པ།  བུ་བུ་མོ་འོས་འགན་སློབ་གསོའི་སློབ་གྲྭར་སྐྱེལ་ན། ཁྱིམ་བདག་དང་སློབ་མའི་རེ་འདོད་ལྟར། ཕ་མ་དང་སྤོ་བོ་སྤོ་མོའི་ཐེམ་ཐོ་ཡོད་སའི་རྫོང(ས་ཁུལ། གྲོང་ཁྱེར། སྲིད་འཛིན་ཨུ་ཡོན་ལྷན་ཁང)དུ། ས་གནས་སློབ་གསོ་སྡེ་ཁག་གིས་གཅིག་གྱུར་བཀོད་འདོམས་དང་། ཁོངས་གཏོགས་དོ་དམ་དང་གང་ཉེ་སྟབས་བདེའི་རྩ་དོན་ལྟར། གཞུང་སྒྲུབ་འོས་འགན་སློབ་གསོའི་སློབ་གྲྭར་ཐོག་མར་བཀོད་སྒྲིག་བྱ་དགོས།
གཟིགས་སྐྱོང་སྲིད་ཇུས་གསུམ་པ། བུ་བུ་མོ་ས་གནས་ཀྱི་མཐོ་འབྲིང་དུ་སྐྱེལ་ན། སློབ་མའི་མཐོ་འབྲིང་ལ་རྒྱུགས་སྤྲད་པའི་རྒྱུགས་འབྲས་གཞིར་བཟུང་སྟེ། ཁྱིམ་བདག་དང་སློབ་མའི་རེ་འདོད་ལྟར། ས་གནས་སློབ་གསོའི་སྡེ་ཁག་གིས་སྐོར་ཐེངས་དེའི་བསྡུ་ལེན་ཁྲོད་ཐུགས་ཁུར་ངེས་ཅན་མཛད་དགོས།
གཟིགས་སྐྱོང་སྲིད་ཇུས་བཞི་བ།  བུ་བུ་མོ་ཞིང་ཆེན་ནང་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭར་སྐྱེལ་ན། ས་གནས་སློབ་གསོའི་སྡེ་ཁག་གིས་འབྲེལ་ཡོད་འབྲིང་རིམ་ལས་རིགས་སློབ་གྲྭར་མཐུན་སྦྱོར་སྒོས་ཁྱིམ་བདག་དང་སློབ་མའི་རེ་འདོད་ལྟར་ཐད་ཀར་བསྡུ་ལེན་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་ཆ་རྐྱེན་དང་མཐུན་པ་མ་ཟད2020ལོའི་ཞིང་ཆེན་ནང་ཁུལ་མཐོ་རིམ་ལས་རིགས་སློབ་གྲྭར་རྒྱུགས་སྤྲད་པ་ཡིན་ན། ཆ་རྐྱེན་གཅིག་མཚུངས་ཀྱི་གནས་ཚུལ་འོག་ལྗང་མདོག་བགྲོད་ལམ་གཏོང་དགོས་པ་དང་། སློབ་མའི་རེ་འདུན་ལྟར་རྒྱུགས་མེད་བསྡུ་ལེན་བྱེད་པ་མ་ཟད་ཐོག་མར་ཆེད་ལས་འདེམ་དུ་འཇུག་ཆོག
གཟིགས་སྐྱོང་སྲིད་ཇུས་ལྔ་བ།  བུ་བུ་མོ་ཞིང་ཆེན་ཕྱིའི་ཡུལ་གཞན་སློབ་སྒྲུབ་ཀྱི་སློབ་གྲྭར་སྐྱེལ་ན། སློབ་མའི་འབྱུང་གནས་ཀྱི་ས་གནས་སློབ་གསོའི་སྡེ་ཁག་གིས་ཐོག་མར་བཀོད་སྒྲིག་བྱེད་དགོས།
གཟིགས་སྐྱོང་སྲིད་ཇུས་དྲུག་པ། བུ་བུ་མོ་སློབ་གྲྭ་ན་སློབ་གཉེར་བྱེད་པའི་རིང་། སློབ་གྲྭ་དེས་ཆེད་ལས་དགེ་རྒན་བཀོད་སྒྲིག་བྱས་ཏེ་མི་སེམས་ལ་ཐུགས་ཁུར་དང་། སེམས་ཁམས་ཁྲིད་སྟོན་དང་སློབ་ཚན་ཟུར་ཁྲིད་སོགས་ཀྱི་རོགས་སྐྱོར་བྱེད་པ་མ་ཟད། སློབ་མའི་དགོས་མཁོ་ལྟར། རིན་མེད་ཀྱི་སློབ་ཁྲིད་རྗེས་ཀྱི་ཚབ་སྐྱོང་སོགས་ཞབས་ཞུ་སྒྲུབ་དགོས།
