སྐབས་གསུམ་པའི་ཁམས་བོད་རིག་གནས་ཞིབ་འཇུག་གླེང་སྟེགས་ཁྲིན་ཏུའུ་རུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-31 10:40:00 ཀློག་གྲངས།:
      སྤྱི་ཟླ12པའི་ཚེས28ཉིན། སྐབས་གསུམ་པའི་ཁམས་བོད་རིག་གནས་ཞིབ་འཇུག་གླེང་སྟེགས་ཁྲིན་ཏུའུ་རུ་བསྡུས་པ་རེད། རྒྱུས་ལོན་པ་ལྟར་ན། ལྷོ་ནུབ་མི་རིགས་སློབ་ཆེན་དང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་སྐབས་འདིའི་གླེང་སྟེགས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ཀན་སུའུ་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་སོགས་རྒྱལ་ནང་གི་མཐོ་རིམ་སློབ་ཆེན་དང་ཚན་ཞིབ་ལས་ཁུངས་ཀྱི་ཆེད་མཁས་པ་དང་ཤེས་ཡོན་པ70ལྷག་ཞུགས་ཡོད་ཅིང་། གླེང་སྟེགས་སུ་ཁམས་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་རིག་གནས་འཕེལ་རྒྱས་ཁྲོད་ཀྱི་འགྱུར་ལྡོག་གསར་བ་དང་། ཁྱད་ཆོས་གསར་བ། ཁ་ཕྱོགས་གསར་བ་སོགས་ཀྱི་ཐད་ནས་གཏིང་ཟབ་པར་གླེང་མོལ་གནང་བ་དང་ཆབས་ཅིག  ཁམས་བོད་ས་ཁུལ་གྱི་ཁྱད་འཕགས་རིག་གནས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས་ཐད་ཞིབ་དཔྱོད་འབྲེལ་འདྲིས་བྱས།
      སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་མི་རིགས་དང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞུ་ཤོའུ་ཧྲུས་བསམ་དོན། སྲུང་སྐྱོང་རང་བཞིན་གྱི་གཏོར་བརླག་དང་འཛུགས་སྐྲུན་རང་བཞིན་གྱི་གཏོར་བརླག་ཐད་ཞིབ་མདང་ཟབ་མོ་རྒྱག་དགོས་ཏེ། དེ་ནི་དངོས་ཡོད་དང་ཁ་བྲལ་ཞིང་བསམ་བློ་ཁྲག་འཛིན་ནམ། ཡང་ན་སྲུང་སྐྱོབ་ལ་སྣང་མེད་དང་ཐོན་ལས་ལ་དོ་སྣང་བྱས་པའི་རྐྱེན་ཙམ་དུ་འཇུག་མི་རུང་། ཆེས་ལེགས་པའི་ཐབས་ཤེས་ནི་ཁྱད་ལྡན་རིག་གནས་སྲུང་སྐྱོང་དང་རིག་གནས་ཐོན་ལས་འཕེལ་རྒྱས་མཉམ་རྒྱལ་གྱི་ལམ་བུ་ཞིག་འཚོལ་སྙེག་བྱེད་དགོས་པ་ཡིན། བོད་ཁུལ་རིག་གནས་ཐོན་ལས་ལ་དཔལ་འབྱོར་ཐོན་ལས་ཀྱི་ངོ་བོ་ལྡན་པ་མ་ཟད། ལས་རིགས་ཀྱི་ངོ་བོའང་ཤུགས་དྲག་གིས་ལྡན་ཡོད། དེར་བརྟེན་ཐོན་ལས་དང་ལས་རིགས་མཉམ་དུ་འཕེལ་རྒྱས་བྱེད་དགོས་ཤིང་། ཐོན་ལས་དང་ལས་རིགས་གཅིག་གྱུར་གྱི་མ་ལག་ཅིག་མངོན་འགྱུར་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་ཁེ་ཕན་ཏག་ཏག་ལས་སྤྱི་ཚོགས་ཀྱི་རིག་གནས་གནད་དོན་དང་ཁྱད་ལྡན་རིག་གནས་ཐོན་ཁུངས་ཀྱི་གཏོར་བརླག་སྔོན་འགོག་བྱེད་དགོས།
      ཐེངས་འདིའི་གླེང་སྟེགས་ནི་དུས་ཡུན་ཉིན་གཉིས་ལ་སྤེལ་ཞིང་། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་རིག་གནས་ཐོན་ལས་བརྗོད་དོན་དུ་བཟུང་སྟེ། བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་དོན་གྱི་ཁྱད་ཆོས་དང་རྒྱུན་འཛིན། བོད་ཀྱི་གནའ་དཔེ་ཡིག་ཚགས་ཀྱི་གསོན་ཉམས་རང་བཞིན་སྲུང་སྐྱོང་དང་རྒྱུན་འཛིན། བོད་ཁུལ་གྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་དང་མ་ལག རིག་གནས་སྲུང་སྐྱོབ་དང་བོད་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་ཀྱི་གཅིག་རྟེན་འབྲེལ་བ། བོད་ཁུལ་གྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་དང་དེང་རབས་ཅན་གྱི་འཐབ་ཇུས་ཞིབ་འཇུག  རིག་གནས་ཐོན་ལས་ལས་མི་རིགས་ས་ཁུལ་གྱི་གདོང་འདེགས་ཐོན་ལས་བསྐྲུན་པའི་བསམ་ཕྱོགས་སོགས་ཀྱི་ཐད་ནས་གཏིང་ཟབ་དང་ཆ་ཚང་བའི་སྒོ་ནས་བགྲོ་གླེང་མཛད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།