མཚོ་ལྷོ་ཁུལ་ཨ་མ་ལོ་ལོ་སྒྲ་བརྙན་སྒྲིག་བཟོ་ལྟེ་གནས་ཀྱི་ལས་སྒོ་ཕྱེ་བའི་མཛད་སྒོ་སྤེལ།
མཚོ་ལྷོ་ཁུལ་ཨ་མ་ལོ་ལོ་སྒྲ་བརྙན་སྒྲིག་བཟོ་ལྟེ་གནས་ཀྱི་ལས་སྒོ་ཕྱེ་བའི་མཛད་སྒོ།
འབྲེལ་ཡོད་འགོ་ཁྲིད་མཚོ་ལྷོ་ཁུལ་ཨ་མ་ལོ་ལོ་སྒྲ་བརྙན་སྒྲིག་བཟོ་ལྟེ་གནས་ཀྱི་ལས་སྒོ་ཕྱེ་བའི་མཛད་སྒོར་ཞུགས།
ཟླ12པའི་ཚེས23ཉིན། མཚོ་ལྷོ་ཁུལ་ཨ་མ་ལོ་ལོ་སྒྲ་བརྙན་སྒྲིག་བཟོ་ལྟེ་གནས་ཀྱིས་དངོས་སུ་ལས་སྒོ་ཕྱེ་བའི་མཛད་སྒོ་སྤེལ་ཞིང་འབྲེལ་ཡོད་འགོ་ཁྲིད་དག་མཛད་སྒོར་ཞུགས།
གཏམ་བཤད་སྤེལ་བ།
སྒྲ་བརྙན་སྒྲིག་སྦྱོར་ཁང་།
མཚོ་ལྷོ་ཁུལ་ཨ་མ་ལོ་ལོ་སྒྲ་བརྙན་སྒྲིག་བཟོ་ལྟེ་གནས་ནི་ཆེད་ལས་ལག་རྩལ་པ་སྐོར་ཅིག་གིས་ལོ་ངོ་དུ་མའི་ལག་ལེན་ཉམས་མྱོང་གི་སྟེང་རྒྱ་བསྐྱེད་ནས་ཚིགས་པ་ཞིག་ཡིན་ཞིང་། དེང་རབས་ཆེས་སྔོན་ཐོན་གྱི་སྒྲིག་བཟོ་ལག་རྩལ་དང་ལག་ཆ་ཁ་ཚང་འདུས་པ་ཞིག་ཀྱང་ཡིན། དེའི་གཙོ་བོ་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་། སྤྱི་ཚོགས་ཤེས་ཡོན་ཅན་དུ་འགྱུར་བཞིན་པའི་གནས་སྟངས་ལ་ཞབས་འདེགས་ཞུ་བ། གཞན་ས་གནས་དམིགས་བསལ་ཅན་གྱི་བརྡ་འཕྲིན་ཞབས་ཞུ་ལ་ཁ་གསབ་བྱེད་ཐུབ་ཀྱི་ཡོད་ཅིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚད་ཡོད་ལས་ཁུངས་ཤིག་ཀྱང་ཡིན། ཞབས་ཞུའི་རྣམ་གྲངས་ལ། བརྙན་རིས་སྒྲིག་སྦྱོར་དང་། དུས་སྟོན་དང་གཉེན་སྟོན་བརྙན་ལེན་བྱེད་པ། དཔང་ཡིག་དང་ཚོན་ལྡན་འདྲ་པར་ཇུས་བཀོད་བྱེད་པ། འོད་འཁོར་ཇུས་བཟོ་འགྲེམ་སྤེལ་བགྱི་བ། གར་སྟེགས་ཇུས་འགོད་སོགས་འཛད་སྤྱོད་པའི་དགོས་མཁོ་ལྟར་དུ་རོགས་ཕན་གང་བདེར་བྱེད་ཡོད།
སྒྲ་བརྙན་སྒྲིག་སྦྱོར་ཁང་།
སྒྲིག་བཟོ་ཁང་།
སྡོད་གནས། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་བྲག་དཀར་ལམ་རྒྱས་སྤྲས་ཚོ་བའི་ཐོག་ཁང8པའི་ཁང་ཚན1པོའི101།(海南州恰卜恰镇直亥巷上城豪苑8号楼1单元101室)
ཁ་པར། 0974-8532223
བརྙན་སྐྱེལ(传真)། 0974-8532223
ཡིག་ཟམ། ww.amllys@126.com
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com