༄༅།།གསེར་ཆེན་རྫོང་ནང་བསྟན་གྲྭ་བཙུན་དང་ཁ་ཆེའི་བྱམས་ལྡན་མི་སྣ་དག་གིས་རིམས་འགོག་རོགས་སྐྱོར་ཞལ་འདེབས་སྒོར95138ཕུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-02-07 16:21:33 ཀློག་གྲངས།:
གྲྭ་བཙུན་རྣམས་ཀྱིས་ཞལ་འདེབས་ཕུལ་བ།
སྤྱི་ཟླ2པའི་ཚེས6ཉིན་གྱི་ཕྱི་དྲོར། གསེར་ཆེན་རྫོང་འཁྱམ་རུ་དགོན་པ་དང་ཆབ་ཆ་གྲོང་རྡལ་གྱི་དགོན་གསར། ཆབ་ཆ་ས་ཁུལ་གྱི་ཁ་ཆེའི་མང་ཚོགས་རྣམས་ཀྱིས་མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པར་ཞལ་འདེབས་སྒོར95138ཕུལ། དེའི་ཁྲོད་འཁྱམ་རུ་དགོན་པའི་གྲྭ་བཙུན་རྣམས་ཀྱིས་སྒོར34313དང་དགོན་གསར་གྱི་གྲྭ་བཙུན་རྣམས་ཀྱིས་སྒོར19335། ཁ་ཆེའི་མང་ཚོགས་རྣམས་ཀྱིས་སྒོར41490ཞལ་འདེབས་སུ་ཕུལ་ཏེ། མཚོ་ལྷོ་ཁུལ་གྱི་ཏོག་དབྱིངས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱ་བར་རྒྱབ་སྐྱོར་གནང་།
གྲྭ་བཙུན་རྣམས་ཀྱིས་ཞལ་འདེབས་ཕུལ་བ།
ཏོག་དབྱིངས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། གསེར་ཆེན་རྫོང་གི་དགོན་སྡེ་ཁག་དང་དབྱི་སི་ལན་ཆོས་ཁང་དག་གིས་གནས་སྐབས་སུ་ལོ་སར་སྐབས་ཀྱི་བྱེད་སྒོ་ཡོངས་སུ་སྒྲུབ་མཚམས་བཞག་པ་དང་། རིམས་འགོག་བྱ་བ་ལེགས་པོར་བསྒྲུབ་པ་མ་ཟད། རིམས་འགོག་འཐབ་རྩོད་ལ་རྒྱལ་ཁ་ལེན་པར། ཁུལ་དང་རྫོང་འཐབ་ཕྱོགས་གཅིག་གྱུར་པུའི་སྣེ་ཁྲིད་འོག གསེར་ཆེན་རྫོང་ཆོས་ལུགས་ཁྱབ་ཁོངས་ཀྱི་བྱམས་ལྡན་མི་སྣ་དག་གིས་མ་སྐུལ་དང་བླངས་སྒོས་ཞལ་འདེབས་ཕུལ།
ཁ་ཆེའི་མང་ཚོགས་རྣམས་ཀྱིས་ཞལ་འདེབས་ཕུལ་བ།
ཁ་ཆེའི་མང་ཚོགས་རྣམས་ཀྱིས་ཞལ་འདེབས་ཕུལ་བ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།