༄༅།།མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཨོ་ལ་རི་བོའི་རང་བྱུང་སྐོམ་ཆུས་རིམས་འགོག་མདུན་བསུ་བྱེད་སར་ཐོན་རྫས་ཞལ་འདེབས་སུ་ཕུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-11 09:26:52 ཀློག་གྲངས།:
སྤྱི་ཟླ2པའི་ཚེས10ཉིན། མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཨོ་ལ་རི་བོའི་རང་བྱུང་སྐོམ་ཆུས་ཁུལ་སྲིད་གཞུང་ཐོག་ཁང་མདུན་དུ་རིམས་འགོག་མདུན་བསུ་བྱེད་སར་སྐོམ་ཆུ་ཞལ་འདེབས་སུ་ཕུལ་བའི་བྱེད་སྒོ་སྤེལ་ཏེ། ཞལ་འདེབས་དངོས་ཟོག་བདེ་བླག་ངང་མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་སྒྲུབ་མི་སྣའི་ལག་ཏུ་འབྱོར།
ཏོག་དབྱིངས་ནད་དུག་གསར་བའི་གློ་ནད་བྱུང་བ་ནས་བཟུང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་ཞིང་སྲིད་གཞུང་གི་བཀོད་འདོམས་མཐའ་གཅིག་ཏུ་ལག་བསྟར་དངོས་འབེབས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་གཙིགས་སུ་བཟུང་བ་དང་། རིམས་ནད་སྔོན་འགོག་གི་བྱ་བ་སོ་སོ་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྤེལ།
གློ་ནད་རིམས་འགོག་ལ་རྒོལ་བའི་དུས་སྐབས་ཆེན་པོར་གཞིགས་ཏེ། བྲག་དཀར་རྫོང་ཨོ་ལ་རི་བོའི་རང་བྱུང་སྐོམ་ཆུ་ཚད་ཡོད་ཀུང་ཟིས་རང་སྟེང་གི་དངོས་ཡོད་གནས་ཚུལ་ལ་སྦྱར་ཏེ། ནུས་ཤུགས་ཡོད་རྒུས་མཚོ་ལྷོ་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་བའི་སྔོན་འགོག་བྱ་བ་རོགས་རམ་སྒོས། མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོ་ཚོགས་པར་སྐོམ་ཆུ་བསྡོམས་པས1000ཞལ་འདེབས་སུ་ཕུལ་ལ། སྤྱིའི་རིན་ཐང་སྒོར92000ཡིན་ཏེ། བྱམས་ལྡན་ཁེ་ལས་ཀྱི་འགན་འཁྲི་རབ་ཏུ་ངོམ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།