མཚོ་ནུབ་ཁུལ་གྱི་སོག་བོད་སྨན་ཁང་ཀ་རིམ་པ་གཉིས་པའི་སྨན་ཁང་དུ་བདམས་པ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-18 09:07:00 ཀློག་གྲངས།:

མཚོ་ནུབ་ཁུལ་གྱི་སོག་བོད་སྨན་ཁང་ཀ་རིམ་པ་གཉིས་པའི་སྨན་ཁང་དུ་བདམས་པ།
མཚོ་ནུབ་ཁུལ་གྱི་སོག་བོད་སྨན་ཁང་ཀ་རིམ་པ་གཉིས་པའི་སྨན་ཁང་དུ་བདམས་པ།

      ཉེ་ཆར། མཚོ་ནུབ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲང་ལེས་མེ་ཡིས་ཚན་གཙོ་ཁུར་བ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་འགོ་གཙོ་གཞོན་པ། ཀྲུའུ་རིན་སྨན་པ་དབང་ཆེན་ཚེ་བརྟན་གྱིས་ཚན་གཙོ་གཞོན་པའི་འགན་ཁུར་བའི་སོག་བོད་སྨན་ཁང་ཀ་རིམ་པ་གཉིས་པར་འདེམས་པའི་ཞིབ་དཔྱད་ཆེད་མཁས་ཚོགས་པའི་མཚོ་ནུབ་ཁུལ་གྱི་སོག་བོད་སྨན་ཁང་ལ་ཉིན་གཉིས་རིང་གི་དུས་ཚོད་བརྒྱུད་སྨན་ཁང་གི་ཕྱོགས་ཡོངས་ལ་ཞིབ་བཤེར་རྩིས་ལེན་བྱས།
      ཉིན་གཉིས་ཀྱི་རིང་ལ། ཆེད་མཁས་ཚོགས་པས་གཟབ་ནན་གྱིས་རིམ་པ་གཉིས་པའི་མི་རིགས་སྨན་ཁང་ལ་འདེམས་པའི་ཞིབ་དཔྱད་ཀྱི་རྩ་དོན་ལྟར། སྙན་ཞུ་ལ་ཉན་པ་དང་། ཡིག་ཆ་ཀློག་པ། ལས་ཡུལ་དངོས་ལ་ཞིབ་བཤེར། ཁ་བརྡ་སོགས་ཀྱི་རྣམ་པ་བརྒྱུད་ནས། སོག་བོད་སྨན་ཁང་གི་རྒྱ་ཁྱོན་དང་། སྨན་ཁང་གི་དོ་དམ། སྨན་བཅོས་ལས་སྒོ། སྨན་པའི་ཀུན་སྤྱོད། སྨན་ཁང་གི་ཞབས་ཞུ་དང་རིག་གནས་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ལ་གཟབ་ནན་གྱི་སྒོ་ནས་ཞིབ་བཤེར་བྱས། 
      དཔྱད་འདེམས་ཆེད་མཁས་ཚོགས་པས། ཁུལ་སོག་བོད་སྨན་ཁང་གི་དོ་དམ་ལེགས་པ་དང་། སྒྲིག་ལམ་ཆ་ཚང་བ། ཚན་ཁག་སོ་སོའི་འཛུགས་སྐྲུན་འབུར་ཐོན་ཡིན་པ། སོག་བོད་ཀྱི་སྨན་གྱི་ཁྱད་ཆོས་ཁྱད་མཚར་བ། སོག་བོད་ཀྱི་སྨན་ཁང་གི་རིག་གནས་འཛུགས་སྐྲུན་རྫོང་མཐུག་པ། སྨན་ཁང་ཡོངས་ཀྱི་ལས་བཟོ་བའི་མཐུན་སྒྲིལ་གྱི་འདུ་ཤེས་ལེགས་པས། མཚོ་ནུབ་ཁུལ་གྱི་སོག་བོད་སྨན་ཁང་ཀ་རིམ་པ་གཉིས་པའི་སྨན་ཁང་དུ་བདམས་པར་ཡིད་མཐུན་བྱུང་།
      ཆེད་མཁས་ཚོགས་པས་ད་དུང་སྨན་ཁང་གི་མི་ཤུགས་ཐོན་ཁུངས་དང་། ནད་པ་མྱུར་བཅོས་ནུས་པ། ནད་ཀྱི་རྒྱུ་རྐྱེན་ཞིབ་བཤེར་བྱེད་པ་དང་། རྒྱ་ཁྱོན་དང་སྒྲིག་ཆས་ཀྱི་ནུས་པ་སོགས་ཀྱི་ཐད་ན་གནས་པའི་གནད་དོན་ལ་ལེགས་བཅོས་བྱེད་དགོས་པ་དང་། སྨན་ཁང་གིས་ད་ཐེངས་ཀྱི་རིམ་པ་བརྒལ་བའི་གོ་སྐབས་འདི་གཙིགས་སུ་བཟུང་ནས། བྱ་བ་ནན་ཏན་གྱིས་བསྒྲུབ་ཏེ། ཧུར་བརྩོན་གྱིས་སྨན་ཁང་གི་སྨན་བཅོས་ལག་རྩལ་དང་། ཞབས་ཞུའི་ཆུ་ཚད། ཆེད་མཁས་པའི་ཚན་ཁག་དར་སྤེལ་སོགས་ཀྱི་ཕྱོགས་ལ་ཐོད་བརྒལ་གསར་བ་ཞིག་འབྱུང་དགོས་པའི་རེ་བ་བཏོན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།