༄༅།།ནད་གཞི31161གཏན་འཁེལ་བྱས་ཤིང་།ནད་པ636འདས།ནད་པ1540དྲག་སྐྱེད་བྱུང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ། དུས་ཚོད།:2020-02-07 11:13:15 ཀློག་གྲངས།:
སྤྱི་ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད0—24བར། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་ནད་དཔེ3143(ཧུའུ་པེ་རུ་ནད་དཔེ2447)མང་དུ་སོང་བ་དང་། སྨན་ཁང་ནས་བུད་པའི་ནད་དཔེ387(ཧུའུ་པེ་རུ་ནད་དཔེ184)མང་དུ་སོང་། ཉིན་དེར་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པའི་མི26762ཡོད། ནད་གཞི་ལྕི་མོ་ཕོག་པའི་ནད་དཔེ962(ཧུའུ་པེ་རུ་ནད་དཔེ918)མང་དུ་སོང་བ་དང་། འདས་པའི་ནད་དཔེ73(ཧུའུ་པེ་ཞིང་ཆེན་གྱི་ནད་དཔེ69དང་། ཅི་ལིན་ཞིང་ཆེན་དང་། ཧི་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཧའེ་ནན་ཞིང་ཆེན་བཅས་ནད་དཔེ1རེ་མང་དུ་སོང་བ)མང་དུ་སོང་བ། ནད་གཞི་འདྲ་བའི་ནད་དཔེ4833(ཧུའུ་པེ་ཞིང་ཆེན་གྱི་ནད་དཔེ2622)མང་དུ་སོང་བ་རེད། 
ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད24བར། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱིས་རིམ་རྩིས་བྱས་ན་ནད་དཔེ31161གཏན་འཁེལ་བྱས་པ་དང་། རིམ་རྩིས་བྱས་ན་ནད་དཔེ1540དྲག་སྐྱེད་བྱུང་བ། ད་ལྟ་གཏན་འཁེལ་བྱས་པའི་ནད་དཔེ28985(དེའི་ནང་ནད་དཔེ་ཚབས་ཆེན4821ཡོད་པ)ཡོད་པ་དང་། རིམ་རྩིས་བྱས་ན་ནད་དཔེ636འདས་པ་དང་། ད་ཡོད་ཀྱི་ནད་རྟགས་འདྲ་བའི་ནད་པ26359ཡོད། རིམ་རྩིས་བྱས་ན་འབྲེལ་བ་ཟབ་པའི་མི314028ལ་རྗེས་སྙེག་ཐུབ་པ་དང་། མི186045ལ་ད་དུང་ནད་བརྟག་བྱེད་བཞིན་ཡོད་པ་རེད།
རིམ་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་པ50འབྱོར་བ་སྟེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་དཔེ24(འདས་པའི་ནད་དཔེ1)དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་དཔེ10(སྨན་ཁང་ནས་བུད་པའི་ནད་དཔེ1) ཐའེ་དབན་ས་ཁུལ་གྱི་ནད་དཔེ16(སྨན་ཁང་ནས་བུད་པའི་ནད་དཔེ1)བཅས་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།