བོད་རིགས་སློབ་མ་གཉིས་འཛམ་གླིང་ཨོ་ལིན་ཕིས་ཁི་འཕྲུལ་ཆས་མི་སྒྲིག་བཟོའི་འགྲན་སྡུར་ལ་ཞུགས་པ།
འགྲན་ཞུགས་སློབ་མ་རྟ་མགྲིན་རྡོ་རྗེ་དང་ཀུན་དགའ་རྒྱལ་མཚན།
འགྲན་སྡུར་བྱེད་སའི་ཡུལ་དངོས།
འཛམ་གླིང་ཨོ་ལིན་ཕིས་ཁི་འཕྲུལ་ཆས་མི་སྒྲིག་བཟོའི་འགྲན་སྡུར་ནི་ཀྲུང་གོ་རྒྱལ་ཁབ་དང་འཇར་པན། ཁོ་རེ་ཡ་དང་སིང་ག་ཕོར་སོགས་རྒྱལ་ཁབ་ཀྱིས་སྐུལ་སློང་གིས་ཉིས་སྟོང་གསུམ་ལོར་ཐོག་མར་སྤེལ་འགོ་བཙུགས་པའི་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་སྡུར་ཞིག་ཡིན་ལ། ད་ལྟའི་བར་རྒྱལ་ཁའི་ངང་ཐེངས་བཅུ་ལ་སྤེལ་ནས། ད་ལོའི་སྐབས་བཅུ་བའི་འཛམ་གླིང་ཨོ་ལིན་ཕིས་ཁི་འཕྲུལ་ཆས་མི་སྒྲིག་བཟོའི་འགྲན་སྡུར་གྱི་ཀྲུང་གོའི་འགྲན་ཁུལ་གྱི་འགྲན་རྩོད་དེ་སྤྱི་ཟླ8པའི་ཚེས10ཉིན་ཧུའུ་ནན་ཁྲང་ཧྲ་ནས་བསྡུས་ལ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་ཉེར་བཞི་དང་དེ་མིན་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ནས་ཡོང་བའི་འགྲན་ཞུགས་རུ་ཁག་སུམ་བརྒྱ་ཉེར་དྲུག་སྐབས་འདིའི་འགྲན་སྡུར་ལ་ཞུགས་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་གི་ལོ་དགུ་མུ་གཅིག་མི་རིགས་སློབ་གྲྭའི་སློབ་མ་ཀུན་དགའ་རྒྱལ་མཚན་དང་རྟ་མགྲིན་རྡོ་རྗེ་གཉིས་སྐབས་འདིའི་འགྲན་རྩོད་ལ་ཞུགས་ཤིང་། “ང་ཡི་གྲོང་ཁྱེར། ”ཞེས་པའི་བརྩམས་ཆོས་ཀྱི་ཐུན་མོང་མ་ཡིན་པའི་གསར་རྩོམ་འདུ་ཤེས་ཀྱིས་འགྲན་ཞུགས་བརྩམས་ཆོས་ཀུན་ལས་རྣམ་པར་རྒྱལ་ཏེ། སྐབས་འདིའི་འགྲན་རྩོད་ཀྱི་གསར་གཏོད་བྱ་དགའི་རྣམ་གྲངས་ཐད་ཀྱི་ཨང་དང་པོའི་བྱ་དགའ་བླངས་སྟེ། སྤྱི་ཟླ11པའི18ཉིན་རང་རེའི་རྒྱལ་ཁབ་ཀྱི་ཚབ་བྱས་ནས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་སྤྱིའི་འགྲན་བསྡུར་ལ་ཞུགས་ཤིང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཚེས22ཉིན་རྒྱལ་ཁའི་ངང་ཕྱིར་རང་ཡུལ་ཏུ་ལོག
འགྲན་ཞུགས་པ་དང་དགེ་སློབ་རྣམས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com