བོད་ཡིག་སོགས་མི་རིགས་བདུན་གྱི་སྐད་ཡིག་གི་ལོ་ཙཱའི་རམ་འདེགས་མཉེན་ཆས་ཞིབ་འཇུག་གསར་སྤེལ་ལེགས་སུ་གྲུབ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2013-12-23 10:57:00 ཀློག་གྲངས།:
      ཟླ12པའི་ཚེས19ཉིན། རྒྱལ་ས་པེ་ཅིན་དུ་བསྡུས་པའི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མི་རིགས་སྐད་ཡིག་ལོ་ཙཱའི་རམ་འདེགས་མཉེན་ཆས་གྲུབ་འབྲས་ཁྱབ་སྤེལ་ཚོགས་འདུ་ལས་ཤེས་གསལ་བྱུང་བ་ལྟར་ན། ཀྲུང་གོའི་སྐད་ཡིག་བདུན་དང་མི་རིགས་སྐད་ཡིག་གི་ལོ་ཙཱའི་རམ་འདེགས་མཉེན་ཆས་སྣ་ཁ16ཞིབ་འཇུག་གསར་སྤེལ་ལེགས་འགྲུབ་བྱུང་།
      མཚམས་སྦྱོར་བྱས་པ་ལྟར་ན། འབྲེལ་ཡོད་ཞིབ་འཇུག་གསར་སྤེལ་བྱ་བ་ནི་ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙཱ་ཅུས་གཙོ་སྒྲུབ་བྱས་ཏེ་ལེགས་འགྲུབ་བྱུང་བ་ཡིན་ལ། སོག་ཡིག་དང་བོད་ཡིག ཡུ་གུར་རིགས་ཀྱི་སྐད་ཡིག ཧ་སག་རིགས་ཀྱི་སྐད་ཡིག ཁྲའོ་ཞན་རིགས་ཀྱི་སྐད་ཡིག་དང་དབྱིས་རིགས་ཀྱི་སྐད་ཡིག ཀྲོང་རིགས་ཀྱི་སྐད་ཡིག་བཅས་མི་རིགས་བདུན་གྱི་སྐད་ཡིག་གི་ལོ་ཙཱའི་རམ་འདེགས་མཉེན་ཆས་དང་། དེའི་ནང་དབྱིས་རིགས་ཀྱི་སྐད་ཡིག་གློག་རྡུལ་ཚིག་མཛོད་དང་ལོ་ཙཱའི་རམ་འདེགས་མཉེན་ཆས་དང་། ཀྲོང་རིགས་ཀྱི་སྐད་ཡིག་གློག་རྡུལ་ཚིག་མཛོད་དང་ལོ་ཙཱའི་རམ་འདེགས་མཉེན་ཆས། སོག་ཡིག་དང་བོད་ཡིག ཡུ་གུར་རིགས་ཀྱི་སྐད་ཡིག ཧ་སག་རིགས་ཀྱི་སྐད་ཡིག ཁྲའོ་ཞན་རིགས་ཀྱི་སྐད་ཡིག་གློག་རྡུལ་ཚིག་མཛོད་དང་ལོ་ཙཱའི་རམ་འདེགས་མཉེན་ཆས་སོགས་འདུས།
      ཁྱབ་སྤེལ་ཚོགས་འདུའི་སྟེང་། ནང་སོག་དང་ཅི་ལིན། སི་ཁྲོན། ཡུན་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཞིན་ཅང་བཅས་ཞིང་ལྗོངས་བརྒྱད་ལ་རིན་ཐང་སྒོར་ཁྲི112ཀྱི་སོག་ཡིག་དང་བོད་ཡིག ཡུ་གུར་རིགས་ཀྱི་སྐད་ཡིག ཧ་སག་རིགས་ཀྱི་སྐད་ཡིག་དང་ཁྲའོ་ཞན་རིགས་ཀྱི་སྐད་ཡིག་གི་མི་རིགས་སྐད་ཡིག་ལོ་ཙཱའི་རམ་འདེགས་མཉེན་ཆས280འགྲེམ་གཏོང་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།