མཚོ་སྔོན་དགེ་ཐོན་སློབ་ཆེན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་རྩལ་དགོང་ཚོགས་བསྡུས་པ།
ཟླ11པ་ཚེས21ཉིན་གྱི་དགོང་མོའི་དུས་ཚོད7:00གྱི་སྟེང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྡུས་པའི་རིག་རྩལ་དགོང་ཚོགས་ཆེན་མོ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་བྱང་གླིང་རིག་རྩལ་གླིང་དུ་གཟབ་རྒྱས་ངང་ཚོགས།
ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་ཐོན་ཨུ་ཧྲུའུ་ཅུའུ་དང་སློབ་གྲྭའི་འགོ་ཁྲིད་སོགས་ཕེབས་ཡོད་ཅིང་། ཚོགས་པ་སོ་སོས་རང་རང་གི་ངོ་མཚར་བའི་ལྟད་མོ་འཁྲབ་སྟོན་བྱས་ལ། ཁྱད་པར་ད་ལོ་གསར་དུ་བཙུགས་པའི་མཚོ་སྔོན་དགེ་ཐོན་སློབ་ཆེན་སྡོམ་བརྩོན་དམ་པ་ལྷན་ཚོགས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་གླུ་སོགས་ཀུན་གྱི་སྙན་དབང་གསོ་བའི་དཔལ་དུ་སྦྱིན་པ་མ་ཟད། ཁོ་ཚོས་བཤད་དོན་ཚོགས་པའི་དམིགས་ཡུལ་ནི་བརྡ་འཕྲིན་དུས་རབས་སུ་ཕ་སྐད་ཀྱི་ལམ་ནས་ཁ་པར་དང་གློག་ཀླད་སོགས་དེང་རབས་ཅན་གྱི་མཉེན་ཆས་གསར་བ་དག་བཀོལ་ཐུབ་ཆེད་ཡིན། དེ་བས་ཁོ་ཚོས་སྐད་འཕྲིན་དང་ཁྱེའུ་འཕྲིན་སོགས་མཉེན་ཆས་གསར་བ་དག་བོད་ཡིག་ཏུ་བསྒྱུར་བ་དང་རིན་མེད་པར་ལག་ཁྱེར་ཁ་པར་དུ་བོད་ཡིག་འཇུག་པ་སོགས་དུས་ཚོད་ཐུང་ཐུང་ནང་བྱ་བ་མང་ཙམ་བསྒྲུབས་ཡོད་ལ། བོད་ཡིག་ཏུ་བསྒྱུར་ཟིན་པའི་མཉེན་ཆས་དག་སློབ་གྲྭ་དང་ལས་ཁུངས། མང་ཚོགས་སོགས་ཀྱི་ནང་དུ་ཤུགས་ཆེན་སྒོས་ངོ་སྤྲོད་དང་དར་ཁྱབ་ཏུ་བཏང་བ་དམིགས་ཡུལ་དུ་བྱས་ནས་མུ་མཐུད་དུ་དེའི་ཕྱོགས་ཀྱི་ལས་ཀ་ལ་མཐའ་གཅིག་ཏུ་འཇུག་བཞིན་ཡོད་ལ། ལས་ཀའི་ཤུགས་ཆེ་རུ་གཏོང་ཆེད་ཁོ་ཚོས་ད་དུང་ཚོགས་མི་གསར་བ་བསྡུ་རྒྱུ་ཡིན་པ་རེད།
མཇུག་མཐར་མི་རིགས་སློབ་གླིང་གི་སློབ་གྲོགས་ཤིག་གི་སྙན་མོ་གླུ་སྐད་དང་བཅས་དགོང་ཚོགས་མཇུག་སྒྲིལ་བར་བྱས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com