ངོས་དང་པོ > སྐབས་དོན། > སྣ་ཚོགས། > བོད་རྒྱ་སྐད་གཉིས་ཀྱི་ས་ཁྲ་ཐོག་མ་སྟེ《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁྲ་ཕྱོགས་སྒྲིག》པར་དུ་བསྐྲུན།
བོད་རྒྱ་སྐད་གཉིས་ཀྱི་ས་ཁྲ་ཐོག་མ་སྟེ《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁྲ་ཕྱོགས་སྒྲིག》པར་དུ་བསྐྲུན།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-12-27 11:22:00
ཀློག་གྲངས།:
ཟླ12པའི་ཚེས24ཉིན། ཀན་སུའུ་ཞིང་ཆེན་ས་རྒྱུས་ཆ་འཕྲིན་ཐིག་འབྲི་ཅུའུ་དང་། ཀན་སུའུ་ཞིང་ཆེན་རྨང་གཞིའི་ས་རྒྱུས་ཆ་འཕྲིན་ལྟེ་གནས། ཀྲུང་གོའི་ས་ཁྲའི་པར་བསྐྲུན་ཁང་བཅས་ཀྱིས་བསྒྲིགས་པའི《ཀན་ལྷོའི་ས་ཁྲ་ཕྱོགས་སྒྲིག》དངོས་སུ་པར་བསྐྲུན་བྱས་ཤིང་། དེ་ནི་ཀན་སུའུ་ཞིང་ཆེན་གྱི་རྒྱ་བོད་སྐད་གཉིས་ཀྱི་ས་ཁྲ་ཕྱོགས་སྒྲིག་གི་དཔེ་དེབ་ཐོག་མ་ཡིན་པ་རེད།
ས་ཁྲ་ཕྱོགས་སྒྲིག་ཁྲོད་གནས་སྐོར་དང་། གཏེར་རྫས། ཆུ་གློག གསོ་རིག ཕྱུགས་ལས་སོགས་ཀྱི་ཐོན་ཁུངས་ཀྱི་དགེ་མཚན་བརྗོད་ཡོད་ལ། ཁ་དོག་དང་མཚོན་རྟགས་ཀྱི་ཇུས་འགོད་ཐད་ཡུལ་ཁོངས་ཀྱི་ཁྱད་ཆོས་མངོན་པར་དོད་པ་སྟེ། ཀན་ལྷོའི་རྩྭ་ཐང་མཚོན་བྱེད་དུ་མདོག་ལྗང་ཁུ་དང་། དགོན་སྡེ་མཚོན་བྱེད་དུ་མདོག་དམར་པོ། ནམ་མཁའ་མཚོན་བྱེད་དུ་མདོག་སྔོན་པོ་བཅས་མདོག་གསུམ་བླངས་ཐོག བཀྲ་ཤིས་རྟགས་བརྒྱད་དང་། སྦྲ་གུར། འབྲོག་པ་སོགས་ཚབ་མཚོན་རང་བཞིན་གྱི་རི་མོ་དག་ས་ཁྲའི་བརྗོད་བྱ་དང་འབྲེལ་ནས་ཇུས་འགོད་བྱས་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།