ངོས་དང་པོ > སྐབས་དོན། > སྣ་ཚོགས། > རྨ་ལྷོ་ཁུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་བཞི་ཞིང་ཆེན་རིམ་པའི་མིང་ཐོར་ཚུད།
རྨ་ལྷོ་ཁུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས་བཞི་ཞིང་ཆེན་རིམ་པའི་མིང་ཐོར་ཚུད།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-26 11:26:00
ཀློག་གྲངས།:
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་ཁྲིམས་སྲོལ》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་འབྲེལ་ཡོད་རང་རྒྱལ་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་བར་ཤུགས་སྣོན་པའི་བསམ་འཆར》གྱི་དགོངས་ཚུལ་ལྟར། ད་ལོའི་ཟླ5བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རི་གནས་ལུས་རྩལ་ཅུས་རང་འགུལ་གྱིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཡར་ཞུ་བྱས་པའི་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས15ཡི་མིང་ཐོ་ཁྲོད། གཅན་ཚ་རྫོང་གི་སྲོལ་རྒྱུན་རོལ་མོ་སྟེ་ཨ་ཁྱུང་གནམ་རྫོང་གི་མ་ཎིའི་དབྱངས་རྟ་དང་། ཐུན་རིན་རྫོང་གི་སྲོལ་རྒྱུན་ལུས་རྩལ་ཏེ་རེབ་གོང་རྟ་རྩལ། རྨ་ལྷོའི་སོག་རྫོང་གི་སྲོལ་རྒྱུན་ནུས་རྩལ་ཏེ་སོག་པོའི་གུར་གྱི་བཟོ་རྩལ། གཅན་ཚ་རྫོང་གི་དམངས་སྲོལ་ཏེ་གཅན་ཚའི་མདའ་སྟོན་བཅས་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་ལྡན་པའི་རྣམ་གྲངས་བཞི་ནི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཐེངས་བཞི་བའི་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཚབ་མཚོན་རྣམ་གྲངས་ཀྱི་མིང་ཐོར་བཞག་པ་ཁྱབ་བསྒྲགས་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།