གཟིགས་སྐྱོང་སྲིད་ཇུས་བདུན་པ། བུ་བུ་མོ་མཐོ་རྒྱུགས་སུ་ཞུགས་ན། ཞིང་ཆེན་སློབ་གསོའི་རྒྱུགས་ལེན་གླིང་དང་རྒྱུགས་ཁུལ་བསྡུ་ལེན་གཞུང་སྒྲུབ་ཁང་གིས་སྡོམ་རྩིས་ཐོ་འགོད་དང་། ཆེད་སྒྲུབ་མི་སྣ་བཀོད་སྒྲིག་བྱས་ཏེ་མཐོ་འབྲིང་སློབ་གྲྭར་མཐུན་སྦྱོར་སྒོས་དེའི་རྒྱུགས་ལེན་གྲ་སྒྲིག་དང་། རྒྱུགས་ལེན། རེ་འདུན་ཡི་གེ་སྐོང་བ།  སློབ་མ་བསྡུ་ལེན་སོགས་གོ་རིམ་ཁྲོད་བརྒྱུད་རིམ་ཧྲིལ་བོའི་ཞབས་ཞུ་མཁོ་འདོན་བྱེད་དགོས། དེ་མིན། ཞིང་ཆེན་ནང་ཁུལ་གྱི་དངོས་གཞི་སློབ་ཆེན་དུ་རྒྱུགས་འཕྲོད་པ་ཡིན་ན། ད་སྔའི་འབྲེལ་ཡོད་སྲིད་ཇུས་དང་རྒྱབ་འགལ་མི་བྱུང་བའི་གནས་ཚུལ་འོག སློབ་མའི་རེ་འདོད་ལྟར། ཐོག་མར་ཆེད་ལས་ལེགས་སྒྲིག་བྱས་ཆོག
གཟིགས་སྐྱོང་སྲིད་ཇུས་བརྒྱད་པ། 2020ལོར་ཞིབ་འཇུག་སློབ་མར་རྒྱུགས་བླངས་པའི་སྨན་བཅོས་རུ་མི་ལ། ཞིང་ཆེན་རྒྱུགས་ལེན་གླིང་དང་འབྲེལ་ཡོད་བསྡུ་ལེན་ལས་ཁུངས་ཀྱིས་འབྲེལ་འདྲིས་མཐུན་སྦྱོར་གནང་སྟེ། དེའི་བསྐྱར་ལེན་དང་སྙོམ་བཀོད་སོགས་ཕྱོགས་ནས་ཤུགས་རྐྱེན་མེད་པ་ཁག་ཐེག་བྱེད་དགོས། དེ་མིན། མཚོ་སྔོན་གྱི་མཐོ་རིམ་སློབ་ཆེན་ལ་རྒྱུགས་བླངས་པ་མ་ཟད་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་མཐུན་པའི་བསྐྱར་ལེན་དུ་ཞུགས་མཁན་ཡིན་ན། བསྡུ་ལེན་འཆར་གཞིའི་ཆོག་འཐུས་ཁྱབ་ཁོངས་སུ་ཐོག་མར་བསྡུ་ལེན་བྱས་ཆོག
གོང་གསལ་སྲིད་ཇུས་དེ2020ལོའི་ཟླ12པའི་ཚེས31བར(ཞིབ་འཇུག་སློབ་མར་རྒྱུགས་ལེན་མཁན་དག2021ལོའི་ཟླ6པའི་ཚེས30བར་བསྲིང་ཆོག)ཡིན། ཧུའུ་པེ་ལ་སྨན་བཅོས་རོགས་སྐྱོར་དུ་ཕྱིན་པའི་ལས་སྒྲུབ་མི་སྣའི་མིང་ཐོ་ནི་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བཤེར་འབེབ་མཁོ་འདོན་བྱེད་པ་དང་། ཞིང་ཆེན་སློབ་གསོ་ཐིང་གིས་ས་གནས་སོ་སོའི་སློབ་གསོ་ཅུའུ་ལ་བགོས་ཏེ་དངོས་འབེབ་བྱེད་དུ་འཇུག་པ་ཡིན། མི་སྒེར་གང་རུང་གིས་སྤྲད་པའི་བདེན་དཔང་ཡིག་ཆ་སོགས་བརྡ་སྦྱོར་འདི་ལག་བསྟར་བྱེད་པའི་བདེན་ཡིག་ཏུ་མི་བྱེད། གལ་ཏེ་ལག་བསྟར་གོ་རིམ་ཁྲོད་བསམ་འཆར་ཡོད་ན། ཞིང་ཆེན་སློབ་གསོ་ཐིང་གིས་འགན་ཁུར་ཏེ་གསལ་འགྲེལ་བྱེད་ངེས།
མཚོ་སྔོན་ཉིན་རེའི་ཚགས་པར་ལས་བདམས་ཏེ་བསྒྱུར།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།