ངོས་དང་པོ > སྐབས་དོན། > སྣ་ཚོགས། > ༄༅།།མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པས་རིམས་ནད་འགོག་རྒོལ་གྱི་ཞལ་འདེབས་བྱ་འགུལ་སྤེལ།
༄༅།།མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པས་རིམས་ནད་འགོག་རྒོལ་གྱི་ཞལ་འདེབས་བྱ་འགུལ་སྤེལ།
རྩོམ་པ་པོ།:མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོའི་ཚ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-02-07 11:29:33
ཀློག་གྲངས།:






ཕྱོགས་གཅིག་ལ་དཀའ་ངལ་འཕྲད་དུས་ཕྱོགས་སོ་སོས་རོགས་རམ་བྱེད་པ་བཞིན། སྤྱི་ཟླ2པའི་ཚེས6ཉིན་གྱི་སྔ་དྲོ་ནས་ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད10:00བར། མཚོ་ལྷོ་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པས་ཀྱང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་རྒོལ་གྱི་ཞལ་འདེབས་བྱ་འགུལ་སྤེལ་ཞིང་། ཁུལ་གཏོགས་ཏང་སྲིད་ལས་ཁུངས་དང་ཁེ་ལས་སྡེ་ཁག་སོགས་ལས་ཁུངས83གྱི་ལས་མི་རྣམས་ཀྱིས་སྟོབས་ཤུགས་ཡོད་རྒུས་བསྡོམས་པས་སྒོར584902ཞལ་འདེབས་སུ་ཕུལ། དེའི་ཁྲོད་མཚོ་སྔོན་གཡུ་འབྲུག་འཛུགས་སྐྲུན་བཟོ་བཀོད་ཚད་ཡོད་ཀུང་ཟིས་སྒོར་ཁྲི10དང་མཚོ་ལྷོ་ཁུལ་གཙང་གསུམ་ལས་རིགས་གསོ་སྦྱོང་སློབ་གྲྭས་སྒོར་ཁྲི2ཞལ་འདེབས་སུ་ཕུལ་ནས། གློ་ཚད་རིམས་ནད་སྔོན་འགོག་ལ་བརྩེ་བས་ལག་གདང་སྦྲེལ་ཏེ། སྔར་ལས་ལྷག་པར་ལས་བྱེད་མི་སྣའི་སྤྱི་ཚོགས་ཀྱི་འགན་འཁྲི་ཚོར་འདུ་དང་བྱས་རྗེས་འཇོག་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། མཚོ་ལྷོ་ཁུལ་གྱི་རྒྱ་ཆེ་བའི་ལས་བྱེད་མི་སྣས་དཀའ་ཁག་ཁྲོད་ཀྱི་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།